བརྩེ་སེམས་ཀྱི་འགུག་སྟངས།

            འབྲོག་ཐང་ན་ངའི་རྩེད་ར་ལུས་ཡོད། རྩེད་རའི་ཁྲོད་ཀྱི་རྩེད་རྡོ་ལུས་ཡོད། རྩེད་རྡོ་སྒྲིག་རོགས་དགའ་
ལོ་ལུས་ཡོད། དེའི་ཕྱིར་སེམས་སྨྲེངས་དུས་འདི་ལྟར། འབྲོག་ཐང་གི་བར་སྣང་ལ་བརྩེ་སེམས་ཀྱི་གཞས་ཆུང་
སྤུར་བ་ཡིན ཡང་ནས་ཡང་དུ།                       ----ཁ་བྱང་གི་འགྲེལ། 
                   ཀ
མེ་ཏོག་གི་དྲི་བསུང་ལྟེམས་པའི་སྤང་ཁུག་དེ་རུ
བྱ་ཁུ་ལོས་མགྲིན་གླུ་གྱེར་དུས རླུང་བསེར་བུས་ཤུགས་གླུ་འཐེན་དུས
ཆུ་གཙང་བོའི་འགྲམ་རྒྱུད་ཞིག་ན ངའི་དུང་བའི་མེ་ཏོག་བཞད་ཡོད
རྩྭ་རྩི་ཏོག་ཤིང་ལོའི་གསེབ་ན ངའི་དྲན་པའི་གླུ་གཞས་འཁྱིལ་ཡོད
“མ་བུ་མོ་དུང་སེམས་ཅན་མ སྟག་ཤར་ལུ་འཁོར་ན་ཨེ་ཆོག”
                      ཁ
དྲི་བསུང་གི་རྒྱུ་ལམ་དེ་ན གཡུ་སྦྲང་གི་གཤོག་རླབས་བར་ན
ངག་ལ་གཞས་དབྱངས་ལ་གྱེར་དུས མགོའི་ལྕང་ལོ་རླུང་གིས་བཤགས་དུས
རི་ལ་ལུང་སྨུག་པའི་གསེབ་ན ལུག་གཡང་དཀར་བསྐོར་བདས་བྱེད་མཁན
སྦྲ་མཐིང་སྨུག་ཆོན་ཐག་བར་ན ནོར་གནག་ཆུང་རྡང་ལ་བསྟར་མཁན
ང་དགའ་ས་འཁྲེང་སའི ང་ཆགས་ས་ཞེན་སའི་ཁྱོད་རང་ཨེ་ཡིན
“བྲག་དམར་དགུ་བརྒྱ་ལྷ་རེད དེའི་ནང་གི་མཇལ་ཕྱོགས་ཁྱོད་ཡིན
སྡེ་ཆེན་ཚོ་དྲུག་གླིང་རེད དེའི་ནང་གི་དགའ་ཕྱོགས་ཁྱོད་ཡིན”
                             ག
དབྱར་འགོ་མའི་ན་སྤང་མཚམས་ན
མེ་ཏོག་གི་རླབས་ཕྲེང་འཛུམ་གྱིས་སྒུལ་དུས
གཡང་ཆུང་ཚེར་མོ་འདྲ་བའི་གཤིས་བཟང་མ
དགུན་བར་མའི་ལྷགས་རླུང་ཁྲོད་ན
རྩྭ་ཕྲན་གྱི་ཟིལ་བ་སྐྲ་ལོས་ཕྱགས་དུས
དམར་ཆུང་སེམས་པ་ལྟ་བུའི་འདང་ཅན་མ
“སྡེ་ཆེན་པོའི་མྱི་ཁ་རྒོད་རུང རོགས་འགྲོ་ཞོར་ཐུག་ན་ལོས་ཆོག”
                              ང
ལྷན་མཛོམས་རླུང་གིས་དེད་པའི་དུས་ཚིགས་སུ
དྲན་གདུང་གཙང་བོར་ཆགས་པའི་ལོ་ཟླ་རུ
ས་ཁ་ཐག་རིང་ཡང སེམས་བར་ཐག་ཉེ་བས
འཚོ་བ་གླུ་རུ་འདྲིས་པའི་ཁ་ཆད་ཞིག མི་འགྱུར་ཚིག་ལ་བགོས་ཡོད
མནའ་ཚིག་སྐྲ་ལོར་མདུད་པའི་གསང་བ་ཞིག དམར་ཆུང་སྙིང་ལ་བཏབ་ཡོད
“དྲིན་ཕ་མའི་བཀའ་བཀོད་བཙན་རུང གཞི་འཁོར་བའི་གཟུངས་ཐགས་མི་ལྷོད
ནང་ན་ཟླའི་བཤད་ཁ་རྒོད་རུང རོགས་འུ་གཉིས་དམ་ཚིག་མི་འདོར” 
                                                    2006.8.9ལན་གྲུ་རུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་སེམས་ཀྱི་འགུག་སྟངས།

2009-03-01 གཉན་ལྗང་མྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།