ཆུང་དྲགས་པའི་འཇིག་རྟེན།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-03


ཆུང་དྲགས་པའི་འཇིག་རྟེན་འདིར།
ཆེས་ཆུང་བའི་མི་ཚོགས་ཧ་ཅང་མང༌།
ཀྱེ། རང་དབང་གི་ལྷ་མོ་ཡ།
ང་ལ་རྫས་སྔགས་ཀྱི་གདམས་པ་ཁྱད་འཕགས་ཤིག་སྕོལ་རོགས།
ང་རང་གྲུ་ཁ་ཆུང་ཆུང་འདིར་སེམས་གཞས་བོར་ཏེ།
གཉིད་ལ་འཐིབས་པའི་སེམས་པ་ཁྲི་ཕྲག་གི་སྒོ་གླེགས་རྡུང་དགོས།
ཆུང་དྲགས་པའི་འཇིག་རྟེན་འདིར།
ཆེས་མྱུར་བའི་འབར་མདེལ་གྱི་ལྕེ་རྩེ་ཧ་ཅང་མང༌།
ཀྱེ། དཔྱོད་ཤེས་ཀྱི་ལྷ་ཚོགས་ཡ།
ང་ལ་སྣང་མུན་གྱི་སོ་མཚམས་འབྱེད་པའི།
གུ་ཡངས་ཀྱི་ཆུ་གྲི་རྣོན་མོ་ཞིག་གཡོར་རོགས།
ང་རང་གུ་དོག་གི་ཁྱིམ་གཞི་འདིར།
ནེ་ཙོ་ཡི་སྨྲ་ལྕེ་ཆམ་ལ་འབེབས་ཀྱིན།
དུག་རླངས་ཀྱི་བཙན་ཁ་ཟབ་པའི་རྩ་ལྡུམ་འདི་དག་ཚལ་བུར་གཏུབ་དགོས།
ཆུང་དྲགས་པའི་འཇིག་རྟེན་འདིར།
ཆེས་ཆེ་བའི་ལྟོ་བ་ཧ་ཅང་མང༌།
ཀྱེ། སྨན་གྱི་རྒྱལ་པོ་འཁོར་ཚོགས་ཡ།
ང་ལ་གཤག་བཅོས་ཀྱི་མཐུ་རྩལ་མྱུར་པོ་ཞིག་གནང་རོགས།
ང་རང་ལྷིང་འཇགས་ཀྱི་རི་ཁུག་ན།
ལྐོག་ཟ་རུལ་སུངས་ཀྱིས་བཟི་བའི་གྲུབ་ཐོབ་སྨྱོན་པ་ཚོའི།
གློ་སྙིང་བཙོག་པ་རྣམས་གཤག་བཅོས་བྱེད་དགོས།
ཆུང་དྲགས་པའི་འཇིག་རྟེན་འདིར།
ཆེས་མཁྲེགས་པའི་ཕ་བོང་ཧ་ཅང་མང༌།
ཀྱེ། ཤེས་རབ་ཀྱི་ལྷ་ཚོགས་ཡ།
ང་ལ་རྨོངས་མུན་གྱི་ཀླད་རྒྱ་འཇོམས་པའི།
གནམ་ལྕགས་ཀྱི་ཐོ་བ་ལྕི་མོ་ཞིག་སྟེར་རོགས།
ང་རང་ས་སྲོད་ཀྱི་མུན་ཁྲོད་ན།
མགོ་བོ་མཇུག་འོག་ཏུ་བསྒྲིལ་ཏེ།
རྨི་ལམ་གྱི་ལྷ་ཡུལ་འགྲིམས་བཞིན།
རེ་སྒུག་གི་ཕམ་ཁ་མི་ཚོར་བའི་ཁ་རྒོད་ཚོའི།
རྙིང་རུལ་གྱི་ཀླད་ཞོ་རྫོབ་པོ་རྣམས་བྱི་དོར་བྱེད་དགོས།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུང་དྲགས་པའི་འཇིག་རྟེན།

