ཟི་ལིང་གི་དཔྱིད་ཀ

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-26
ཀླུང་ལ་ཤོར་བའི་མུ་ཏིག་གི་ལྡོག་འོད་འཕྲོ་ས
ཟི་ལིང་ཡིན་པའི་དབང་དུ་བཏང་ན
དེ་རིང་ཟི་ལིང་ན  རྒྱ་མཚོའི་ནང་གི་ཉ་ཕྱིས་དང་བྱུ་རུ
གླང་རྫི་བུ་མོ་ཞིག་གི་མགོ་དཀྲིས་དམར་པོ་དང་བཅས་པ
ཟླ་བ་ཁ་གང་མའི་མཛེས་སྡུག་གིས་འགྲུབ་གྱིན་ཡོད
 
རྐང་འཇབ་ལག་འཇབ་ཀྱི་དཔྱིད་ཀ་དེས
དེ་རིང་ཟི་ལིང་ལ་ནམ་ཟླ་གཞན་ཞིག་ཁྲིད་འོང་བས
ཟི་ལིང་གི་བར་སྣང་ན  ཁ་བའི་འདབ་མ་དང་གཏམ་རྒྱུད
པོ་ཏྰ་ལའི་འོད་དང་འོད་ཟེར་གྱི་ཤམ་བུ་དག
བཞུར་གྱིན་འདུག་ལ  ད་དུང
སྤྲིན་པ་དེའི་འཕྱོ་སྟངས་དང་རླུང་བུ་དེའི་རྒྱུ་སