བོད་པ་ཚང་།ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་གང་།

ཕྱོགས་ཕྱོགས་ནས་གཡུག་ཡོང་བའི་རླུང་བུ
ཐག་རིང་ནས་ཁུར་ཡོང་བའི་ལོ་མ
གཙང་བོས་ཁྱེར་ཡོང་བའི་གད་སྙིགས་ཀྱི་ཕུང་བོ
གང་ལ་བལྟས་ཀྱང་ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་ཡིན་མི་སྲིད

བྲག་གོག་དེའི་སྟེང་གི་གསལ་ལ་མི་གསལ་བའི་སྡེར་ཤུལ
རྩྭ་ཐང་དུ་ལུས་པའི་འབྲོང་མགོ་སྐམ་པོ
རི་རྩེ་ན་སྐྱོད་བཞིན་པའི་དར་ལྕོག་རལ་བོ
དེའི་མཐའ་འཁོར་དུ་ཡོད་པའི་གཞི་བདག་གི་ཚོགས
ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་ཨེ་ཡིན

ལྷ་སའི་ཁྲོམ་གྱི་ནང་མ་ཁང་དག་གི་ཕྱི་ཤུན
བར་སྐོར་གྱི་འཚང་ཁ་ཤིག་ཤིག་གི་མི་ཚོགས
ཁ་དོག་མི་མཚུངས་པའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཚོང་རྫས
རྒྱ་གྲོང་སོ་སོ་ནས་འབྱོར་བའི་སྨད་ཚོང་བའི་རུ་དཔུང་
མཇལ་ས་སྐོར་ས་མང་བའི་སེ་འབྲས་དགེ་གསུམ་གྱི་མཐའ་འཁོར
ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་ཨེ་ཡིན

ཉི་མའི་དྲོད་ཁོལ་མི་རྟོགས་པའི་བྱ་དང་བྱིའུ
ནམ་ཟླའི་འགྱུར་ལྡོག་མི་ཚོར་བའི་འབུ་དང་གྲོག་མ
གཉའ་ཁྲི་བཙན་པོའི་ཤུལ་གྱི་རྩྭ་ཐང་དང་དང་སྤང་གཤོང་
ནོར་གནག་དང་དེའི་འགྲམ་གྱི་རྫི་བོ་ཁེར་རྐྱང་
ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་ཨེ་ཡིན

ཁོད་ཡངས་པའི་ནམ་མཁའ་དང་སྤྲིན་དཀར
དེ་ལས་ཟགས་འོང་བའི་ཆར་ཆུའི་ཐིགས་པ་རེ
རླུང་གིས་སྐྱོར་བཞིན་པའི་སྦྲ་ནག
མེ་འོད་ལམ་ལམ་གི་ས་སྒྱེད
ཁྱོད་ཀྱིས་ང་ལ་སྦྱིན་པའི་ཁ་དོག་དེ་ཨེ་ཡིན

པར་ཆས་ཐོགས་པའི་སྐྲ་སེར་མིག་ལྗང་དག
ཁོང་ཚོ་སོང་ཤུལ་གྱི་ཕ་ཡུལ་གྱི་གཞིས་ཀ
ཁྱོན་ཡངས་པོར་འཁོར་འོང་བའི་དམ་བུ
ཤོལ་བུ རྐང་རྗེས་རབ་རུབ
ལག་པས་སྙོབ་ཐབས་བྲལ་བའི་ཁྱོད་ཀྱི་རང་གཟུགས
ཁྱོད་ཀྱིས་ང་ལ་བཞག་པའི་ལྗོངས་རྒྱུ་བྱེད་ས་དེ་ཨེ་ཡིན

ཐག་ཉེ་རིང་གང་ནས་བལྟས་རྗེས
ཁྱོད་ཀྱི་རང་གཟུགས་ངོ་མ་དེ་ག་པར་མཆིས
ཁྱོད་ཀྱིས་གོམ་པ་སྤོ་སའི་ས་གཞི་གོར་མོ
ཅི་ཞིག་གིས་མཚོན་པར་བྱེད་ཆོག 
      ༢༠༠༧.༡༢.༡༥དགོང་མོ་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་པ་ཚང་།ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་གང་།

