ཤོག་བུ་བཀོལ་སྟངས།

  ༡
སྙན་ངག་པའི་ཁང་ཁྱིམ
ཤོག་བུས་བཀང་འདུག
སྨད་འཚོང་མའི་ཁང་ཁྱིམ་ཡང
ཤོག་བུས་བཀང་འདུག
          ༢
སྙན་ངག་པས་ཤོག་བུའི་ངོས་སུ
རང་སེམས་ཀྱི་དགའ་སྐྱོ་དག
གླུ་རུ་བཞེངས
སྨད་འཚོང་མས་ཤོག་བུའི་སྟེང་དུ
རང་འགབ་ཀྱི་མྱོས་ཆུ་དག
གཙང་མར་ཕྱིས
         ༣
སྙན་ངག་པས
ཤོག་བུ་བཀོལ་རྗེས
ཡར་ལ་ཉར་དགོས
སྨད་འཚོང་མས
ཤོག་བུ་སྤྱད་རྗེས
མར་ལ་གཡུག་དགོས
          ༤
ཤོག་བུ
སྙན་ངག་པའི
སེམས་དགའ་སྐྱོ་ཟུང་གི་ཞིང་ས་ཡིན
ཤོག་བུ
སྨད་འཚོང་མའི
ཁམས་དཀར་དམར་གཉིས་ཀྱི་ཁྲུས་ཁང་ཡིན 
                            ༢༠༠༧ ,༦ ,༡༨ ལན་གྲུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤོག་བུ་བཀོལ་སྟངས།

2009-01-11 འབྲོང་ཞེན། ཀློག་གྲངས། མཆན ཡོད།

  ༡
སྙན་ངག་པའི་ཁང་ཁྱིམ
ཤོག་བུས་བཀང་འདུག
སྨད་འཚོང་མའི་ཁང་ཁྱིམ་ཡང
ཤོག་བུས་བཀང་འདུག
          ༢
སྙན་ངག་པས་ཤོག་བུའི་ངོས་སུ
རང་སེམས་ཀྱི་དགའ་སྐྱོ་དག
གླུ་རུ་བཞེངས
སྨད་འཚོང་མས་ཤོག་བུའི་སྟེང་དུ
རང་འགབ་ཀྱི་མྱོས་ཆུ་དག
གཙང་མར་ཕྱིས
         ༣
སྙན་ངག་པས
ཤོག་བུ་བཀོལ་རྗེས
ཡར་ལ་ཉར་དགོས
སྨད་འཚོང་མས
ཤོག་བུ་སྤྱད་རྗེས
མར་ལ་གཡུག་དགོས
          ༤
ཤོག་བུ
སྙན་ངག་པའི
སེམས་དགའ་སྐྱོ་ཟུང་གི་ཞིང་ས་ཡིན
ཤོག་བུ
སྨད་འཚོང་མའི
ཁམས་དཀར་དམར་གཉིས་ཀྱི་ཁྲུས་ཁང་ཡིན 
                            ༢༠༠༧ ,༦ ,༡༨ ལན་གྲུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།