སྙན་ངག་རིང་མོ། ཐག་རིང་ལ་སྤྱུགས་པའི་རྣམ་ཤེས་ཀྱི་སྐད་ཆ།

རི་རབ་མག་མོག་གི་ཁ་སང་གི་ཡུལ་ལྗོངས་ནི་ང་ཚོའི་དྲན་པ་གཟིར་བྱེད་ཀྱི་ཡུལ་ལྗོངས་ཞིག
རྩྭ་ཐང་ན་རྒས་ཤིང་འཁོགས་པའི་ཁེར་རྐྱང་གི་ལོ་ལོན་ཚོས
མིག་ཆུ་མང་བོ་ཞིག་ལྷ་ལྷ་མོར་མཆོད་ལ
རེ་འདུན་ཁྲི་ཕྲག་གི་རླུང་རྟ་ལེབ་མོ་ཡང་ལྷ་ལྷ་མོར་ཕུལ་མྱོང
རང་གི་སྒལ་ཚིགས་དང་འབྲེལ་ནས་ཡོད་པའི་སྲོལ་རྒྱུན་གྱིས
ཚེ་སྲོག་གི་ཕ་མཐའ་ཀུན་ནས་བསྐོར་བའི་རྩྭ་ཐང་ལ
ཡིད་ཆེས་ལྗིད་པོ་ཞིག་གིས་རྨི་ལམ་གཏོར་ཡོད
དེ་ནི་རིའི་ཕ་རོལ་ན་ལམ་ལ་ཆས་ཀྱིན་པའི
གསང་བ་ལྐོག་གྱུར་ཡིན་པའི་མི་དག་གི་ལམ་རྒྱགས་དང
གཤིས་སུ་གྲུབ་དགོས་བའི་ལོ་རྒྱུས་ཀྱི་གོམ་སྟབས་ཞིག་ཀྱང་ཡིན

ཕྱིར་དྲན ཕྱིར་དྲན་ཞིག་བྱས་ན
ལོ་རྒྱུས་ཀྱི་ཁུག་སོ་ན་ཁུར་བའི་སྐད་ཆ་དམར་པོ
སུ་ཞིག་གི་སྙིང་ཁར་ཡང་རྨ་ཁ་བཟོས་འདུག
སྡུག་བསྔལ་གྱི་རྨ་ཁ་ནི
ཁྱོད་ཀྱིས་མྱངས་མ་མྱོང་བའི་རྨ་ཁ་ཞིག་ཡིན་པས
ད་དུང་ཡང་ཁྱོད་ཀྱི་ང་ལ་སྡུག་གཏམ་བརྗོད་མི་སྲིད

ཕམ་པར་རྒྱག་དགོས་པའི་མི་དེ
ད་དུང་ཐག་རིང་ན་དགའ་བདེ་དཔལ་གྱིས་བཟི་འདུག་པས
ཚེ་སྲོག་ཆུང་ཆུང་ཞིག་གི་སྐྱེས་སྟོབས་ལ
ཐག་རིང་ན་རྣ་ཐོས་ཙམ་ཡང་མེད་ལ
ཕྱི་མིག་ཙམ་ཡང་མེད

ཁ་སང་གི་མུན་པ་ཐག་རིང་ལ་སྤྱུགས་ཟིན་ནའང
སང་ཉིན་ལ་གསལ་ཆ་ཡོད་མདོག་གི་བཟོ་ལྟ་ངན་ངོན་གྱིས
ང་ཚོ་ལ་དབང་བའི་མཁའ་དབྱིངས་ཤིག་བསྐྲུན་ཐབས་བྲལ་བས
ལོ་ཟླ་མང་པོ་ཞིག་གི་རྒྱབ་ལྗོངས་དེ་ཡང
ང་དང་གཞན་དག་གི་མིག་ལམ་ན་འཕྱོ་བའི་ཉམ་ཆུང་གི་དར་ལྕེ་དེ་མ་ཡིན་ནམ

ཉི་མ་ལྷ་ས སུ་ཞིག་གི་དྲན་སྣང་ཁྲོད་བསྐུངས་པའི་ཡུལ་གྲུ་ཞིག
ལོ་རྒྱུས་ཀྱིས་བསྐྲུན་ཞིང་དུས་ཚོད་ཁ་ཤས་ཀྱི་གསུབ་གྱིན་པའི་ཁྱོད་ཀྱི་ངོ་གདོང
མི་ལོ་ཉི་ཤུའི་འཇིག་རྟེན་ན་ཁྱོད་ལ་གཟིགས་ན
ངག་རྒྱུན་གང་ཞིག་གི་དམས་ཀ་ལས་འགྱུར་ནས་བོར་གྱིན་པའི་ཁྱོད་ལ
སྔ་མོ་ནས་བརྗོད་འདོད་པའི་སེམས་ཁོང་གི་སྐད་ཆ་དག་ཡང་སེམས་ནས་བོར་བྱུང

