ཁྲག་རྗེས་ཀྱི་ཉི་མ།

གསང་བའི་ལམ་དང་བརྩེ་བའི་རྨི་ལམ
ད་དུང་རང་གི་ན་ཟུག་གི་གཏིང་སར་ལུས་པའི་བདེན་པ་དེའི་ཆེད་དུ
ཉི་མ་ཞིག སླར་ཡང་རི་བོའི་ཟོམ་ལ་བབས་ཤིང
འོད་སྣང་གཞན་ལས་སྟོབས་པའི་འགྲུལ་བཞུད་ཀྱིས
ས་ཆེན་པོར་འདི་ལྟར་ཐོད་ཀྱིས་བརྒལ

དུས་རབས་ཀྱི་ཡར་སྔོན་དུ
རང་གནས་ལ་ལྷིང་འཇགས་མ་བྱུང་བའི་ངལ་དུབ་ཀྱིས
གསེར་མདོག་གི་ཡུལ་ལྗོངས་ག་ཚོད་ཁྲག་གིས་བརྫིས་མྱོང་ལ
ཕོ་བྲང་དང་གནས་ཚང་སྟོང་བར་གྱུར་བའི་གཏམ་རྒྱུད་ངང་གིས་ཐོས
དེ་དག་གི་རོ་དང་ཟུངས་ཁྲག
གཙང་པོ་ཁ་ཤས་ཀྱི་སྙིང་དང་འདྲེས་ནས་བཞུར་ནའང
གྲགས་འགུལ་མེད་པའི་བབ་ཆགས་ཀྱི་ངང་ཚུལ་དེས
འདི་ལྟར་ང་ཚོ་སྡུག་ལ་སྦྱར་ནས་སྔུན་དུ་བསྐྱོད

གོ་ཐོས་དང་དེའི་རྩ་བར་ཟུག་པའི་ལོ་རྒྱུས་ཀྱིས
ང་ཚོའི་ཕ་ཡུལ་གྱི་རྒྱ་མཚོ་ཆེན་པོ་དེ་ཁྲག་ཡིན་ཟེར
བཀྱེད་ཆེ་བའི་རྩྭ་ཐང་གི་རྨི་ལམ་དེ་ཉི་མ་ཡིན་ཟེར
འོན་ཀྱང་ང་ཚོའི་རུས་གསེང་གི་བརྩེ་བ་མཐའ་རྒས་འཁོགས་དང་ཆག་རོ་འདྲ

ཁྲག་རྗེས་ཀྱི་ལམ་བུ ཁྲག་རྗེས་ཀྱི་ཉི་མ
ས་གཞི་འདིའི་ཆེད་དུ་བསླངས་པའི་གཡུལ་འཁྲུག་དང་འདྲ་ལ
ཡང་ན་རང་གི་ཕ་ཡུལ་གྱི་གླུ་སྐད་ལ་འཕྲོས་པའི་འོད་ཐིགས་དྲོན་མོ་འདྲ 
                                                  ༢༠༠༧ལོའི་ཟླ་༡༢པའི་ཚེས་༣༡ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲག་རྗེས་ཀྱི་ཉི་མ།

2009-01-13 ལྡོང་འོད་འཁྱམ། ཀློག་གྲངས། མཆན ཡོད།

གསང་བའི་ལམ་དང་བརྩེ་བའི་རྨི་ལམ
ད་དུང་རང་གི་ན་ཟུག་གི་གཏིང་སར་ལུས་པའི་བདེན་པ་དེའི་ཆེད་དུ
ཉི་མ་ཞིག སླར་ཡང་རི་བོའི་ཟོམ་ལ་བབས་ཤིང
འོད་སྣང་གཞན་ལས་སྟོབས་པའི་འགྲུལ་བཞུད་ཀྱིས
ས་ཆེན་པོར་འདི་ལྟར་ཐོད་ཀྱིས་བརྒལ

དུས་རབས་ཀྱི་ཡར་སྔོན་དུ
རང་གནས་ལ་ལྷིང་འཇགས་མ་བྱུང་བའི་ངལ་དུབ་ཀྱིས
གསེར་མདོག་གི་ཡུལ་ལྗོངས་ག་ཚོད་ཁྲག་གིས་བརྫིས་མྱོང་ལ
ཕོ་བྲང་དང་གནས་ཚང་སྟོང་བར་གྱུར་བའི་གཏམ་རྒྱུད་ངང་གིས་ཐོས
དེ་དག་གི་རོ་དང་ཟུངས་ཁྲག
གཙང་པོ་ཁ་ཤས་ཀྱི་སྙིང་དང་འདྲེས་ནས་བཞུར་ནའང
གྲགས་འགུལ་མེད་པའི་བབ་ཆགས་ཀྱི་ངང་ཚུལ་དེས
འདི་ལྟར་ང་ཚོ་སྡུག་ལ་སྦྱར་ནས་སྔུན་དུ་བསྐྱོད

གོ་ཐོས་དང་དེའི་རྩ་བར་ཟུག་པའི་ལོ་རྒྱུས་ཀྱིས
ང་ཚོའི་ཕ་ཡུལ་གྱི་རྒྱ་མཚོ་ཆེན་པོ་དེ་ཁྲག་ཡིན་ཟེར
བཀྱེད་ཆེ་བའི་རྩྭ་ཐང་གི་རྨི་ལམ་དེ་ཉི་མ་ཡིན་ཟེར
འོན་ཀྱང་ང་ཚོའི་རུས་གསེང་གི་བརྩེ་བ་མཐའ་རྒས་འཁོགས་དང་ཆག་རོ་འདྲ

ཁྲག་རྗེས་ཀྱི་ལམ་བུ ཁྲག་རྗེས་ཀྱི་ཉི་མ
ས་གཞི་འདིའི་ཆེད་དུ་བསླངས་པའི་གཡུལ་འཁྲུག་དང་འདྲ་ལ
ཡང་ན་རང་གི་ཕ་ཡུལ་གྱི་གླུ་སྐད་ལ་འཕྲོས་པའི་འོད་ཐིགས་དྲོན་མོ་འདྲ 
                                                  ༢༠༠༧ལོའི་ཟླ་༡༢པའི་ཚེས་༣༡ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།