2009-01-13 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

ཕྱོགས་ཕྱོགས་ནས་གཡུག་ཡོང་བའི་རླུང་བུ
ཐག་རིང་ནས་ཁུར་ཡོང་བའི་ལོ་མ
གཙང་བོས་ཁྱེར་ཡོང་བའི་གད་སྙིགས་ཀྱི་ཕུང་བོ
གང་ལ་བལྟས་ཀྱང་ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་ཡིན་མི་སྲིད

བྲག་གོག་དེའི་སྟེང་གི་གསལ་ལ་མི་གསལ་བའི་སྡེར་ཤུལ
རྩྭ་ཐང་དུ་ལུས་པའི་འབྲོང་མགོ་སྐམ་པོ
རི་རྩེ་ན་སྐྱོད་བཞིན་པའི་དར་ལྕོག་རལ་བོ
དེའི་མཐའ་འཁོར་དུ་ཡོད་པའི་གཞི་བདག་གི་ཚོགས
ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་ཨེ་ཡིན

ལྷ་སའི་ཁྲོམ་གྱི་ནང་མ་ཁང་དག་གི་ཕྱི་ཤུན
བར་སྐོར་གྱི་འཚང་ཁ་ཤིག་ཤིག་གི་མི་ཚོགས
ཁ་དོག་མི་མཚུངས་པའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཚོང་རྫས
རྒྱ་གྲོང་སོ་སོ་ནས་འབྱོར་བའི་སྨད་ཚོང་བའི་རུ་དཔུང་
མཇལ་ས་སྐོར་ས་མང་བའི་སེ་འབྲས་དགེ་གསུམ་གྱི་མཐའ་འཁོར
ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་ཨེ་ཡིན

ཉི་མའི་དྲོད་ཁོལ་མི་རྟོགས་པའི་བྱ་དང་བྱིའུ
ནམ་ཟླའི་འགྱུར་ལྡོག་མི་ཚོར་བའི་འབུ་དང་གྲོག་མ
གཉའ་ཁྲི་བཙན་པོའི་ཤུལ་གྱི་རྩྭ་ཐང་དང་དང་སྤང་གཤོང་
ནོར་གནག་དང་དེའི་འགྲམ་གྱི་རྫི་བོ་ཁེར་རྐྱང་
ཁྱོད་ཀྱིས་ང་ལ་སྦྱིན་པའི་ལྡེ་མིག་དེ་ཨེ་ཡིན

ཁོད་ཡངས་པའི་ནམ་མཁའ་དང་སྤྲིན་དཀར
དེ་ལས་ཟགས་འོང་བའི་ཆར་ཆུའི་ཐིགས་པ་རེ
རླུང་གིས་སྐྱོར་བཞིན་པའི་སྦྲ་ནག
མེ་འོད་ལམ་ལམ་གི་ས་སྒྱེད
ཁྱོད་ཀྱིས་ང་ལ་སྦྱིན་པའི་ཁ་དོག་དེ་ཨེ་ཡིན

པར་ཆས་ཐོགས་པའི་སྐྲ་སེར་མིག་ལྗང་དག
ཁོང་ཚོ་སོང་ཤུལ་གྱི་ཕ་ཡུལ་གྱི་གཞིས་ཀ
ཁྱོན་ཡངས་པོར་འཁོར་འོང་བའི་དམ་བུ
ཤོལ་བུ རྐང་རྗེས་རབ་རུབ
ལག་པས་སྙོབ་ཐབས་བྲལ་བའི་ཁྱོད་ཀྱི་རང་གཟུགས
ཁྱོད་ཀྱིས་ང་ལ་བཞག་པའི་ལྗོངས་རྒྱུ་བྱེད་ས་དེ་ཨེ་ཡིན

ཐག་ཉེ་རིང་གང་ནས་བལྟས་རྗེས
ཁྱོད་ཀྱི་རང་གཟུགས་ངོ་མ་དེ་ག་པར་མཆིས
ཁྱོད་ཀྱིས་གོམ་པ་སྤོ་སའི་ས་གཞི་གོར་མོ
ཅི་ཞིག་གིས་མཚོན་པར་བྱེད་ཆོག 
      ༢༠༠༧.༡༢.༡༥དགོང་མོ་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།