སྨད་འཚོང་ཁང་གི་མེ་ལོང་།

ཆུ་འཁྱག གཙང་ཤོག
མེ་ལོང་གི་མདུན་ཐད་དུ་བཞག
ཤུན་པ་བཤུས་པའི་དུག་སྦྲང
སྦྲང་རྩི་བྱུགས་པའི་བུམ་པར་འབྱར
འགྲེ་ལོག་རྒྱག་གིན་པའི་སྨད་འཚོང་མ
ཟླ་བའི་རྐང་ལམ་ནས་ངུའམ

ཤུད་སྟེགས་ལས་ལྷུང་བའི་ཁྲག་ཐིགས
མེ་ལོང་གི་ལྟེ་བར་འཛུམ་པའི་མེ་ཏོག
རབ་རིབ་མོག་མོག དཀར་འོད་ལམ་ལམ?

མདུན་ཅོག་གི་གྲུ་སྣེར་ཁེན་པའི་བྱེའུ
འཕུར་ཐབས་བྲལ་པའི་རོ་དངོས་གྲུབ་ཅན
གས་ཆག་ཤོར་བའི་རྩྭ་ཁང་རལ་བོ
སྲུབས་ཀ་མང་བའི་སློག་ཧྲུལ

མེ་ལོང་གི མེ་ལོང་ལས
          ༢༠༠༧ ,༡༠ ,༡༨ ཉིན་ལན་གྲུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨད་འཚོང་ཁང་གི་མེ་ལོང་།

2009-03-04 དགེ་ཆོས། ཀློག་གྲངས། མཆན ཡོད།

ཆུ་འཁྱག གཙང་ཤོག
མེ་ལོང་གི་མདུན་ཐད་དུ་བཞག
ཤུན་པ་བཤུས་པའི་དུག་སྦྲང
སྦྲང་རྩི་བྱུགས་པའི་བུམ་པར་འབྱར
འགྲེ་ལོག་རྒྱག་གིན་པའི་སྨད་འཚོང་མ
ཟླ་བའི་རྐང་ལམ་ནས་ངུའམ

ཤུད་སྟེགས་ལས་ལྷུང་བའི་ཁྲག་ཐིགས
མེ་ལོང་གི་ལྟེ་བར་འཛུམ་པའི་མེ་ཏོག
རབ་རིབ་མོག་མོག དཀར་འོད་ལམ་ལམ?

མདུན་ཅོག་གི་གྲུ་སྣེར་ཁེན་པའི་བྱེའུ
འཕུར་ཐབས་བྲལ་པའི་རོ་དངོས་གྲུབ་ཅན
གས་ཆག་ཤོར་བའི་རྩྭ་ཁང་རལ་བོ
སྲུབས་ཀ་མང་བའི་སློག་ཧྲུལ

མེ་ལོང་གི མེ་ལོང་ལས
          ༢༠༠༧ ,༡༠ ,༡༨ ཉིན་ལན་གྲུར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།