ཁ་བ་བབ་པ་དང་ཉི་མ་ནུབ་པ་གཉིས་དུས་གཅིག

རྒོད་རྒྱལ་བློ་ཕུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-01

རི་སྤྱང་འགའ་རི་རྒྱབ་ནས་ཟུག་རྔུ་འདོན་ཞིང
བྱ་གླག་འགའ་སྡོང་རྩེའི་སྟེང་འཚབ་འཚུབ་ཀྱིས་བབ
དེ་ནི དུས་ཚིགས་འདི་འདྲ་ཞིག་སྟེ
ཁ་བ་བབ་བཞིན
ཉི་མ་ནུབ་རན

རི་མགོར་གཡུགས་བཞིན་པའི་དར་ལྕོག་ཟད་པོ
རི་སྤྱང་གི་ཟུག་རྔུ་ལ་རམ་འདེགས་བྱེད་བཞིན
མཐོན་པོ་མཐོན་པོར་ང་ལས་བརྗིད་པ་ཨེ་ཡོད་སྙམ་པའི་ཚུལ་བསྟན
ཁ་བ་དར་ལྕོག་ལ་ཁ་ཡ་བྱེད་ཁོམ་མ་བྱུང་ཁར
རླུང་ཡན་ལྡོམ་པོ་ཞིག་གིས་དར་ལྕོག་ལྷག་པར་གཡུགས
ཉི་མའི་འོད་མདངས་རིམ་བཞིན་མི་མཐོང

ཁ་བ་བབ་པ་དང་ཉི་མ་ནུབ་པ་གཉིས་དུས་གཅིག་སྟེ
རི་སྤྱང་ལྟོགས་སྐད་འབྱིན་པའི་དུས་ཤིག
བྱ་གླག་གཤོག་ཁྲབ་འགྱུར་བའི་དུས་ཤིག
མ་ཟད དར་ལྕོག་རལ་པོ
ཡུན་གྱིས་ཟད་འགྲོ་བའི་དུས་ཤིག

ཁ་བ་བབ་པ་དང་ཉི་མ་ནུབ་པ་གཉིས་དུས་གཅིག
ཁ་བ་ཇི་ལྟར་བབ་ཀྱང་མི་མཐོང
ཉི་མ་ཇི་ལྟར་བུད་ཀྱང་མ་ཚོར 
                  ༢༠༠༧ ༡༢ ༡༡

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་བབ་པ་དང་ཉི་མ་ནུབ་པ་གཉིས་དུས་གཅིག

2009-03-01 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།

རི་སྤྱང་འགའ་རི་རྒྱབ་ནས་ཟུག་རྔུ་འདོན་ཞིང
བྱ་གླག་འགའ་སྡོང་རྩེའི་སྟེང་འཚབ་འཚུབ་ཀྱིས་བབ
དེ་ནི དུས་ཚིགས་འདི་འདྲ་ཞིག་སྟེ
ཁ་བ་བབ་བཞིན
ཉི་མ་ནུབ་རན

རི་མགོར་གཡུགས་བཞིན་པའི་དར་ལྕོག་ཟད་པོ
རི་སྤྱང་གི་ཟུག་རྔུ་ལ་རམ་འདེགས་བྱེད་བཞིན
མཐོན་པོ་མཐོན་པོར་ང་ལས་བརྗིད་པ་ཨེ་ཡོད་སྙམ་པའི་ཚུལ་བསྟན
ཁ་བ་དར་ལྕོག་ལ་ཁ་ཡ་བྱེད་ཁོམ་མ་བྱུང་ཁར
རླུང་ཡན་ལྡོམ་པོ་ཞིག་གིས་དར་ལྕོག་ལྷག་པར་གཡུགས
ཉི་མའི་འོད་མདངས་རིམ་བཞིན་མི་མཐོང

ཁ་བ་བབ་པ་དང་ཉི་མ་ནུབ་པ་གཉིས་དུས་གཅིག་སྟེ
རི་སྤྱང་ལྟོགས་སྐད་འབྱིན་པའི་དུས་ཤིག
བྱ་གླག་གཤོག་ཁྲབ་འགྱུར་བའི་དུས་ཤིག
མ་ཟད དར་ལྕོག་རལ་པོ
ཡུན་གྱིས་ཟད་འགྲོ་བའི་དུས་ཤིག

ཁ་བ་བབ་པ་དང་ཉི་མ་ནུབ་པ་གཉིས་དུས་གཅིག
ཁ་བ་ཇི་ལྟར་བབ་ཀྱང་མི་མཐོང
ཉི་མ་ཇི་ལྟར་བུད་ཀྱང་མ་ཚོར 
                  ༢༠༠༧ ༡༢ ༡༡

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།