ངས་ཁྱོད་རང་དྲན་གི གཉའ་གོང་ལྷ་མོ་དོན་འགྲུབ།

གློ་བུར་དུ དཔེ་མཛོད་ཁང་གི་གྲུ་ཟུར་ཞིག་ནས་ཁྱོད་རང་དྲན
ཁྱོད་རང་དྲན་པའི་དབང་གིས
སྣང་བ་འདི་འདྲའི་འཚུབ་ཅིང
རླུང་དང་ཙག་གིས་བརྡར་བའི་ཚེ་སྲོག་དེའང
ཁྱོད་ཕྱོགས་སུ་རྒྱུ་ནས་དལ་མོར་གཡོ

གཟའ་སྤེན་པ་དང་གཟའ་ཉི་མའི་ཉིན་ཞིག་ལ
ཁྱོད་དང་ངང་གིས་རོལ་བའི་ཆང་འཐུང་གི་ཧབ་ཆ་དེ་དག་དྲན་ན
རི་རབ་ངོས་ཀྱི་ན་བུན་དང་ཆར་ཞོད
ཇི་འདྲའི་འཇམ་པོ་ཞིག་གིས་འདི་ལྟར་བསིལ་ལ
སོང་མྱོང་བའི་ལམ་བུ་དེ་དག་གི་སྐད་ཆ་དང་བབ་ཆགས
དམར་པོ་ཁྲག་ལ་འདྲེས་ནས་གང་དུ་བཞུར
སྙན་ངག་པ མི་ཚོགས་འཐུག་ས་ན་རང་དབང་གིས་རྒྱུ་བའི་ཁྱོད་ཀྱི་ངོ་གདོང
དེ་འདྲའི་གཉེར་མས་ཁེངས་ནའང
ཚུལ་འཆོས་མ་ཡིན་པའི་དབུ་སྐྲ་རིང་བོ་དེ་ནི
ང་ཚོས་དཀའ་སྡུག་གིས་འཚོལ་ཞིང་ངག་ལ་གྱེར་བའི་ལང་ཚོའི་རྦབ་ཆུ་ནག་པོ་དེ་དང་འདྲ

མི་རྣམས་ཀྱིས་དེ་འདྲའི་བསམ་ཤེས་པའི་ངང་ཚུལ་སྟོན་ནའང
ཡང་ཅིག་བཤད་ན་དེ་ཚོ་ནི་བུམ་པའི་ནང་གི་མེ་ཏོག་བཞིན་དུ་བཞད་སྔ་བ་ལས
རྩ་བ་དང་རྩེ་མོ་མཐོང་ཐབས་མེད་པ་བཞིན་དུ་སྣང
གངས་ཀྱི་ལུས་སྟེང་ལ་ས་བོན་བཞིན་བཏབ་པའི་གངས་སེང
ཁ་བ་གོས་སུ་གྱོན་ནས་མི་ཡུལ་གྱི་ཅི་ཞིག་གླེང་བར་གོམས
གཏམ་རྒྱུད་དང་འདྲ་བའི་དེ་དག་གི་འཚོ་བ་དེའི་ཁྲོད་ན
ཁྱོད་རང་ངོ་མ་ཁེར་རྐྱང་གི་སྙན་ངག་པ་ཞིག་ལས
གཞན་ཅི་ཡང་མེད་པའི་འཇིག་རྟེན་པ་ཞིག

གཞི་རིམ་གྱི་ལོ་ཟླར་ཁ་བ་འབབ་ཀྱིན་ཡོད་ནའང
ཁྲག་ཐིགས་དྲོན་མོ་དེ་འདྲའི་དམར་པོ་ཞིག་གིས་ཁོལ་ནས་འཕྱོ
ཡིན་ནའང རྒྱུས་ལོན་དཀའ་བའི་ཀླུ་ཆབ་སྔོན་མོས
ཁྱོད་ཀྱི་རུས་རྐང་བརླན་པའི་བསམ་བློ་དང་འདུ་ཤེས་རྟོགས་ཀྱི་ཡོད་དམ
སྙན་ངག་པ་ཞིག མི་ཡུལ་གྱི་མངའ་ཐང་འདི་ནས་འཁྱག་གིན་པ་ཚོར་རམ

ང་ཚོ་སྔར་བཞིན་འུ་ཐུག་གི་རང་ཉིད་ལ་གླན་ནས་རྒྱུ་བར་གོམས་དུས
གཞན་སུས་ཀྱང་ལོ་མ་ཞིག་རླུང་གིས་འཁུར་བ་མཐོང་བ་ལས
རླུང་དེ་ནི་ཅི་ཞིག་གི་ཆེད་དུ་ལྡང་བར་བསམ་གཞིགས་གཏོང་གིན་མེད
དྲང་མོར་བཤད་ན་ང་ཚོས་ཐུན་མོང་གི་ཉི་མ་ཞིག་ལ་ངོ་ལོག་སྟོན་ཞིང
སེམས་ཀྱི་མེ་དཔུང་ཆུ་འཁྱག་གིས་བརླན་པར་བརྩོན
ཁྱོད ནམ་ཡང་འདི་ནས་ཉི་ཟེར་ལ་ལག་ཟུང་བསྲིངས་མཁན་གྱི་འདབ་ཆགས་གཞན་ཞིག

ནམ་ཟླ་ཧ་ཅང་འཁྱག་དུས
རླུང་དང་ཙག་གི་འཇིགས་རྔམ་ལ་སྐྲག་དོན་དོན་ཅི་ཡང་མེད
མ་གཞི་ང་ཚོར་རང་ཉིད་ལ་གོམས་པའི་འཚོ་བ་དང་འགྲོ་འདུག་ཡོད
སྙན་ངག་པ ལུས་སྟེང་ལ་ཕོག་པའི་ནད་གཞི་སྟེ་ཅི་འདྲ་འདུག
ཚོར་བ་ལ་ཟུག་པའི་ནད་གཞི་སྟེ་ཅི་འདྲ་འདུག
གང་ལྟར སེམས་ཁམས་གཞན་དང་མི་འདྲ་བའི་དབང་གིས
ཁྱོད་ཀྱི་ཚེ་སྲོག་ཆེས་གཅེས་པར་འོས་པའི་དུས་ལ་སླེབས་ཡོད
སྣང་བ་ཚབ་འཚུབ ཁྱོད་རང་འདར་འདར
ཡིན་ནའང་ཁྱོད་ནི་ནམ་ཡང་བདག་གི་སེམས་ཁྲལ་ཞིག 
                                                             2008.1.8ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱོད་རང་དྲན་གི གཉའ་གོང་ལྷ་མོ་དོན་འགྲུབ།

2009-03-01 ལྡོང་འོད་འཁྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།