ཁ་བ་ལ་སྐྲག་པའི་མི་རྣམས།

ཁ་བ་འབབ་སྟངས་ལ་ཉན་རྗེས་སུ
ཁ་བའི་འདབས་འོག་གི་མི་རྣམས་འགུལ་བར་སྐྲག་བྱུང
རང་རང་གི་མལ་ཚང་དྲོན་པོར་ཞེན་པའི་བརྩེ་བ་སྔར་ལས་ལྕི

མཐོང་ཐོས་སུ ཁ་བ་ལ་འདྲིས་ཤིང་གོམས་པའི་མི་འདི་ཚོ
ཁ་བར་ལྷག་པར་སྐྲག་པའི་ཚོར་བ་བཙན་ཞིང
ཁ་བར་སྨད་པའི་ཞེ་སྡང་གཞན་ལས་ཆེ་བར་འདུག
ཁྲོམ་དང་སྲམ་ལམ་དུ་བབས་པའི་ཁ་བ་འདིའི་མི་སྐད་ཅིག་བརྗོད་ཐུབ་ན
ཁ་བའི་འབབ་ཚུལ་འདི་དུག་དང་ནད་གཞི་སེལ་བྱེད་ཀྱི་སྨན་དང་ཁྲུས་ཆབ་འདྲ
ཁྱོད་ཚོ་སྐྲག་མི་དགོས ཁ་བ་ལ་སྐྲག་མི་དགོས
སྐྲག་དགོས་ས་མང་བོ་ཞིག་གིས་ཁྱོད་རང་བཙིར་ནས་འོང་གི་འདུག

ཁ་བ་རང་དབང་གིས་འབབ་པར་ཅིག
འདབ་ཆགས་དང་སྲོག་ཆགས་ཀྱི་ཚོགས་རྣམས
རང་བྱུང་ཁྱམས་དང་བརྩེ་དུང་སྲབ་པའི་མི་རྣམས
ཁ་བའི་ཁོག་པ་དུང་ཡིན་པས
ཁྱོད་ཚོས་རང་ལ་དབང་བའི་དུང་སྟེ་འབུད་རོགས་ཞུ

ཁ་བ ས་ཆུ་མེ་རླུང་ལ་དབང་བའི་རྐྱེན་གྱིས
ང་ཚོའི་གནས་ས་གནས་ཡུལ་གང་ལའང་བབས་བྱུང
དྲི་མ་མེད་པའི་ཁ་དོག་གཞན་ལས་ཀྱང་མཛེས་པར་མཐོང
ཁ་བ ངག་མི་འབྱོར་བའི་ཕོ་ཉ་དང་འདྲ་བས
ཡོད་ཚད་དྲན་གདུང་བཞིན་དུ་སུ་ལའང་བརྗོད་ཐབས་དཀའ་བ་དང་འཕྲད
ཁ་བ་འབབ་ས་མཐོ་སྒང་བརྒྱུད་དེ་གང་ལ་ཐོན་ནའང
དེ་དག་གི་འབབ་སྟངས་ལ་ཉན་རྒྱུ་དང་གོ་རྒྱུ་གཞན་ཞིག་ཡོད

མི་རྣམས་ཁ་བ་ལ་སྐྲག་པའི་ངང་ཚུལ་གྱིས
རང་ཉིད་གཞན་ཅི་ཞིག་ལ་སྐྲག་དགོས་པའི་སྣང་བ་ཞིག་འཆར་ནས་འོང
མི་རྣམས་ཁ་བ་ལ་སྐྲག་མི་དགོས
སྐྲག་དགོས་ས་ཁ་བ་མི་མཐོང་བའི་ས་ཆ་དེ་ཚོ་རེད 
                                      2008.2.4ཉིན་གཙོས་ནས།


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་ལ་སྐྲག་པའི་མི་རྣམས།

2009-03-01 ལྡོང་འོད་འཁྱམ། ཀློག་གྲངས། མཆན ཡོད།

ཁ་བ་འབབ་སྟངས་ལ་ཉན་རྗེས་སུ
ཁ་བའི་འདབས་འོག་གི་མི་རྣམས་འགུལ་བར་སྐྲག་བྱུང
རང་རང་གི་མལ་ཚང་དྲོན་པོར་ཞེན་པའི་བརྩེ་བ་སྔར་ལས་ལྕི

མཐོང་ཐོས་སུ ཁ་བ་ལ་འདྲིས་ཤིང་གོམས་པའི་མི་འདི་ཚོ
ཁ་བར་ལྷག་པར་སྐྲག་པའི་ཚོར་བ་བཙན་ཞིང
ཁ་བར་སྨད་པའི་ཞེ་སྡང་གཞན་ལས་ཆེ་བར་འདུག
ཁྲོམ་དང་སྲམ་ལམ་དུ་བབས་པའི་ཁ་བ་འདིའི་མི་སྐད་ཅིག་བརྗོད་ཐུབ་ན
ཁ་བའི་འབབ་ཚུལ་འདི་དུག་དང་ནད་གཞི་སེལ་བྱེད་ཀྱི་སྨན་དང་ཁྲུས་ཆབ་འདྲ
ཁྱོད་ཚོ་སྐྲག་མི་དགོས ཁ་བ་ལ་སྐྲག་མི་དགོས
སྐྲག་དགོས་ས་མང་བོ་ཞིག་གིས་ཁྱོད་རང་བཙིར་ནས་འོང་གི་འདུག

ཁ་བ་རང་དབང་གིས་འབབ་པར་ཅིག
འདབ་ཆགས་དང་སྲོག་ཆགས་ཀྱི་ཚོགས་རྣམས
རང་བྱུང་ཁྱམས་དང་བརྩེ་དུང་སྲབ་པའི་མི་རྣམས
ཁ་བའི་ཁོག་པ་དུང་ཡིན་པས
ཁྱོད་ཚོས་རང་ལ་དབང་བའི་དུང་སྟེ་འབུད་རོགས་ཞུ

ཁ་བ ས་ཆུ་མེ་རླུང་ལ་དབང་བའི་རྐྱེན་གྱིས
ང་ཚོའི་གནས་ས་གནས་ཡུལ་གང་ལའང་བབས་བྱུང
དྲི་མ་མེད་པའི་ཁ་དོག་གཞན་ལས་ཀྱང་མཛེས་པར་མཐོང
ཁ་བ ངག་མི་འབྱོར་བའི་ཕོ་ཉ་དང་འདྲ་བས
ཡོད་ཚད་དྲན་གདུང་བཞིན་དུ་སུ་ལའང་བརྗོད་ཐབས་དཀའ་བ་དང་འཕྲད
ཁ་བ་འབབ་ས་མཐོ་སྒང་བརྒྱུད་དེ་གང་ལ་ཐོན་ནའང
དེ་དག་གི་འབབ་སྟངས་ལ་ཉན་རྒྱུ་དང་གོ་རྒྱུ་གཞན་ཞིག་ཡོད

མི་རྣམས་ཁ་བ་ལ་སྐྲག་པའི་ངང་ཚུལ་གྱིས
རང་ཉིད་གཞན་ཅི་ཞིག་ལ་སྐྲག་དགོས་པའི་སྣང་བ་ཞིག་འཆར་ནས་འོང
མི་རྣམས་ཁ་བ་ལ་སྐྲག་མི་དགོས
སྐྲག་དགོས་ས་ཁ་བ་མི་མཐོང་བའི་ས་ཆ་དེ་ཚོ་རེད 
                                      2008.2.4ཉིན་གཙོས་ནས།


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།