རྡོ་ལ་ལྷ་ཆེན་གྱི་རྡོ་རིང་དང་། ད་དུང་དེའི་ངོས་ཀྱི་ཡིག་འབྲུ་གཟབ་བྲིས་མ།

          དང་བོ། རྡོ་རིང་ངོས་ཀྱི་ཁ་བྱང་གི་འགྲེལ།

ལོ་རྒྱུས་ཀྱི་རྒྱབ་རོལ་ན་སྐུང་བའི་ཁྱོད་ཀྱི་མིག་མདངས་རྣོན་པོ
མིག་ཞགས་དེས་མ་ཟིན་པའི་དམག་ལྭ་ལྗང་ཁུ
ཏག་ཏག་ཨ་ཕའི་ཤུགས་རིང་དང་མཉམ་དུ
ངའི་རྣ་བའི་འཇིག་རྟེན་ལ་གདུག་རྩུབ་ཀྱིས་འོངས་དུས
ཁྱོད་ཀྱི་འཇགས་མི་སྲིད་པའི་ལ་རྒྱའི་མེ་དཔུང་དེ
རྡོ་རིང་ངོས་ཀྱི་ཡིག་འབྲུ་དུ་མའི་ངོ་བོར་སྡོངས་ནས་འབར་གྱིན་འདུག
གཉིད་ཀྱིས་བཟི་བའི་ཁོར་ཡུག་དེ་ནས
ཁྱོད་རང་དངངས་འཚུབ་དང་དོགས་འདྲོག་གིས་ཧར་གྱིས་སད་དོན
རྡོ་ལ་ལྷ་ཆེན་གྱི་ཕ་རོལ་ཕ་རོལ་ཞིག་ནས
དམག་མི་འགས་ཨ་བྲ་ཞིག་ལ་གཏད་པའི་བོའུ་སྐད་གོ་སོང་བས་ཡིན་ནམ
རྨི་ལམ་འཇིགས་པོ་ཞིག་གིས་ཁྱོད་ཀྱི་གོང་ཁར་འཐེན་པས་ཡིན
གྲང་མིན་དྲོད་མིན་གྱི་ཞོགས་རླུང་ལྡོམ་པོ་ཞིག
མཐའ་མི་དཔོག་པའི་རྩྭ་ཐང་ཆེན་མོ་འདིར་ལྷོད་ཀྱིས་རྒྱུ་དུས
དགོ་བ་འགས་མིག་ཟུང་རིག་རིག་གིས་ཅི་ཞིག་མཐོང་མདོག་བྱེད་ལ
ཇག་ལ་ཞོན་མ་མྱོང་བའི་རྟ་ཕོ་དེའི་འཚེར་སྐད་ཀྱང
ཧོར་ལ་འགྲོ་ཁ་མའི་རྐྱང་རྒོད་ཀྱི་འཚེར་སྐད་དང་འདྲ་བཟོ་འདུག་ཨང

རྩྭ་ཐང མ་གཞི་ནས་སྒོ་མོ་མེད་པའི་བཙན་རྫོང་ཞིག་ལགས་ན
ཁྱོད་ཀྱིས་དམག་དཔུང་ལྟ་བུའི་བྲག་འཕྲང
མེ་སྒྱོགས་ལྟ་བུའི་རྦབ་རྡོ
དམག་རྒྱགས་ལྟ་བུའི་འབྲུ་སིལ་དང་སྟར་བུ
ཆེས་ཡིད་དུ་འོངས་པ་མང་བོ་ཞིག་བསྐྱུར་ནས
ཨ་ཁུ་ཨ་ནེ་དང་ཕུ་ནུ་མིང་སྲིང་དག་ལ་གཏན་དུ་གྱེས་དོན་ཡང
རྡོ་ལ་ལྷ་ཆེན་ཁོ་ན་མ་གཏོགས་སུས་ཀྱང་ཤེས་ཐབས་མེད་པ་ཡིན་ནམ

