ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང་།


ངའི་སྲིང་ཆུང་བུ་མོ་ལོ་ཆུང་ཡིན།།
ལོ་ཆུང་རུང་ཕ་མས་གནས་ལ་བྱིན།།
གནས་འགྲོ་སའི་ཁྱིམ་ཚང་རྒྱུས་མེད་ཡིན།།
ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང༌།།

ངའི་སྲིང་ཆུང་བུ་མོ་གནས་ན་ཡོད།།
ས་ཁ་ཐག་རིང་བའི་སྡེ་ན་ཡོད།།
གཡུག་ལས་ཀའི་ཕྱོགས་ལ་འབད་བཞིན་ཡོད།།
ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང༌།།

ངའི་སྲིང་ཆུང་བུ་མོ་གནས་ན་ཡོད།།
གྱོད་ཁ་མཆུ་མེད་ལ་བདེ་ནས་ཡོད།།
ཚིག་ཕྲ་མ་མ་བཤད་སྐྱིད་ནས་ཡོད།།
ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང༌།།

ངའི་སྲིང་ཆུང་བུ་མོ་གནས་ན་ཡོད།།
རྒན་མགོ་དཀར་རྣམས་པ་བརྩི་བཞིན་ཡོད།།
ཆུང་སོ་དཀར་རྣམས་པ་སྐྱོང་བཞིན་ཡོད།།
ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང༌།།
                                     5/1/2007

 


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང་།

2009-04-07 ལྡོང་མཚོ་ལྡེའུ། ཀློག་གྲངས། མཆན ཡོད།


ངའི་སྲིང་ཆུང་བུ་མོ་ལོ་ཆུང་ཡིན།།
ལོ་ཆུང་རུང་ཕ་མས་གནས་ལ་བྱིན།།
གནས་འགྲོ་སའི་ཁྱིམ་ཚང་རྒྱུས་མེད་ཡིན།།
ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང༌།།

ངའི་སྲིང་ཆུང་བུ་མོ་གནས་ན་ཡོད།།
ས་ཁ་ཐག་རིང་བའི་སྡེ་ན་ཡོད།།
གཡུག་ལས་ཀའི་ཕྱོགས་ལ་འབད་བཞིན་ཡོད།།
ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང༌།།

ངའི་སྲིང་ཆུང་བུ་མོ་གནས་ན་ཡོད།།
གྱོད་ཁ་མཆུ་མེད་ལ་བདེ་ནས་ཡོད།།
ཚིག་ཕྲ་མ་མ་བཤད་སྐྱིད་ནས་ཡོད།།
ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང༌།།

ངའི་སྲིང་ཆུང་བུ་མོ་གནས་ན་ཡོད།།
རྒན་མགོ་དཀར་རྣམས་པ་བརྩི་བཞིན་ཡོད།།
ཆུང་སོ་དཀར་རྣམས་པ་སྐྱོང་བཞིན་ཡོད།།
ངའི་སྲིང་ཆུང་བུ་མོ་གནམ་གྱིས་སྲུང༌།།
                                     5/1/2007

 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།