དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་རྒྱ་མཚོ་མཆོག་ལ་མྱ་ངན་ཞུ་བ།

                ༡
ཉིན་འདི་འགར་ཁ་བ་འདི་མཐུག་ཚོད་ལ་བསམས་ན།
ང་ལ་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་སླེབས་འགྲོ་བ།
སུས་ཀྱང་བསྒྱུར་ཏུ་མི་བཏུབ་ཨང༌།
                  ༢
ད་ནངས་ཡང་ཁ་བ་མཐུག་པོ་ཞིག་བབས་འདུག
བདག་གིས་ཚོར་བ་དེ་གྲང་ཚོར་ཙམ་མ་ཡིན་པར།
རུས་རྐང་གཟེར་བའི་ན་ཟུག་ཅིག་རེད།
ཏག་ཏག་གཏམ་ཡན་དེ་ཐོས་དུས།
                   ༣
བདག་ལ་གཏམ་ཡན་དེ་རྫུན་གཏམ་ཞིག་ཡིན་ན་སྙམ་པའི་རེ་བ་ཆེ་ནའང༌།
གློག་ཀླད་ལས་མཐོང་བའི་གསར་འགྱུར་འདིས།
བདག་ལ་སྐྱོ་བ་འདྲེས་པའི་གཏན་ཚིགས་ཤིག་བཞག་སོང༌།
                   ༤
ཉིན་འདི་གར།
ཁ་བ་འདིས།
བདག་ལ་གྲང་ཚོར་ལས་ཅི་ཡང་སྦྱིན་མ་སོང༌།
ཉིན་འདི་འགར།
གསར་འགྱུར་འདིས།
བདག་ལ་མིག་ཆུ་ལས་ཅི་ཡང་སྦྱིན་མ་སོང༌།

     ༢༠༠༧ལོའི་ཟླ༡༢པའི་ཚེས་༢༧ཉིན་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ།གུས་སློབ་རང་ཉིད་ཤཱཀྱའི་བསྟན་
པར་གཞུག་པར་མཛད་པའི་དེད་དཔོན་ཆེན་མོ། མདོ་སྨད་ས་ཡི་ཐིག་ལེར་བཀའ་དྲིན་གྱིས་མངའ་བསྒྱུར་བའི་ཆོས་རྒྱལ་
ཆེན་པོ། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་
བསྟན་པ་གསར་འགྱུར་ལས་མཐོང་འཕྲལ།གང་གི་གསུང་གི་འོ་མཚོར་ཕྲན་ཙམ་རོལ་བའི་གུས་སློབ་ཚུལ་ཁྲིམས་རྒྱ་མཚོར་
འབོད་པས་གདུང་ཤུགས་དྲག་པོས་སྦྱར་བའོ།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་རྒྱ་མཚོ་མཆོག་ལ་མྱ་ངན་ཞུ་བ།

2009-03-04 འཆིང་གྲོལ། ཀློག་གྲངས། མཆན ཡོད།

                ༡
ཉིན་འདི་འགར་ཁ་བ་འདི་མཐུག་ཚོད་ལ་བསམས་ན།
ང་ལ་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་སླེབས་འགྲོ་བ།
སུས་ཀྱང་བསྒྱུར་ཏུ་མི་བཏུབ་ཨང༌།
                  ༢
ད་ནངས་ཡང་ཁ་བ་མཐུག་པོ་ཞིག་བབས་འདུག
བདག་གིས་ཚོར་བ་དེ་གྲང་ཚོར་ཙམ་མ་ཡིན་པར།
རུས་རྐང་གཟེར་བའི་ན་ཟུག་ཅིག་རེད།
ཏག་ཏག་གཏམ་ཡན་དེ་ཐོས་དུས།
                   ༣
བདག་ལ་གཏམ་ཡན་དེ་རྫུན་གཏམ་ཞིག་ཡིན་ན་སྙམ་པའི་རེ་བ་ཆེ་ནའང༌།
གློག་ཀླད་ལས་མཐོང་བའི་གསར་འགྱུར་འདིས།
བདག་ལ་སྐྱོ་བ་འདྲེས་པའི་གཏན་ཚིགས་ཤིག་བཞག་སོང༌།
                   ༤
ཉིན་འདི་གར།
ཁ་བ་འདིས།
བདག་ལ་གྲང་ཚོར་ལས་ཅི་ཡང་སྦྱིན་མ་སོང༌།
ཉིན་འདི་འགར།
གསར་འགྱུར་འདིས།
བདག་ལ་མིག་ཆུ་ལས་ཅི་ཡང་སྦྱིན་མ་སོང༌།

     ༢༠༠༧ལོའི་ཟླ༡༢པའི་ཚེས་༢༧ཉིན་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ།གུས་སློབ་རང་ཉིད་ཤཱཀྱའི་བསྟན་
པར་གཞུག་པར་མཛད་པའི་དེད་དཔོན་ཆེན་མོ། མདོ་སྨད་ས་ཡི་ཐིག་ལེར་བཀའ་དྲིན་གྱིས་མངའ་བསྒྱུར་བའི་ཆོས་རྒྱལ་
ཆེན་པོ། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་
བསྟན་པ་གསར་འགྱུར་ལས་མཐོང་འཕྲལ།གང་གི་གསུང་གི་འོ་མཚོར་ཕྲན་ཙམ་རོལ་བའི་གུས་སློབ་ཚུལ་ཁྲིམས་རྒྱ་མཚོར་
འབོད་པས་གདུང་ཤུགས་དྲག་པོས་སྦྱར་བའོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།