2009-04-03 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།


ཆུང་དྲགས་པའི་འཇིག་རྟེན་འདིར།
ཆེས་ཆུང་བའི་མི་ཚོགས་ཧ་ཅང་མང༌།
ཀྱེ། རང་དབང་གི་ལྷ་མོ་ཡ།
ང་ལ་རྫས་སྔགས་ཀྱི་གདམས་པ་ཁྱད་འཕགས་ཤིག་སྕོལ་རོགས།
ང་རང་གྲུ་ཁ་ཆུང་ཆུང་འདིར་སེམས་གཞས་བོར་ཏེ།
གཉིད་ལ་འཐིབས་པའི་སེམས་པ་ཁྲི་ཕྲག་གི་སྒོ་གླེགས་རྡུང་དགོས།
ཆུང་དྲགས་པའི་འཇིག་རྟེན་འདིར།
ཆེས་མྱུར་བའི་འབར་མདེལ་གྱི་ལྕེ་རྩེ་ཧ་ཅང་མང༌།
ཀྱེ། དཔྱོད་ཤེས་ཀྱི་ལྷ་ཚོགས་ཡ།
ང་ལ་སྣང་མུན་གྱི་སོ་མཚམས་འབྱེད་པའི།
གུ་ཡངས་ཀྱི་ཆུ་གྲི་རྣོན་མོ་ཞིག་གཡོར་རོགས།
ང་རང་གུ་དོག་གི་ཁྱིམ་གཞི་འདིར།
ནེ་ཙོ་ཡི་སྨྲ་ལྕེ་ཆམ་ལ་འབེབས་ཀྱིན།
དུག་རླངས་ཀྱི་བཙན་ཁ་ཟབ་པའི་རྩ་ལྡུམ་འདི་དག་ཚལ་བུར་གཏུབ་དགོས།
ཆུང་དྲགས་པའི་འཇིག་རྟེན་འདིར།
ཆེས་ཆེ་བའི་ལྟོ་བ་ཧ་ཅང་མང༌།
ཀྱེ། སྨན་གྱི་རྒྱལ་པོ་འཁོར་ཚོགས་ཡ།
ང་ལ་གཤག་བཅོས་ཀྱི་མཐུ་རྩལ་མྱུར་པོ་ཞིག་གནང་རོགས།
ང་རང་ལྷིང་འཇགས་ཀྱི་རི་ཁུག་ན།
ལྐོག་ཟ་རུལ་སུངས་ཀྱིས་བཟི་བའི་གྲུབ་ཐོབ་སྨྱོན་པ་ཚོའི།
གློ་སྙིང་བཙོག་པ་རྣམས་གཤག་བཅོས་བྱེད་དགོས།
ཆུང་དྲགས་པའི་འཇིག་རྟེན་འདིར།
ཆེས་མཁྲེགས་པའི་ཕ་བོང་ཧ་ཅང་མང༌།
ཀྱེ། ཤེས་རབ་ཀྱི་ལྷ་ཚོགས་ཡ།
ང་ལ་རྨོངས་མུན་གྱི་ཀླད་རྒྱ་འཇོམས་པའི།
གནམ་ལྕགས་ཀྱི་ཐོ་བ་ལྕི་མོ་ཞིག་སྟེར་རོགས།
ང་རང་ས་སྲོད་ཀྱི་མུན་ཁྲོད་ན།
མགོ་བོ་མཇུག་འོག་ཏུ་བསྒྲིལ་ཏེ།
རྨི་ལམ་གྱི་ལྷ་ཡུལ་འགྲིམས་བཞིན།
རེ་སྒུག་གི་ཕམ་ཁ་མི་ཚོར་བའི་ཁ་རྒོད་ཚོའི།
རྙིང་རུལ་གྱི་ཀླད་ཞོ་རྫོབ་པོ་རྣམས་བྱི་དོར་བྱེད་དགོས།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།