ལོ་རབས་འདི་འདྲ་ཞིག་ལ་སླེབས་ནས་ཡོད
ཛ་དྲག་གི་རྦབ་རླབས་ཆེས་ཆེར་ཕྱིན་འདུག
མི་ལོ་ཉི་ཤུ་བརྒལ་ནས་ཡོད
སེམས་ཀྱི་མུན་པ་ཇེ་མཐུག་ཏུ་ཕྱིན
དུས་ཚོད་ཀྱི་འཁོར་བསྐྱོད་ཇི་འདྲའི་སླ་ནའང
ཉི་མ་ལྷ་ས ཁྱོད་ནམ་ཡང་ཁྱོད་ཡིན་དགོས
བཙན་པོ་དག་གི་འབྲས་བུ་དེ་ཡིན་དགོས
ང་དང་ཉེ་བའི་ལོ་རྒྱུས་ཀྱི་རྒྱབ་རི་དེ་ཡིན་དགོས
ད་དུང... ....?

མཚན་མོ་གང་རུང་ཞིག་གི་ངོ་གདོང་ཁ་གཏད་དུ
སྐྱེས་ཆེན་ཚོས་བཞུད་ལམ་རིང་མོ་ལ་མནོ་བསམ་གཡེང་དུས
བདག་གི་ཤ་གསེང་རུས་གསེང་ལ་རང་བྱུང་གི་ཙག་ཤ་ཞིག་རྒྱུ་ཡོང
སྐྱེས་བ་ནས དུས་ཚོད་དམ་མཉམ་དུ་རྒྱུགས་ཁུལ་ཙམ་གྱིས
སྐྱེས་ཆེན་ཚོས ང་ཚོའི་གསེར་མདོག་གི་ལམ་དེའི་ཆེད
ཉམ་ཆུང་བའི་ཕ་ཡུལ་གྱི་མི་རྣམས་ལ
ཟུར་མིག་ཙམ་ཡང་འཕེན་མ་ཐུབ་པར
ལྷ་ཡུལ་ལྟ་བུའི་མཛེས་སྡུག་གི་རླབས་རིས་དེའི་ཆེད་དུ
རྒྱུན་ལྡན་མིན་པའི་སེམས་ཁམས་ཕ་ཡུལ་གྱི་འགྲམ་ངོགས་སུ་གཡེང་མ་ནུས

ཁ་སང ཁསང་གི་བསམ་བློ
ཁ་སང ཁ་སང་གི་སྨྲ་བརྗོད
དེ་རིང་གི་མི་གང་རུང་ཞིག་གི་སེམས་ཁོང་དུ
གསལ་མདོག་གིས་འཚེར་འདུག་ཨང

ཐག་རིང་གི་བདེ་སྐྱིད་ནི་སྙན་ངག་པ་ཞིག་གི་སྐྱེས་སྐར་དུ་ངོས་བཟུང་ཡོད་ལ
ཁྱོད་དང་བར་ཐག་བཀྱེད་རྗེས་ཀྱི་སྐད་ཆ་རེ་འགའ་ཡང
དུས་སྐབས་གང་རུང་ནས་བརྗོད་ངེས
འདི་ལྟར རེས་སྐྱིད་རེས་སྡུག་གི་འགྲུལ་བཞུད་རིང་མོ
བློས་བསླངས་དང་སྟོང་བསམ་ལས་བརྒལ་མཐར
ཁྱོད་ལ་བཤད་འདོད་པའི་སེམས་ཁོང་གི་སྐད་ཆ་དག་ཀྱང
འབྲལ་མི་ཕོད་པའི་ཐ་སྙད་ཅིག་གིས་གཅུན་ནས་ཡོད་པས
ལྐོག་གྱུར་གྱི་ས་སྲོད་དེ་ནས་ལྐོག་གྱུར་གྱིས་མི་བརྗོད་ཀ་མེད་རེད
རྒྱང་རིང་གི ཁྱོད་ཀྱི་བྱང་ཐང་དུ
ཐག་རིང་ལ་སྤྱུགས་པའི་རྣམ་ཤེས་ཀྱི་སྐད་ཆ་འདི་བབས་རྗེས
ཁྱོད་ཀྱིས་རང་ཉིད་ཀྱི་ཕ་ཡུལ་དེ་ཡང་བསྐྱར་དྲན་སྲིད་དམ

