ལྷ་མོ་དགོན་པ།

བཤད་སྲོལ་ལྟར་ན
ལྷ་མོ་དགོན་པ་ན་ཆུ་སྒྲ་ཆེ་ཟེར
ལྷ་མོའི་ཁྲོམ་སྲང་ན་རྙོག་འཛིང་ཆེ་ཟེར
ཡང གོ་ཐོས་སུ
ལྷ་མོ་དགོན་པ་ན་བླ་མའི་མགྲོན་ཁང་དང་ཁྱིམ་ཚང་ཡོད་ཟེར
ལྷ་མོའི་གྲོང་བརྡལ་ན་དགོན་པའི་ཇ་ཁང་དང་གྲྭ་བའི་ཚོང་ཁང་ཡོད་ཟེར

གཞུང་ལམ་གྱི་ཐང་ཆེན་པོས་ཁྲིད་དེ་སྔ་དྲོ་ཞིག་ལ་གནས་དེར་འབྱོར་སོང
ཡུལ་དེའི་བྲག་རྡོ་ཁྲལ་ཁྲུལ་གྱི་འདབས་རོལ་ན
ནགས་ཚལ་ཐར་ཐོར་གྱི་བར་དང་བར་ན
དགོན་པ་གཉིས་གཅིག་རྔམ་གཅིག་བརྗིད་ཀྱིས
འབྲོང་རྭ་ཆ་གཅིག་དང་འདྲ་བར་ཕན་ཚུན་ཁ་གཏད་དུ་ལངས་འདུག

གུ་དོག་པའི་ལུང་ཁུག་དེ་ན
རྒྱ་བོད་གཉིས་འདྲེས་མར་སྤུངས་པའི་གྲོང་བརྡལ་ཆུང་ཆུང་ཞིག
ཧ་ཅང་འཚང་ཁ་ཆེན་པོས་ཕྲེང་བར་བསྟར་འདུག

རྭ་ལོ་ཙཱ་བའི་རྗེས་ཤུལ་ལ་འགྲམ་པ་གླན་ནས་གཡའ་དག་པའི་ནམ་མཁའ་དྲན་བྱུང
འདུ་ཁང གསེར་ཏོག རྒྱ་ཕིབས རྩིག་པ
གནའ་བོའི་མི་རིགས་ཤིག་གི་ལག་རྩལ་ལ་བཀྲགས་མདངས་འཚེར
བྲག་རི ནགས་རི སྤངརི རྫ་ཆུ
གདོད་མའི་རང་བྱུང་གི་ཁོར་ཡུག་ལ་གསོན་དྲི་མཆེད
རབ་ཏུ་དྭངས་པའི་ཆོས་དུང་གི་སྒྲ་དེ
མི་སེམས་ཀྱི་ཆེས་གཏིང་ཟབ་པའི་ལྷིངའཇགས་རེད་ཨང
ངས་འདི་དག་མཐོང་གིན འདི་དག་ལ་ཅེར་ནས
རང་སེམས་ཀྱི་སྦུབས་སུ་ཁྲག་རྒྱུན་གྱི་དོན་སྙིང་ལྷ་ན་ལྷུན་ནར་འཁོལ