ཁྱོད་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི
ལས་འགན་ཆེན་པོ་ཕྲག་ཏུ་བབས་པའི་ནང་བློན་ཞིག་དང
རྒྱལ་ཕྲན་དུ་མར་གྱེས་པའི་སྐབས་ཀྱི
སྐུ་དྲག་ཆེན་པོ་ཞིག་གི་རྟ་རྫི་གཉིས་ལས་གང་ཡིན་མི་ཤེས་ན
དེ་འདྲའི་ཕུགས་བསམ་གྱི་དབང་དུ་ཅིའི་ཕྱིར་འགྲོ་དགོས་སོང

རྡོ་ལ་ལྷ་ཆེན་གྱི་གཏམ་རྒྱུད་ཤེས་པའི་ངེད་ཀྱི་ཨ་མ་དེས
ཕངས་སེམས་འཁྱིལ་བའི་མིག་མདངས་གཉོམ་པོ
ཇག་པ་ཚོའི་འགྲོ་འདུག་ཆད་པའི་ཉག་ཁ་དེར་འཕེན་དུས
རང་ཉིད་རང་ཉིད་ཀྱིས་སྒྱེལ་བའི་ཟློས་གར་མག་མོག་ཅིག
ཧ་ཅང་ཁེར་རྐྱང་གི་ཚུལ་གྱིས་འཁྲབ་བཞིན་འདུག་སྐད
བོའུ་སྐད་མ་ཐོས་ནའང་མཇུག་འབྲས་གོ་མྱོང་བའི་བདག་གིས
མཚན་མོ་དེའི་ཟླ་འོད་མི་མཐོང་ནའང
མཚན་མོ་དེའི་ཁྱོད་ཀྱི་ངོ་གདོང་མཐོང་གིན་འདུག
མཚན་མོ་དེའི་བོའུ་སྐད་མི་ཐོས་ནའང
མཚན་མོ་དེའི་ཁྱོད་ཀྱི་ངར་སྐད་ཐོས་ཀྱིན་འདུག

རྡོ་ལ་ལྷ་ཆེན་གྱི་ཉག་ཁ་དེ་བྲག་རྡོ་ཡིས་གྲུབ་ཀྱང
ཁྱོད་ཀྱི་ལ་རྒྱའི་རྐང་བ་རྗེན་མོ་དེ
བལ་གདན་འཇམ་པོ་ཞིག་དྲོད་ཁོལ་ལ་རེག་སོང་བ་ཇི་བཞིན
ཧ་ཅང་ལྡེམ་མྱུར་དང་གཟི་བརྗིད་ཀྱིས་སྤོས་འདུག
ཁྱོད་ཀྱི་རྐང་བའི་རྨ་ཁར་འབྱར་མྱོང་བའི་རྡེའུ་ཟེགས་དེ་དག
ཁ་སང་དེ་རིང་ད་དུང་ཡང
ཁྲག་རིལ་གྱི་ངོ་བོར་གྱུར་ནས
རྡོ་ལ་ལྷ་ཆེན་གྱི་རི་ངོས་དག་ན་ཟེགས་ཀྱིན་འདུག

རེད་དེ བཟོད་མི་ནུས་པའི་ཁེར་རྐྱང་གི་འགྲུལ་བཞུད་དེ
བརྗེད་མི་བཏུབ་པའི་དེ་རིང་གི་ན་ཟུག་རེད་ཨང

        གཉིས་པ། རྡོ་རིང་ངོས་ཀྱི་གཞུང་ཚིག་བསེད་དགྲོད།

སྟོབས་ཀྱིས་འགྱིང་བའི་དཔའ་བོའི་རྡོ་རིང་དེའི་ངོས་ན
གསལ་ལ་མི་གསལ་བའི་ཡིག་འབྲུ་མང་བོ་འདི་ལྟར་བརྐོས་ཡོད་དེ
ཨ་མའི་བུ་ཞིག་ལམ་ལ་ཆས་ཚུལ་ནས
ཁོའི་ཆེས་མཇུག་མཐའི་བློ་ཐག་བཅད་ཚུལ་བར་དུའོ

