སྙིང་དབུས་ཀྱི་མཛའ་མོ།

ཤར་ཚ་དངོས་གྲུབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-01

བཞུར་བཞིན་པའི་བརྩེ་དུང་གི་རླབས་ཕྲེང་ལ།
བར་བགེགས་ཀྱི་རླུང་བུ་ལྡང་རིམ་བཞིན།
ངས་ཁྱེད་ལ། རེ་བ་དང་འོ་འདོད་ཇི་ཙམ་བྱེད་མྱོང༌།
མཛའ་ན་མོ།
དེ་ནུབ་ཀྱི་གྲ་ངར་སྤྱང་ཀིའི་ངུ་སྒྲ་དང་འགྲོགས་ཏེ།
ཁོ་བོའི་འཕར་བཞིན་པའི་སྙིང་དབུས་སུ་ཤེད་ཀྱིས་འཛུལ་ལ།
འུག་པ་དང་སྲིན་བྱའི་ཐན་སྐད་གཟན་པོས།
ཡོད་ཚད་འཁྱུར་མིད་བྱ་དུས།
ཁྱེད་ཁོ་ན། སྡུག་ཡུས་དང་མིག་ཆུ་རུམ་གང་ཁྱེར་ལ།
མི་ཁ་དང་དམོད་མོ་ཕད་གང་འཁུར་ནས།
ཁུ་སིམ་པའི་གནས་དེ་རུ།
སུ་ཞིག་གི་འཛུམ་ཆུང་གསར་མར་རེ་སྒུག་བྱེད་འདོད།
མཛའ་ན་མོ།
བགོད་འཛུམ་དང་དགའ་སྤྲོ་མང་པོ་ཁྱེད་ཀྱི་སྐྲ་གསེབ་ནས་རྫོགས་ཤིང༌།
ངུ་སྒྲ་དང་མིག་ཆུ་མང་པོ་དཔྲལ་བའི་གཉེར་རིས་སུ་བསྟིམས་དུས།
ཁྱོད་ཅིས་ནས་ཀྱང༌། མ་འོངས་ལ་གདངས་རྒྱག་ཐེངས་གཅིག་ཤོར།
འོན་ཏེ་གྲང་ངར་དང་བུ་ཡུག་འཚུབ་པའི་མཚན་མོ་དེར།
དྲོད་འཇམ་གྱི་ཉི་འོད་ལ་རེ་སྒུག་བྱེད་མཁན་ཁྱོད་ཁོ་ན་ཅི་ལ་ཡིན།
མཛའ་ན་མོ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་དབུས་ཀྱི་མཛའ་མོ།

2009-03-01 ཤར་ཚ་དངོས་གྲུབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

བཞུར་བཞིན་པའི་བརྩེ་དུང་གི་རླབས་ཕྲེང་ལ།
བར་བགེགས་ཀྱི་རླུང་བུ་ལྡང་རིམ་བཞིན།
ངས་ཁྱེད་ལ། རེ་བ་དང་འོ་འདོད་ཇི་ཙམ་བྱེད་མྱོང༌།
མཛའ་ན་མོ།
དེ་ནུབ་ཀྱི་གྲ་ངར་སྤྱང་ཀིའི་ངུ་སྒྲ་དང་འགྲོགས་ཏེ།
ཁོ་བོའི་འཕར་བཞིན་པའི་སྙིང་དབུས་སུ་ཤེད་ཀྱིས་འཛུལ་ལ།
འུག་པ་དང་སྲིན་བྱའི་ཐན་སྐད་གཟན་པོས།
ཡོད་ཚད་འཁྱུར་མིད་བྱ་དུས།
ཁྱེད་ཁོ་ན། སྡུག་ཡུས་དང་མིག་ཆུ་རུམ་གང་ཁྱེར་ལ།
མི་ཁ་དང་དམོད་མོ་ཕད་གང་འཁུར་ནས།
ཁུ་སིམ་པའི་གནས་དེ་རུ།
སུ་ཞིག་གི་འཛུམ་ཆུང་གསར་མར་རེ་སྒུག་བྱེད་འདོད།
མཛའ་ན་མོ།
བགོད་འཛུམ་དང་དགའ་སྤྲོ་མང་པོ་ཁྱེད་ཀྱི་སྐྲ་གསེབ་ནས་རྫོགས་ཤིང༌།
ངུ་སྒྲ་དང་མིག་ཆུ་མང་པོ་དཔྲལ་བའི་གཉེར་རིས་སུ་བསྟིམས་དུས།
ཁྱོད་ཅིས་ནས་ཀྱང༌། མ་འོངས་ལ་གདངས་རྒྱག་ཐེངས་གཅིག་ཤོར།
འོན་ཏེ་གྲང་ངར་དང་བུ་ཡུག་འཚུབ་པའི་མཚན་མོ་དེར།
དྲོད་འཇམ་གྱི་ཉི་འོད་ལ་རེ་སྒུག་བྱེད་མཁན་ཁྱོད་ཁོ་ན་ཅི་ལ་ཡིན།
མཛའ་ན་མོ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།