སོས་ཀའི་སྙན་ངག


ཉི་འོད་ཟེར་མར་འཐབས་པའི་ཆར་གྱི་རྒྱུན། །
ཟིམ་ཟིམ་ལུས་དང་ལང་ཚོའི་དཔྱིད་དུ་བབས། །
དུངས་སེམས་དཔལ་བེའུར་མདུད་པའི་གཏམ་གྱི་ཚོགས། །
སེམས་ཀྱི་རི་ཚོགས་སྒུལ་བའི་སྲིབས་ཀར་ལྷུང༌། །
 
རླངས་པ་ཐོད་ཀྱིས་མཆེད་པའི་སྲང་ལམ་ཀུན། །
མི་ཚོགས་འདུར་བས་སྐད་ཅིག་ཉིད་ལ་བཀང༌། །
སོས་ཀའི་དྲོད་རྟགས་འཛུམ་པའི་མཁའ་དབུགས་ཁྲོད། །
གཞོན་སྐྱེས་ཕོ་མོའི་བརྩེ་བ་ལག་པས་སྦྲེལ། །
 
གློ་བུར་བསིལ་འཇམ་རླུང་གིས་སྐྲ་ལོའི་ཚལ། །
ཟིང་བོར་ཕྱེས་ཏེ་གདོང་པད་ངོམ་པ་མོ། །
འདུ་འཛིའི་ཡོ་ལང་མཆེད་པའི་གྲོང་ཚོམ་འདིར། །
དབང་མེད་ཞེན་པ་ལྷོད་པའི་ཉམས་ཀྱིས་སྒེག །
 
དབེན་འཇམ་གནས་མལ་སྙེག་ལ་དུངས་པའི་མིག །
ཕན་ཚུན་གསང་བའི་འཕྲུལ་དུ་རྩེན་པའི་ཚུལ། །
མི་སྡོད་རི་ལམ་འདེད་པའི་སྒོམ་ཆེན་པའི། །
ཡིད་ཀྱི་ཏིང་འཛིན་དཀྲོག་པའི་བརྡ་རུ་འཁུམས། །
 
                                 ༢༠༠༧ ༤ ༡༥

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སོས་ཀའི་སྙན་ངག

2009-04-03 མྱི་ཆེན། ཀློག་གྲངས། མཆན ཡོད།


ཉི་འོད་ཟེར་མར་འཐབས་པའི་ཆར་གྱི་རྒྱུན། །
ཟིམ་ཟིམ་ལུས་དང་ལང་ཚོའི་དཔྱིད་དུ་བབས། །
དུངས་སེམས་དཔལ་བེའུར་མདུད་པའི་གཏམ་གྱི་ཚོགས། །
སེམས་ཀྱི་རི་ཚོགས་སྒུལ་བའི་སྲིབས་ཀར་ལྷུང༌། །
 
རླངས་པ་ཐོད་ཀྱིས་མཆེད་པའི་སྲང་ལམ་ཀུན། །
མི་ཚོགས་འདུར་བས་སྐད་ཅིག་ཉིད་ལ་བཀང༌། །
སོས་ཀའི་དྲོད་རྟགས་འཛུམ་པའི་མཁའ་དབུགས་ཁྲོད། །
གཞོན་སྐྱེས་ཕོ་མོའི་བརྩེ་བ་ལག་པས་སྦྲེལ། །
 
གློ་བུར་བསིལ་འཇམ་རླུང་གིས་སྐྲ་ལོའི་ཚལ། །
ཟིང་བོར་ཕྱེས་ཏེ་གདོང་པད་ངོམ་པ་མོ། །
འདུ་འཛིའི་ཡོ་ལང་མཆེད་པའི་གྲོང་ཚོམ་འདིར། །
དབང་མེད་ཞེན་པ་ལྷོད་པའི་ཉམས་ཀྱིས་སྒེག །
 
དབེན་འཇམ་གནས་མལ་སྙེག་ལ་དུངས་པའི་མིག །
ཕན་ཚུན་གསང་བའི་འཕྲུལ་དུ་རྩེན་པའི་ཚུལ། །
མི་སྡོད་རི་ལམ་འདེད་པའི་སྒོམ་ཆེན་པའི། །
ཡིད་ཀྱི་ཏིང་འཛིན་དཀྲོག་པའི་བརྡ་རུ་འཁུམས། །
 
                                 ༢༠༠༧ ༤ ༡༥

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།