བྱ་རྒོད་ཅིག་དབྱིངས་ནས་འཕུར་སོང
དེའི་གྲིབ་མ་བྱ་རྒོད་ཅིག་གི་གྲིབ་མ་མ་ཡིན་པར
མེ་མདའ་ཁུར་བའི་སྐྱ་མི་ཁེར་འགྲོ་ཞིག
སྐྱ་མི་དེས་ཆེས་རྒྱང་རིང་གི་ཚོགས་ཁག་དེ་མཐོང་རྐྱེན་ཡང
རྒྱང་རིང་གི་རྒྱང་རིང་མཐོང་བའི
དབྱིངས་རིམ་གྱི་བྱ་རྒོད་དེ་ལ་འབྲེལ་བ་ཡོད་སྐད
སྐྱ་མི་དེས་ཉེ་འཁོར་གྱི་མི་རྣམས་ལ
སྦྲ་ནག་གི་ཆོན་ཐག་སྲ་དགོས་ཚུལ་དང
ཆོན་ཐག་གི་ཕུར་བ་བརྟན་དགོས་ཚུལ་ལབ་ནའང
རྒྱང་རིང་མི་མཐོང་བའི་འབྲོག་པ་ཚོས
རྡོ་ལ་ལྷ་ཆེན་གྱི་ཕ་རོལ་ན་ཅི་ཞིག་ཡོད་པ་ཤེས་མེད་ལ
རྡོ་ལ་ལྷ་ཆེན་གྱི་ཚུར་རོལ་ལ་ཅི་ཞིག་ཐོན་འགྲོ་བའང་ཤེས་མེད

མེ་མདའ་ཁུར་བའི་སྐྱ་མི་དེ་ལམ་ལ་ཆས་སོང
མཐའ་མཇུག་གི་ཁ་ཟས་ཨ་མ་ལོ་ལོན་དེར་བསླང་ནས
རང་ཉིད་ཀྱི་དམིགས་བྱ་དེ་སྙེག་བསམ་དུས
ཁྱོད་ཀྱི་བསམ་དོན་རྟོགས་མཁན་ནི་ཨ་མ་དེ་གཅིག་པུ་རེད
ཁོ་མོས་ཞུ་བ་དང་མིག་ཆུ་མཉམ་དུ་བསྲེས་ནས
སེར་ཀས་ཁེངས་པའི་ལག་པ་ཟུང་གིས
ཁྱོད་ཀྱི་སྲབ་མདའི་ཁུགས་སོ་ནས་ཤུགས་ཀྱིས་འཐེན་ནའང
ཁྱོད་ལ་གོ་བསྐོན་མི་ནུས་པའི་སྔོན་བརྡ་དེ
མེ་མདའ་འཁུར་སྟངས་ལས་ཀྱང་གསལ་བོར་བསྟན་འདུག

སེམས་གཅོང་ཁུར་བའི་ཨ་མ་ལོ་ལོན་དེས
ཁྱོད་ལ་རྟིང་སྐུལ་མཚོན་པའི་འབྲོག་རྩམ་ཞིམ་པོ་ཞིག་དང
རྟེན་འབྲེལ་མཚོན་པའི་འབྲི་ཞོ་ཅ་ནེ་གང་ལས
ཁ་ཏ་དང་བཀག་འགོག་གིས་ཅི་ཡང་མི་ཕན་པར་རྟོགས་དུས
ཁྱོད་ཀྱང་དགའ་སྣང་གིས་རྟ་ཐོག་ལས་མཆོངས་ནས
ཨ་མ་ཚང་གི་གཡས་ཁྱིམ་ནས་སྐྱིལ་ཀྲུང་གིས་བསྡད་སོང་ཨང