གདོད་མའི་དུས་ཚིགས་ནས་ཐོར་བའི་རྐྱེན་གྱིས
ཁྱོད་དང་ང་ལ་དབང་ཐང་དང་འབྱོར་ཕྱུག་མེད་ནའང
འཚོལ་རྟོག་གི་ཕུགས་བསམ་དེ་ནམ་ཡང་རྒྱང་རིང་ལ་བཞུར་དགོས
ཕྱིར་དྲན་གྱི་སྤང་ཐང་ན་ཉམ་ཆུང་གིས་བཞད་བའི་ཚེ་སྲོག་དག་གི་རེ་སྒུག
སྔ་མོ་ནས་ང་ཚོ་ལ་བཀྱེས་ཡོད་པས
དུས་རབས་འདིར་འཁྲུངས་མ་མྱོང་བའི་མི་དེ་ང་ཚོ་ཡིན་དགོས
འདི་ལྟར་ཐག་རིང་ལ་ཆས་མགོ་བརྩམས་དགོས་ཨང
ངག་མི་འཁྲོལ་བའི་གངས་རི་ང་ཚོའི་བརྟན་བརླིང་གི་སྒེར་གཤིས་ཇི་བཞིན་འགྱིང
དྭངས་གཙང་གི་ཆུ་ཕྲན་ང་ཚོའི་ཕུགས་བསམ་ཇི་བཞིན་ཐག་རིང་དུ་བཞུར
དེ་རིང་གི་ང་ཚོ་ནམ་ཡང་ང་ཚོ་ཡིན་དགོས་པས
མདུན་ལྗོངས་ཀྱི་དུག་སྦྲུལ་ནག་པོ
ཁྱོད་ཀྱིས་ངས་སྙན་ངག་གི་ཐ་སྙད་གསེབ་དུ་ཞགས་པ་མ་འཕེན
ང་ཚོའི་འཆར་གཞི་དང་གནས་ལུགས་ཐད་ལ་ཅི་ཡང་བཤད་མི་དགོས
ཐག་རིང་གི་ཡུལ་ལྗོངས་དེ་ང་ཚོའི་བདེ་སྐྱིད་ཀྱི་ཞིང་ས་ཡིན་པས
ཁྱེད་ཉིད་ངའི་སེམས་ནང་གི་མི་བཟང་བོ་ཞིག་ཏུ་འགྱུར་བར་སྨོན

ལོ་རྒྱུས་ཀྱི་སྐྱོ་གར་མང་པོ་ཞིག་ང་ཚོའི་མདུན་དུ་འཁྲབ་ཟིན་ཡང
ཁྱོད་ཀྱིས་ང་ཚོ་ལ་དགོས་པའི་སང་ཉིན་གྱི་རང་དབང་དེ་ཕྱིར་སྤྲོད་དང་ཆོག
ང་ཚོ་ལ་དབང་ཆོག་པའི་བདེ་སྐྱིད་དེ་ང་ཚོས་རོལ་ཐུབ་ན་ཆོག
བདེན་མིན་གྱི་བརྡར་ཤ་འདི་གནམ་རྒན་མས་གསུངས་རོགས

ང་ཚོས་རང་གི་གདོང་འབག་བཤུས་ནས་ཡོད
ང་ཚོས་རང་གི་མ་ཡུམ་རུམ་ནས་ཡོད
ང་ཚོས་བདེ་སྐྱིད་ཀྱི་གླུ་སྒྲ་ཕྱོགས་སུ་ལེན་འདོད

ང་ཚོས་སྐད་ཆ་མང་བོ་ཞིག་བཤད་བཤད་ཀྱང
དེ་ལ་བདེན་ཆོག་གི་ཨ་ལན་སྟེར་མཁན་ཞིག་འཁྲུངས་མ་མྱོང
སྐད་ཆ་རེ་རེ་དྲང་བདེན་གྱིས་བཤད་ཀྱང
སྐད་ཆ་དེ་དག་གི་ཕ་རོལ་ན་ལམ་སྟོན་པ་མང་བས
ང་གཉིད་ནས་སད་མ་འདོད
སད་ནས་གཉིད་མ་ཁུགས

དེ་ལྟ་ནའང དེ་དག་ནི
ཡལ་ཟིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག
འདས་ཟིན་པ་ལ་བདག་གིས་ཀྱང་ཀུ་ཅོ་མི་འདོན་པར
ད་ནི་ཁྱོད་ལ་དགོད་གཏམ་རེ་བརྗོད་ངེས་ལ
ཁྱོད་ཀྱང་ང་དང་ཐག་ཉེ་སར་ཡོང་དགོས
ངའི་སེམས་ནང་གི་མི་བཟང་བོ་ཞིག་ཏུ་འགྱུར་བར་སྨོན

ཁྱོད་ནམ་ཡང་ངའི་མི་ཚེ་འདིའི་གླེང་གཞི་ཞིག་ཡིན་པས
ད་ནི ཁྱོད་ཀྱི་གཏུམ་དྲག་གི་རང་གཤིས་དང
ཨུ་ཚུགས་ཀྱི་བག་ཆགས
སྐྱུགས་བྲོ་བའི་བཟོ་ལྟ་དག་ལ་རིང་དུ་བྲལ་ནས
འདི་དག་གི་གླེང་གཞི་ལས་ཀྱང་ཐར་ན་འགྲིག་ཨང
                                                      08/3/28

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། ཐག་རིང་ལ་སྤྱུགས་པའི་རྣམ་ཤེས་ཀྱི་སྐད་ཆ།

2009-01-13 མེ་ལོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།