ཁྲེལ་མེད་དགའ་རོགས།

ངས་ཁྱོད་ལ་སེམས་པ་དམར་རྗེན་སྟོན་ཀྱང༌།
ཁྱོད་ཀྱིས་གློ་མཆིན་ལས་སྟོན་མི་སྲིད།
ངས་ཁྱོད་ལ་མར་རྩམ་སྟེར་ཀྱང༌།
ཁྱོད་ཀྱིས་ཆུ་རྐྱང་ལས་ལྡུད་མི་སྲིད།

ད་དུང༌། བཟོ་སྐྲུན་དང་གློག་སྒྲོན་གྱིས།
ངའི་མིག་མདངས་འཕྲོག་བྱུང༌།
ཁྱོད་ཀྱིས་རྩེད་ཞོར་དང་དགོད་ཞོར་ལ།
ངའི་རུམ་ལ་བཅུག་པའི་རིན་ཆེན་ནོར་བུ་ལེན་ན་འདོད་བྱུང༌།
བརྩེ་དུང་དང་བྱམས་སེམས་ཀྱི་དབུལ་བའི་ཁྲེལ་མེད་དགའ་རོགས།

ངས་དབུ་བསྒུར་བསྒུར་དང་ཉྭ་ཞ་ཞ་ཅི་ཙམ་བྱས་རུང༌།
ཁྱོད་ཀྱིས་སྡང་མིག་ལས་མི་བལྟ།
ངས་ཁྱོད་ལ་གཡར་མྱོང་བའི་ནམ་མཁའ་དང་དྲངས་གཙང་གི་མཁའ་དབུགས།
དྲོད་འཇམ་གྱི་མལ་ས་དག་ཡུན་གྱི་འཕྲོག་ན་འདོད་བྱུང་ངམ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲེལ་མེད་དགའ་རོགས།

2009-01-13 དཔྱིད་མྱུག ཀློག་གྲངས། མཆན ཡོད།

ངས་ཁྱོད་ལ་སེམས་པ་དམར་རྗེན་སྟོན་ཀྱང༌།
ཁྱོད་ཀྱིས་གློ་མཆིན་ལས་སྟོན་མི་སྲིད།
ངས་ཁྱོད་ལ་མར་རྩམ་སྟེར་ཀྱང༌།
ཁྱོད་ཀྱིས་ཆུ་རྐྱང་ལས་ལྡུད་མི་སྲིད།

ད་དུང༌། བཟོ་སྐྲུན་དང་གློག་སྒྲོན་གྱིས།
ངའི་མིག་མདངས་འཕྲོག་བྱུང༌།
ཁྱོད་ཀྱིས་རྩེད་ཞོར་དང་དགོད་ཞོར་ལ།
ངའི་རུམ་ལ་བཅུག་པའི་རིན་ཆེན་ནོར་བུ་ལེན་ན་འདོད་བྱུང༌།
བརྩེ་དུང་དང་བྱམས་སེམས་ཀྱི་དབུལ་བའི་ཁྲེལ་མེད་དགའ་རོགས།

ངས་དབུ་བསྒུར་བསྒུར་དང་ཉྭ་ཞ་ཞ་ཅི་ཙམ་བྱས་རུང༌།
ཁྱོད་ཀྱིས་སྡང་མིག་ལས་མི་བལྟ།
ངས་ཁྱོད་ལ་གཡར་མྱོང་བའི་ནམ་མཁའ་དང་དྲངས་གཙང་གི་མཁའ་དབུགས།
དྲོད་འཇམ་གྱི་མལ་ས་དག་ཡུན་གྱི་འཕྲོག་ན་འདོད་བྱུང་ངམ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།