ཨ་མ་དེས འོ་ཇ་ཚ་བོ་ཞིག་གིས
ཁྱོད་ཀྱི་དཀར་ཡོལ་ལ་ཇ་གསབ་རྒྱག་ཞོར
ཁེར་རྐྱང་གི་འགྲུལ་བཞུད་ལ་ཉེན་ཁ་ཆེ་ཚུལ་དང
སྟག་ཤ་རའི་དཔའ་རྟུལ་གྱི་རྒྱལ་ཕམ་དེ
ལོ་བཅུ་འགོར་ཡང་འཕྱི་མེད་ཚུལ་གླེང་དུས
ཁྱོད་ཀྱིས་ཚིག་གཅིག་བཤད་པ་ནི
བོད་པ་ཚོ་ཚར་རྒྱུ་རེད་ཅེས་པ་དེ་ཡིན་སྐད

ཞེ་སྡང་གི་ཁྲག་རྩར་འཚངས་པའི་སྤོབས་པ
ན་ཟུག་གི་རྨ་ཁར་བཏབ་པའི་མཚོན་རྣོན
མཚོན་རྣོན་གྱི་ཡུ་བར་འཇུས་པའི་སྙིང་སྟོབས
རེད་དེ འདི་ལྟ་བུ་མང་བོ་ཚོགས་པའི་བསྡུས་གཟུགས་དེས
ཁྱོད་ཀྱི་ལག་ལ་སྲབ་མདའ་གཏད་ནས
ཨ་མའི་བུ་ཁྱོད་ལམ་ལ་ཆས་ཤིག་ཅེས་སྐུལ་དུས
ཁྱོད་ཀྱིས་ཨ་མ་ལོ་ལོན་དེར་གྱེས་འཚམས་ཞུ་དགོས་སོང
ཁྱོད་ཀྱིས་ཨ་མ་ལོ་ལོན་དེར་བདེ་མོ་འཇོག་དགོས་སོང

ཟླ་འོད་གསལ་བའི་མཚན་མོ་དེར
ཁྱོད་དང་ཟླ་བ་ཉག་ཁ་དེར་མཉམ་དུ་ཐོན་དུས
ཟླ་བ་ཁོ་ནས་ཁྱོད་ཀྱི་བོའུ་རྭ་ས་ལ་གདབ་རོགས་བྱས་ཤིང
ཟླ་བ་ཁོ་ནས་ཁྱོད་ཀྱི་བོའུ་རྡེའུ་བླུགས་པའི་ཁུག་མ་དེ་འབོགས་རོགས་བྱས
ཁེར་རྐྱང་གི་ཁྱོད་རང་བསྐྱུར་ནས
ཁེར་རྐྱང་དང་ཕྱི་མིག་གིས་བཞུད་པའི
ཟླ་བ་དེའི་བཟོ་ལྟར་བལྟས་ཚེ
ཁྱོད་ཀྱི་རླུང་རྟ་དར་བར་སྨོན་ཅེས་པ་དང་ཀུན་ནས་མཚུངས་ཨང

བུ་མོ་ཞིག་ཉེན་ཁ་ལས་ཐར་བ་དང
བུ་ཆུང་ཞིག་གི་ཚེ་སོག་བསྲིངས་པ
དམག་མི་ཞིག་གི་ཞྭ་མོ་ལྷུང་བ་དག་ནི་དུས་གཅིག་སྟེ
ཏག་ཏག་ཁྱོད་ཀྱི་ཆེས་ཐོག་མའི་བོའུ་སྐད་གྲགས་པའི་སྐད་ཅིག་མ་དེའོ

