གླང་དར་མ།

ཤར་ཚ་དངོས་གྲུབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-04

དུས་རབས་ཤིག་གི་ཁུག་པ་ནས།
ཁྱེད་ལ་སྲིད་པའི་རྭ་རྣོན་རྒྱས་ཏེ།
སྐྱེ་བོ་ཁུན་ལ་འཇིག་ཡེར་བའི་ངར་སྐད་དུ་མ་བརྒྱབ་ཀྱང༌།
ཁོ་ཚོས་ཁྱེད་སུ་ཡིན་མ་ཤེས།
གཅིག་བྱས་ན་ཁྱེད་ཀྱི་རྭ་རྩེར་འབར་བའི་མེ་སྟག་དེ།
འཇིག་རྟེན་མུན་པ་སེལ་བའི་མེ་སྟག་ཅིག་ཡིན་སྲིད་ལ།
འགྲོ་བའི་ཚེ་སྲོག་འཇོམས་པའི་མེ་སྟག་ཅིག་ཀྱང༌།

གང་ལྟར་ཡང་ནག་དྲེག་ཆགས་པའི་ཀོ་ཤུན་ཅན་གྱི་དེབ་ཐེར་མང་པོས།
ཁྱོད་ལ་རྟགས་སུ་མ་གྲུབ་པའི་ནག་ཉེས་དུ་མ་བཀལ་བས།
ཁྱོད་ཁུ་སིམ་མེར་མི་ཡུལ་ལས་བདུད་ཡུལ་དུ་མི་འགྲོ་ཀ་མེད་རེད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླང་དར་མ།

2009-03-04 ཤར་ཚ་དངོས་གྲུབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དུས་རབས་ཤིག་གི་ཁུག་པ་ནས།
ཁྱེད་ལ་སྲིད་པའི་རྭ་རྣོན་རྒྱས་ཏེ།
སྐྱེ་བོ་ཁུན་ལ་འཇིག་ཡེར་བའི་ངར་སྐད་དུ་མ་བརྒྱབ་ཀྱང༌།
ཁོ་ཚོས་ཁྱེད་སུ་ཡིན་མ་ཤེས།
གཅིག་བྱས་ན་ཁྱེད་ཀྱི་རྭ་རྩེར་འབར་བའི་མེ་སྟག་དེ།
འཇིག་རྟེན་མུན་པ་སེལ་བའི་མེ་སྟག་ཅིག་ཡིན་སྲིད་ལ།
འགྲོ་བའི་ཚེ་སྲོག་འཇོམས་པའི་མེ་སྟག་ཅིག་ཀྱང༌།

གང་ལྟར་ཡང་ནག་དྲེག་ཆགས་པའི་ཀོ་ཤུན་ཅན་གྱི་དེབ་ཐེར་མང་པོས།
ཁྱོད་ལ་རྟགས་སུ་མ་གྲུབ་པའི་ནག་ཉེས་དུ་མ་བཀལ་བས།
ཁྱོད་ཁུ་སིམ་མེར་མི་ཡུལ་ལས་བདུད་ཡུལ་དུ་མི་འགྲོ་ཀ་མེད་རེད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།