མིའི་རིགས་ཀྱི་རོལ་དབྱངས་པ།

ཆུ་ཕྲན་དྲག་ཏུ་འབབ།
རླུང་བུ་འཚུབ་པོར་རྒྱུ།
བྲག་ཆའི་སྐད་གསང་དང་གྱེས་ཕྱག་ཞུས་པའི་མིའི་རིགས་ཀྱི་རོལ་དབྱངས་པ།
བསམ་གཏན་གང་དུ་གནས།
སྲོག་ལྡན་གྱི་རིགས་དང་སེམས་འབྲེལ་ཆགས་པའི་མིའི་རིགས་ཀྱི་རོལ་དབྱངས་པ།
 
བདེན་ལྡན་གྱི་ལོ་རྒྱུས་སྲོག་ཏུ་བྱས།
ལྟར་སྣང་གི་ཚེར་ལམ་གདམ་གསེས་གནང༌།
མིན་པ་དང་གཡུལ་བོ་ཆེ་བགྱེས་པའི་མིའི་རིགས་ཀྱི་རོལ་དབྱངས་པ།
ཟག་མེད་གང་དུ་གནས།
སྲོག་ལྡན་གྱི་རིགས་དང་ལུས་འབྲེལ་ཆགས་བའི་མིའི་རིགས་ཀྱི་རོལ་དབྱངས་པ།
 
མཛའ་མོའི་གཞས་རྟ་དང༌།
དབྱངས་ཀྱི་འགྱུར་ཁུག་སོགས།
སུ་ལ་ཡང་མ་ཆགས་པར།
གང་ལ་ཡང་མ་ཞེན་པར།
སྲོག་ལྡན་གྱི་རིགས་ལ་ལུས་སེམས་བརྟན་པོར་ཐོགས།
འདི་ནི་མིའི་རིགས་ཀྱི་རོལ་དབྱངས་པ་ལམ་ལ་ཆས་ཚུལ་རེད།
 
བཟོས་གདོང་དེ་རོལ་དབྱངས་ཀྱིས་བསྔོག་པར་བྱས།
བཅོས་སྤྱོད་དེ་རྒྱུད་མངས་ཀྱིས་གཤགས་བཅོས་མཛད།
དཀར་ནག་གི་དབྱེ་འབྱེད་དབྱངས་ཀྱིས་མཛད།
སྲོག་ལྡན་གྱི་རིགས་ལ།
ཞི་བདེའི་འོད་སྣང་གི་རྒྱག་ཕྱེ་སྤྲད།
འདི་ནི་མིའི་རིགས་ཀྱི་རོལ་དབྱངས་པའི་ཐོན་འབྲས་ལགས།
 
ཁ་བའི་དབུ་ཞྭ་གྱོན།
ཆར་བའི་ངོ་གདོང་དཀྲུས།
དྲག་རླུང་གི་ལྭ་བ་མནབ།
རྒྱུད་མངས་ལག་ཏུ་ཐོགས་ནས།
རོལ་དབྱངས་དང་བདེ་སྟོང་བསྲེས།
འདི་ནི་མིའི་རིགས་ཀྱི་རོལ་དབྱངས་པའི་འཚོ་སྟངས་གཙང་དག་དེ་ཡིན།
 
རོལ་དབྱངས་པའི་འགྱུར་ཁུག་རེ་རེས།
ས་ཆེན་གྱི་བྲང་ཁ་གཏུབ་ནས་བུད་འགྲོ།
རོལ་དབྱངས་པའི་སེམས་འགྱུ་རེ་རེས།
བདེ་གཤེགས་ཀྱི་གྲོལ་པ་རྣམས་ཀྱང་སྤྱན་ཆབ་འཐོར་དུ་འཇུག་འགྲོ
འདི་ནི་མིའི་རིགས་ཀྱི་རོལ་དབྱངས་པའི་ཐུན་མིན་གྱི་སྟོབས་ནུས་ཡིན།
 
མིའི་རིགས་ཀྱི་རོལ་དབྱངས་པའི་དབྱངས་རྟར་ཆད་པ་མེད།
མིའི་རིགས་ཀྱི་རོལ་དབྱངས་པའི་འཚོ་སྟངས་གཙང་མ་ཡིན།
མིའི་རིགས་ཀྱི་རོལ་དབྱངས་པའི་ཡོད་ཚད་འགག་པ་མེད།
འདི་ལྟར་མིའི་རིགས་ཀྱི་རོལ་དབྱངས་པ་ལམ་ལ་ཆས་ཀྱིན་ཡོད།
འདི་ལྟར་མིའི་རིགས་ཀྱི་རོལ་དབྱངས་པས་རྒྱུད་མངས་དཀྲོལ་གྱིན་ཡོད།
མིའི་རིགས་ཀྱི་རོལ་དབྱངས་པ།
ཡང་ན་མིའི་རིགས་ཀྱི་ངུར་སྨྲིག་པ།
                                  2008  9  12 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིའི་རིགས་ཀྱི་རོལ་དབྱངས་པ།

2009-04-02 ཁབ།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།