མེ་མདའ་དགྲ་ལ་གཏད་པའི་བཟོ་ལྟ་དེ
རྩྭ་ཐང་ན་ལག་པ་ཐོད་པར་བཞག་སྟེ
ཁྱོད་ལ་ཕྱོགས་པའི་ཨ་མ་དེས་མཐོང་སོང་བ་ཡིན་ནམ
ཁོ་མོའི་སྐྱབས་འཇུག་གི་མཆོད་ཁ་ལས་འཐོར་བའི་འོ་ཟེགས་དག
ཁྱོད་ཀྱི་དཔྲལ་ངོས་ལ་ཡུན་གྱིས་ལྷུང་བ་ཚོར་སོང་ངམ

མཚན་མོ་ཞིག་དེ་ལྟར་བུད་སོང
མེ་དཔུང་ཞིག་དེ་ལྟར་བཅིལ་སོང
གཉོམ་དུང་དུང་གི་ཉི་འོད་སྦྲ་ནག་ལ་ཕོགས་དུས
ཁྱོད་ལ་འབྲེལ་བ་མེད་པའི་ཨ་མ་དེར་རེ་བ་ལྕི་ཨང
ཁྱོད་གཉིས་ལ་ཤ་ཁྲག་རུས་གསུམ་གྱི་འབྲེལ་བ་གང་ཡང་མེད་ནའང
ཕྱི་དྲོ་དེར་མོས་སེམས་པ་གཙང་མ་ཞིག་དང་མཉམ་དུ
རང་ཉིད་ཁྱོད་ཀྱི་ཨ་མ་ངོ་མར་བསྐོས་ཚར་འདུག

ཉིན་མོ་དེར་རྩྭ་ཐང་ལ་འཕོ་འགྱུར་གཞན་ཞིག་བྱུང་སོང
ཨ་མ་ལོ་ལོན་དང་རྩྭ་ཐང་ཆེན་མོར་འཕྲིན་པ་སྐྱེལ་མཁན་ནི
སྒ་སྟོང་ཁུར་བའི་དོགས་འདྲོག་གི་རྟ་ཕོ་དེ་རེད
བདག་པོ་བོར་བའི་རྟ་མཆོག་དེ་ཡུལ་ལ་ཐོན་དུས
སེམས་སྐྱོ་བའི་དངན་པ་མ་འཐེན་ནའང
ཡི་མུག་པའི་འགྲེ་ལོག་ལན་མང་བརྒྱབ་སོང

རྟ་ཕོ་ཞིག་བདག་མེད་དུ་གྱུར་བ་དང
གཡུལ་ས་ཞིག་ལྷིང་འཇགས་སུ་གྱུར་བ
ཉེན་ཁ་ཞིག་སླར་ཡང་བྱུང་བ་དག་ཀྱང་དུས་གཅིག་སྟེ
ཁྱོད་ཀྱི་ཆེས་མཐའ་མའི་བོའུ་སྐད་གྲགས་པའི་སྐད་ཅིག་མ་དེའོ

                                   གསུམ་པ། རྡོ་རིང་ངོས་ཀྱི་མཇུག་བྱང་དང་གཞན་དག

ཡ་ཆུང་ལ་དུག་ཆུ་བསགས་པའི་སྦྲུལ་ཆེན་པོ་ཞིག
ཐག་རིང་ཐག་རིང་ཞིག་ནས་སླེབས་ཏེ
མཐོ་སྒང་གི་ནགས་ཚལ་སྟུག་པོ་ཞིག་ལ་འཛུལ་སོང་བས
ནགས་ཚལ་དེའི་མཐའ་འཁོར་གྱི་འུར་ཆ་ཐོགས་པའི་བོད་པ་ཚོ
གདེང་ཚོད་དང་རང་རྟོག་གི་ངང་ནས་བསྡད་ན་འགྲིག་ངེས