ང་ཚོ་གནས་ཁུང་དང་སྟག་ཚང་བཅས་ལ་རེ་རེ་བཞིན་ལྟ་སྐོར་དུ་སོང
ཕྱིར་ཐོན་ཏེ་ལྕགས་དྲས་བསྐོར་བའི་རྩྭ་ཐང་གི་གདན་ཐོག་ནས་ངལ་གསོ་དུས
འཇུར་ནག་གྱོན་པའི་གྲྭ་བ་ཞིག་རྒྱུགས་འོངས་ཏེ
དུ་བ་མ་འཐེན ཆང་མ་འཐུང་ཟེར
ཁོ་བོས་ཡ་མ་ཟུངགི་གྲྭ་བ་དེ་ལ
ལྷ་མོའི་གནས་ཀྱི་ལུང་ཁོག་ན
ཀྲུངགོ་བས་རྒྱ་སྐད་བཤད་ཀྱིན་འདུག
ཕྱི་གླིང་བས་དབྱིན་སྐད་འཆད་ཀྱིན་འདུག
ད་དུང གཅིན་པ་གཏོང་གིན་འདུག སྐྱག་པ་གཏོང་གིན་འདུག
འོ་ན་དེ་དག་ནི་ཅི་ཞིག་རེད་ཅེས་ཚ་འདྲི་ཞིག་བྱས་ཚར་མ་ཐག
གྲྭ་བ་དེ་ཁོང་ཁྲོ་ཆེན་པོས་ཁྱོད་ཚོའི་གཅིག་ཀྱང་འདུག་མི་ཆོག་ཕར་སོང་ཟེར

དགོན་པ་འཛུགས་སྐྲུན་གྱི་བཟོ་བཀོད་རྒྱ་ཆེན་དུ་སྤེལ་བ་མཐོང་བས
མི་ཚེ་རྒྱུ་ཐོག་ལ་བརྒྱབ་པའི་ཁོ་ཚེ་ཚུལ་ཁྲིམས་ཟེར་བའི་མི་དེའང་དྲན་བྱུང
གློ་བུར་དུ ང་ལ་དངངས་སད་ཅིག་དང་སེམས་ཁུར་ཞིག་ངང་གིས་སྐྱེས
བོད་པ་ཚང་གི་སྔ་གྲོགས་དགོང་དགྲ་རུ་གྱུར་བའི:ཕྱུག་ལྡན:དེ
:དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས:དེ
ད་ལྟ་སུ་ཞིག་གིས་མཚོན་ཆ་རུ་བྱས་ཏེ
ང་ཚོར་བསམབཞིན་དུ་བསམ་བློའི་ནངའཁྲུག་བསླངས

ཆུ་འགོ་མི་གཅིག་པའི་ཆུ་ཕྲན་གཉིས་མཉམདུ་འདྲེས་པའི་འུར་སྒྲ་དེ
དགོན་པ་གཉིས་ཀྱི་སྙིང་ཁོང་དང་འབྲེལ་བ་ཡོད་པ་འདྲ
ས་གནས་མི་གཅིག་པའི་བོད་པ་གཉིས་མཉམ་དུ་འདུས་པའི་རྙོགདྲ་དེ
ཞིང་ཆེན་གཉིས་ཀྱི་ས་མཚམས་དང་འབྲེལ་བ་ཡོད་པ་འདྲ
གལ་ཏེ ཞིང་ཆེན་གཉིས་དང་དགོན་པ་གཉིས་ནི་གྲུ་གཟིངས་ཤིག་ཡིན་ན
ང་ནི་མི་རིགས་ཀྱི་གཙང་བོའི་ཀློང་ལ་གྲུ་གཟིངས་དེ་འདེད་མཁན་ཞིག་ཡིན
གྲུ་གཟིངས་དེ་འདེད་བྱེད་ཀྱི་གྲུ་ཁེམ་ནི་བདག་གི་སྙན་ངག་འདི་ཡིན

ཐེངས་དེར་ལྷ་མོ་དགོན་ལ་ཕར་སྤྲོ་འཆམ་དུ་ཕྱིན་པ་ནི
རང་ཉིད་ཀྱི་སེམསལ་ཚུར་འཁྱམཉུལ་དུ་ཡོང་བ་དང་འདྲ
དེ་རིང་ངས་ལྷ་མོ་དགོན་པ་དྲན་གི
དུར་ཁྲོད་ཀྱི་མི་རོ་ཆ་ཚང་གི་རུས་སྒྲོམ་དེ་དྲན་པ་ཇི་བཞིན
ལྷ་མོ་དགོན་པ་དྲན་གི

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་མོ་དགོན་པ།

2009-03-04 ཅོར་འཇམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།