ཉི་འོད་འོག་གི་འཚོ་བ།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-13

སུ་ཞིག་ནི་མཚན་མོའི་མ་ཡུམ་ཡིན
སུ་ཞིག་ནི་ངའི་དུང་གི་སོ་ཕྲེང་ཡིན
སུ་ཞིག སུ་ཞིག
སུ་ཞིག་ནི་ཚེ་ཡི་མེ་སྟག་ཡིན

མཚན་མོའི་མིག་ནག་པོས
སྐར་མའི་མཚོ་མོ་ཞིག་བསྐྱིལ
མཆོད་སྡོང་རྩེ་ཡི་མེ་ལྕེ་ལེབ་མོ
སུ་ཞིག་གིས་བཅིབས་ཏེ་དག་པའི་ཞིང་ལ་ཆས

ངའི་རྟ་ཕོ
འཚེར་སྐད་ལྷང་ལྷང་གི
ངའི་རྟ་ཕོས
རྨིག་རྩེས་མེ་ཏོག་བསྒྲུག་སྟེ
ང་ལ་ཕུལ
དེ་ནི་ངའི་ཆུང་མའི་ལག་གི
ཟས་ཕུད་འདྲ

སླར་ཡང
མཚན་མོའི་མིག་ནག་པོས
ང་ལ
བརྩེ་བ་ལྷོད་ལྷོད་ཀྱི
འཆི་བ་བསྐྱལ་འོང
དེ་ནི་ངའི་གཅེས་པའི་བུ་ཆུང་གི
དྲེག་པས་མ་ཟིན་པའི་ལག་པ་འདྲ

སྡུག་བསྔལ་གྱི་སྙན་ངག
བདེ་སྐྱིད་ཀྱི་སྙན་ངག
ཉི་འོད་འོག་གི་འཚོ་བ
ངའི་ལང་ཚོ་བལྡག་པའི་ཐ་སྙད
ང་ལ་མཚན་མོ་ཁོ་ན་དབང་བར་མཛོད
ང་ལ་འཆི་བྱམས་བརྩེ་ཐོབ་པར་ཞུ 
                   ༢༠༠༧.༡༠.༡༡ཞོགས་པར་ལན་གྲུ་ནས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་འོད་འོག་གི་འཚོ་བ།

2009-01-13 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

སུ་ཞིག་ནི་མཚན་མོའི་མ་ཡུམ་ཡིན
སུ་ཞིག་ནི་ངའི་དུང་གི་སོ་ཕྲེང་ཡིན
སུ་ཞིག སུ་ཞིག
སུ་ཞིག་ནི་ཚེ་ཡི་མེ་སྟག་ཡིན

མཚན་མོའི་མིག་ནག་པོས
སྐར་མའི་མཚོ་མོ་ཞིག་བསྐྱིལ
མཆོད་སྡོང་རྩེ་ཡི་མེ་ལྕེ་ལེབ་མོ
སུ་ཞིག་གིས་བཅིབས་ཏེ་དག་པའི་ཞིང་ལ་ཆས

ངའི་རྟ་ཕོ
འཚེར་སྐད་ལྷང་ལྷང་གི
ངའི་རྟ་ཕོས
རྨིག་རྩེས་མེ་ཏོག་བསྒྲུག་སྟེ
ང་ལ་ཕུལ
དེ་ནི་ངའི་ཆུང་མའི་ལག་གི
ཟས་ཕུད་འདྲ

སླར་ཡང
མཚན་མོའི་མིག་ནག་པོས
ང་ལ
བརྩེ་བ་ལྷོད་ལྷོད་ཀྱི
འཆི་བ་བསྐྱལ་འོང
དེ་ནི་ངའི་གཅེས་པའི་བུ་ཆུང་གི
དྲེག་པས་མ་ཟིན་པའི་ལག་པ་འདྲ

སྡུག་བསྔལ་གྱི་སྙན་ངག
བདེ་སྐྱིད་ཀྱི་སྙན་ངག
ཉི་འོད་འོག་གི་འཚོ་བ
ངའི་ལང་ཚོ་བལྡག་པའི་ཐ་སྙད
ང་ལ་མཚན་མོ་ཁོ་ན་དབང་བར་མཛོད
ང་ལ་འཆི་བྱམས་བརྩེ་ཐོབ་པར་ཞུ 
                   ༢༠༠༧.༡༠.༡༡ཞོགས་པར་ལན་གྲུ་ནས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།