བུ་མོ་གནས་ལ་སོང་དང་། བན་དེ་སྒར་ལ་འགྲོ།

འདི་ནི་རང་ཉིད་དང་འབྲེལ་ཆེ་བའི་གྲྭ་བཙུན་མང་པོ་ཞིག་གི་ཚུལ་མིན་གྱི་བྱ་སྤྱོད་དག་ལ་དམིགས་ནས་བྲིས་པ་
ཡིན་ཏེ། དྲང་མོར་བཤད་ན་འདིའི་ནང་དུ་རང་ཉིད་ཀྱང་འདུས་ཡོད།
                                                                    __སྙན་ངག་འདིའི་གསལ་བཤད།
                                                                   དབང་མིང་འཛིན་པའི་གཉེན་སྟོན་ལ་ཕུལ་བའི་རྟེན་འབྲེལ་ཞུ་ཡིག

མཐའ་སྐོར་གྱི་མི་རྣམས་ཁྲ་སིག་སིག་གིས་ཁྱེད་ལ་རྟེན་འབྲེལ་ཞུ་གིན་ཡོད་ནའང༌།
བདག་གི་ངག་ལས་ཁྱེད་ལ་ལྷོད་ཆགས་ཀྱི་ཁ་གཡང་ཅིག་གཏན་ནས་སྒྲོགས་ཐབས་མི་འདུག
ལོ་ངོ་བཞི་ཡི་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་གྱི་ཁྲོད་དུ
ངས་ཁྱེད་རང་བབས་ཆགས་དང་གཞུང་དྲང་གིས་བརྒྱན་པའི་བུ་མོ་ཅིག་ཏུ་བསམ་ཡོད་ནའང༌།
ཁྱེད་རང་ཏག་ཏག་བདག་གི་མཐོང་སྣང་ལས་ཡུལ་གྲུ་གཞན་ཞིག་ལ་བུད་འགྲོ་བ་ནི།
ངས་ཡང་ཡང་བསམ་ནས་ངུ་དགོས་ཤིང༌།
ནན་གྱིས་ངུས་པའི་ཐ་མར་དགོད་དགོས་པ་ཅིག་རེད་ཨང༌།
**དེ་རིང་ཉི་མ་བཟང་པོ། བཀྲ་ཤིས་པའི་ཉི་མ*
**དོན་འགྲུབ་པའི་ཉི་མ**
ཁྱེད་ཀྱིས་ཤོད་དང༌།
བདག་ལ་འདི་ལས་ལྷག་པའི་བཀྲ་མི་ཤིས་པའི་ཉིན་མོ་ཞིག་གང་ན་ཡོད།
འདི་ལས་སྨྲེང་བའི་དོན་མི་འགྲུབ་པའི་ཉིན་མོ་ཞིག་ནམ་ཞིག་ལ་བྱུང་མྱོང༌།
འདི་ནི་ཚོད་ཚོད་ལ་ཁྱེད་ཀྱིས་ང་ལ་བྱིན་པའི་ངོམས་ཚང་གི་སྐད་ཆ་རྐྱང་རྐྱང་མ་ཡིན་ནམ།
ཁྲེལ་མེད་ཀྱི་ཁྱོད། ལྟོས་ལྟོས་ལ་བདག་ཉིད་ཁྱི་རུ་བསྐྱུར་བའི་ཁྱོད།
མི་ཚོགས་གསེབ་ནས་གྲོས་མཐུན་གྱིས་གླེང་བའི་བརྩེ་བ་དང༌།
ཟླ་བ་དང་བསྡོངས་བའི་འཐམ་འཁྱུད་རེ་རེ་ནི།
འདི་དག་ཐམས་ཅད་སྐྱག་རྫུན་ཁོ་ན་ཡིན་ནམ།
ང་ཅིའི་ཕྱིར་ཁྱེད་ཀྱི་གཉེན་སྟོན་ལ་ཞུགས་དགོས་སམ།
འོན་ཀྱང༌། ང་ལ་སླར་ཡང་རང་ཉིད་ངོས་ཟིན་པའི་གོ་སྐབས་ཅིག་ལོས་ཡོད།
དེ་བས། ངས་ཅི་ནས་ཀྱང་མཐོ་རིམ་ཤེས་ཡོན་པ་ཅིག་གི་རང་ཚུགས་བཟུང་སྟེ།
ཁྱེད་ལ་བཀྲ་ཤིས་ཀྱི་ཁ་གཡང་འགའ་མི་བརྗོད་ཐབས་མེད་རེད་ཨང༌།
**གནས་འགྲོ་བུ་མོ། སྐྱིད་ཅིག་ཡོད་ཚེ་རང་གིས་ཁྱེར།
*གཡང་ཞིག་ཡོད་ན་ཨ་མར་ཞོག*
*གནས་དེར་ཁྱེད་རང་བརྟན་ཚུགས་པར་སྨོན*
*གནས་དེར་ཁྱེད་ལ་བླ་ལྷག་གི་བདེ་སྐྱིད་ཅིག་ཡོད་པར་སྨོན*
ཁ་གཡང་འདི་ནི་བདག་གིས་ཁྱེད་ལ་གནང་བའི་ཐ་མའི་སྙིང་གཏམ་སྟེ།
ཁ་གཡང་འདིའི་རྗེས་སུ།
བདག་སླར་ཡང་རི་འདབས་ཀྱི་རྐང་ལམ་ཕྲ་མོ་དེར་ཞུགས་ནས་དབེན་ཡུལ་ལ་འགྲོ་ངེས།
འདི་ནི་བདག་གི་ངོ་ཚ་དང་ནག་ཉེས་ཡིན་ནའང༌།
བདག་གིས་འགྱོད་པ་དང་དགོངས་དག་གི་མིག་ཆུ་ཐེངས་གཅིག་ཞུས་ན།
བདག་ལ་ཀུ་ཡངས་མི་སྟེར་པའི་དགེ་བསྐོས་དང་ཆོས་གྲོགས་གང་ཡང་ཡོད་མི་སྲིད།
ཆ་མེད་པའི་བུ་མོ་ཅིག་ལ་འགྲོགས་པའི་གཏམ་རྒྱུད་དེ།
ཇི་འདྲའི་བརྗོད་མི་ཤེས་པའི་ཟློས་གར་ཐུང་ཐུང་ཤིག་རེད་ཨང༌།
འོན་ཀྱང༌། བུ་མོ་ཚོ་གནས་ལ་མ་སོང་བའི་སྔ་རོལ་ཏུ།
བན་དེ་སུ་ཡང་སྒར་ལ་མི་དགའ་བ་དེར་སུ་ཡིས་ཀུ་ཡངས་དང་འགྲེལ་བཤད་རྒྱག་རྒྱུ་ཡིན་ནམ།
འོ་་་་དེ་ནི་གདམས་པ་གཅིག་གིས་ནུས་པ་ཞིག་སྟེ།
བུ་མོ་ཚོ་གནས་ལ་སོང་དང༌།
བན་དེ་ཚོ་སྒར་ལ་འགྲོ་ངེས་ཞེས་པ་དེའོ། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་གནས་ལ་སོང་དང་། བན་དེ་སྒར་ལ་འགྲོ།

2009-01-13 སེང་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།