རེབ་གོང་གི་མཚན་མོ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-23
མཚན་མོ་འདིར    རེབ་གོང་གི་རི་བོ་དག
ངའི་པང་ན་འགུལ་གྱིན་ཡོད་ལ
རི་བོ་དེ་དག་གི་གཡས་དང་གཡོན་ན
བསྟར་འཕྲེང་ནར་མོར་བསྒྲིགས་པའི་ལམ་ཕྲན་དག
རིགས་མི་འདྲ་བའི་སྣང་ཚུལ་གྱིས་འགུལ་གྱིན་ཡོད
 
མཚན་མོ་འདིར་རོང་བོའི་དགོན་པའི་འདུ་ཁང་དག་གིས
དབུགས་རིང་ཞིག་གིས་རང་གི་གྲིབ་མ་འབྲི་ཞོར
གྲྭ་བཙུན་དག་ལ་མིག་ཟུར་སྟོན་ཞོར
གློ་རྡེག་ལ་རང་གི་བདག་པོར་འཕྲིན་ཡིག་འབུལ་བར་བྲེལ
 
སྒྲོལ་མའི་ཐང་ཆེན་ན  སྒྲོལ་མའི་ཕྱག་རྒྱ་རིང་བོ
དད་ལྡན་ཚོའི་མགོ་བོར་རེག་གིན
རྣ་བར་ཤུབ་ཤུབ་གྱིས  ཞེད་སྣང་འཁོལ་འཁོལ་གྱིས
མི་ཚོགས་ལ་གདོང་ག་བཞུ་དུས
སྒྲོལ་མ་ཧ་ཅང་འདར་བཞིན་ཞུམ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེབ་གོང་གི་མཚན་མོ།

2009-03-23 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།
མཚན་མོ་འདིར    རེབ་གོང་གི་རི་བོ་དག
ངའི་པང་ན་འགུལ་གྱིན་ཡོད་ལ
རི་བོ་དེ་དག་གི་གཡས་དང་གཡོན་ན
བསྟར་འཕྲེང་ནར་མོར་བསྒྲིགས་པའི་ལམ་ཕྲན་དག
རིགས་མི་འདྲ་བའི་སྣང་ཚུལ་གྱིས་འགུལ་གྱིན་ཡོད
 
མཚན་མོ་འདིར་རོང་བོའི་དགོན་པའི་འདུ་ཁང་དག་གིས
དབུགས་རིང་ཞིག་གིས་རང་གི་གྲིབ་མ་འབྲི་ཞོར
གྲྭ་བཙུན་དག་ལ་མིག་ཟུར་སྟོན་ཞོར
གློ་རྡེག་ལ་རང་གི་བདག་པོར་འཕྲིན་ཡིག་འབུལ་བར་བྲེལ
 
སྒྲོལ་མའི་ཐང་ཆེན་ན  སྒྲོལ་མའི་ཕྱག་རྒྱ་རིང་བོ
དད་ལྡན་ཚོའི་མགོ་བོར་རེག་གིན
རྣ་བར་ཤུབ་ཤུབ་གྱིས  ཞེད་སྣང་འཁོལ་འཁོལ་གྱིས
མི་ཚོགས་ལ་གདོང་ག་བཞུ་དུས
སྒྲོལ་མ་ཧ་ཅང་འདར་བཞིན་ཞུམ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།