གནའ་བོའི་མེ་མདའ་ཁུར་བའི་སྐྱ་མི་དེས
ཨ་མས་ཞུས་པའི་མཐའ་མཇུག་གི་རེ་བའང་ཡལ་བར་དོར་ནས
དུག་སྦྲུལ་དེའི་དུག་ལྕེ་གཅོད་པར་རང་སྲོག་གཏོང་ནུས་ན
རང་ཉིད་ཁོ་ན་བསམ་པའི་རྐང་རྗེན་ཚོ
ནགས་ཚལ་དེའི་ཁ་དོག་ཙམ་ལ་རེ་བའི་གླེན་པ་མ་རེད་དམ

རྡོ་ལ་ལྷ་ཆེན་གྱི་ཉག་ཁ་ན་དཔའ་རྒོད་ཅིག་ཡོད
དཔའ་རྒོད་དེའི་ཕྲག་གོང་ན
དགྲ་བོ་འཆོར་མེད་ཀྱི་མེ་མདའ་ཞིག་ཡོད
མེ་མདའ་དེའི་འགྲམ་པའི་ངོས་གཉིས་ན
རྩྭ་ཐང་མཚོན་པའི་རི་དང་ཆུ་ཡོད
བོད་པ་མཚོན་པའི་རྟ་དང་སྒ་ཡོད
ད་དུང ནོར་ཡོད ལུག་ཡོད

ལོ་ཟླ་མང་བོ་མང་བོ་ཞིག་གི་རིང་ལ
རྡོ་ལ་ལྷ་ཆེན་གྱི་ཉག་ཁར་དམག་མི་འགྲོ་མ་ཕོད་ལ
རྡོ་ལ་ལྷ་ཆེན་གྱི་ཉག་ཁར་བོའུ་ཁ་ཡང་བསྐོར་མ་ཕོད
ལོ་ཟླ་མང་བོ་མང་བོ་ཞིག་གི་རིང་ལ
རྡོ་ལ་ལྷ་ཆེན་གྱི་ཉག་ཁ་རལ་བོ་དེ
ལག་པ་ཐོད་པར་བཞག་པའི་ཨ་མ་ལོ་ལོན་དེའི
མིག་ཟུང་དཀྱིལ་ན་ཧ་ཅང་ལྷིང་འཇགས་ཀྱིས་གནས་ཨང

ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པ
རྡོ་ལ་ལྷ་ཆེན་གྱི་ཉག་ཁ་རལ་བོ་དེ་ཡིན་ནའང
ཨ་མ་ལོ་ལོན་དེས་བརྗེད་མི་སྲིད་པ
དཔའ་རྒོད་དེས་ཕྱི་དྲོ་དེར་ཟ་མ་བཟའ་ཚུལ་དང
མེ་མདའ་ཁུར་ནས་རྟ་ལ་བཞོན་ཚུལ
ད་དུང ཡུད་ཙམ་སྐྱོད་མཐར
རྟ་ཁ་འཐེན་ནས་ཕྱིར་མིག་འཕངས་ཚུལ
དེ་ལྟར་མང་བོ་མང་བོ་ཞིག་ཡིན་ངེས

ཉི་མ་ཞིག་ཤར་ནས་ནུབ་སོང
དཔའ་རྒོད་ཅིག་སྐྱེས་ནས་འདས་སོང
ཟློས་གར་ཞིག་འཁྲབ་ནས་ཚར་སོང
ཡིན་ན་ཡང རྩྭ་ཐང་འདིའི་མི་རྣམས་ཀྱི
སེམས་ལ་དྲན་ཏེ་ཡིད་ནས་བརྗེད་མི་ཐུབ་པ
རྡོ་ལ་ལྷ་ཆེན་གྱི་གཏམ་རྒྱུད་དང
གཏམ་རྒྱུད་དེས་བཞག་པའི་འགྱོད་གདུང་ཁོ་ན

                                                     2007.09.02ཉིན་རྫོགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡོ་ལ་ལྷ་ཆེན་གྱི་རྡོ་རིང་དང་། ད་དུང་དེའི་ངོས་ཀྱི་ཡིག་འབྲུ་གཟབ་བྲིས་མ།

2009-03-01 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།