སྲིང་ཆུང་མ།

སྲིང་ཆུང་མ བཟའ་མི་ཚོའི་འཛུམ་མདངས་ཁྲོད་ནས
བཅུ་དྲུག་གི་ལང་ཚོ་ལ་མཛེས་སྡུག་གི་བཀྲག་མདངས་འཚེར་དུས
ཁྱོད་ལ་ཐོབ་པ་ནི་ཚི་དྲེགས་ཀྱིས་བརྒྱན་པའི་བཞོ་ཟེའུ་བཞོ་ལུང
ཁྱོད་ཀྱི་འགྲོ་རོགས་ནི་སྨྲ་མེད་གླེན་ལྐུགས་ཀྱི་དུད་འགྲོ་ཁྱུ་གཅིག

སྲིང་ཆུང་མ ཕ་མ་གཉིས་ཀྱིས་བཀོད་བསྒྲིགས་འོག་ནས
གནས་ལ་འགྲོ་དགོས སྔར་མཐོང་ཡང་མ་མྱོང་བའི་ཁྱོ་ག་ཅིག་གི་ཆུང་མར་འགྲོ་དགོས
སྔར་ཆ་རྒྱུས་སྤུ་ཙམ་ཡང་མེད་པའི་ཁྱིམ་ཚང་ཞིག་གི་མནའ་མར་འགྲོ་དགོས
དེ་ནི་ཁྱོད་ཀྱི་ལས་དབང་རེད འུ་ཚང་གི་ལུགས་སྲོལ་རེད

སྲིང་ཆུང་མ ཨ་ནེ་དང་སྡེ་བའི་མྱི་ཁའི་སྣེ་ནས
ཁྱོད་ལ་བག་མ་ཞེས་འབོད་མིང་གཡར་མ་ཞིག་གི་མཚན་སྙན་བརྗོད་དུས
ནོར་གནག་གི་སུག་རྗེས་ནས་སྙན་འཇེབས་ཀྱི་རྫི་གླུ་གྱེར་དང
ངེད་ཕུ་ནུ་ཚོའི་རྣ་བའི་བུ་གར་ལྷུང་ངེར་གྲགས་ཡོང

སྲིང་ཆུང་མ ལྕི་འདབ་ཀྱི་ལྷས་རྭ་ན
བགོ་བགོ་ཡི་བཞོ་དབྱངས་ངག་ལ་བཀུག་དུས
ཁྱོད་ཀྱི་ལང་ཚོ་དང་ཚེ་སྲོག་གི་མེ་ཏོག
ཟོག་ལྷས་ན་འཐོར་ལ་ཉེ རི་ལུང་ན་སྐམ་ལ་ཁེད

སྲིང་ཆུང་མ མིང་སྲིང་ཚོའི་བརྩེ་འདང་དཀྱིལ་ནས
མིག་ཆུ་དང་ལྷན་དུ་རྒྱང་རིང་ལ་འགྲོ་དུས
ངས་སྙིང་ཁོང་གི་སྙན་ངག་འབྲི་ས་དང་གྱེས་བྲལ་གྱི་སྐྱོ་གླུ་ལེན་ས་ཡིན
སྲིང་ཆུང་མ ཉིན་གུང་དུས་གསུམ་གྱི་ལས་དཀའི་བར་ནས
ཁྱོད་ལ་ཁོམ་པ་རེ་མཆིས་ན ཕ་མ་དང་གཉེན་ཉེ་ཚོ་ལ་ཕྱིར་མིག་རེ་འཕེན་རྒྱུ་མ་བརྗེད
 སྲིང་ཆུང་མ 
                                  ༢༠༠༧ལོའི་ཟླ་༧པའི་༢༣ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིང་ཆུང་མ།

2009-03-01 མཛོད་མེ་འབར། ཀློག་གྲངས། མཆན ཡོད།

སྲིང་ཆུང་མ བཟའ་མི་ཚོའི་འཛུམ་མདངས་ཁྲོད་ནས
བཅུ་དྲུག་གི་ལང་ཚོ་ལ་མཛེས་སྡུག་གི་བཀྲག་མདངས་འཚེར་དུས
ཁྱོད་ལ་ཐོབ་པ་ནི་ཚི་དྲེགས་ཀྱིས་བརྒྱན་པའི་བཞོ་ཟེའུ་བཞོ་ལུང
ཁྱོད་ཀྱི་འགྲོ་རོགས་ནི་སྨྲ་མེད་གླེན་ལྐུགས་ཀྱི་དུད་འགྲོ་ཁྱུ་གཅིག

སྲིང་ཆུང་མ ཕ་མ་གཉིས་ཀྱིས་བཀོད་བསྒྲིགས་འོག་ནས
གནས་ལ་འགྲོ་དགོས སྔར་མཐོང་ཡང་མ་མྱོང་བའི་ཁྱོ་ག་ཅིག་གི་ཆུང་མར་འགྲོ་དགོས
སྔར་ཆ་རྒྱུས་སྤུ་ཙམ་ཡང་མེད་པའི་ཁྱིམ་ཚང་ཞིག་གི་མནའ་མར་འགྲོ་དགོས
དེ་ནི་ཁྱོད་ཀྱི་ལས་དབང་རེད འུ་ཚང་གི་ལུགས་སྲོལ་རེད

སྲིང་ཆུང་མ ཨ་ནེ་དང་སྡེ་བའི་མྱི་ཁའི་སྣེ་ནས
ཁྱོད་ལ་བག་མ་ཞེས་འབོད་མིང་གཡར་མ་ཞིག་གི་མཚན་སྙན་བརྗོད་དུས
ནོར་གནག་གི་སུག་རྗེས་ནས་སྙན་འཇེབས་ཀྱི་རྫི་གླུ་གྱེར་དང
ངེད་ཕུ་ནུ་ཚོའི་རྣ་བའི་བུ་གར་ལྷུང་ངེར་གྲགས་ཡོང

སྲིང་ཆུང་མ ལྕི་འདབ་ཀྱི་ལྷས་རྭ་ན
བགོ་བགོ་ཡི་བཞོ་དབྱངས་ངག་ལ་བཀུག་དུས
ཁྱོད་ཀྱི་ལང་ཚོ་དང་ཚེ་སྲོག་གི་མེ་ཏོག
ཟོག་ལྷས་ན་འཐོར་ལ་ཉེ རི་ལུང་ན་སྐམ་ལ་ཁེད

སྲིང་ཆུང་མ མིང་སྲིང་ཚོའི་བརྩེ་འདང་དཀྱིལ་ནས
མིག་ཆུ་དང་ལྷན་དུ་རྒྱང་རིང་ལ་འགྲོ་དུས
ངས་སྙིང་ཁོང་གི་སྙན་ངག་འབྲི་ས་དང་གྱེས་བྲལ་གྱི་སྐྱོ་གླུ་ལེན་ས་ཡིན
སྲིང་ཆུང་མ ཉིན་གུང་དུས་གསུམ་གྱི་ལས་དཀའི་བར་ནས
ཁྱོད་ལ་ཁོམ་པ་རེ་མཆིས་ན ཕ་མ་དང་གཉེན་ཉེ་ཚོ་ལ་ཕྱིར་མིག་རེ་འཕེན་རྒྱུ་མ་བརྗེད
 སྲིང་ཆུང་མ 
                                  ༢༠༠༧ལོའི་ཟླ་༧པའི་༢༣ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།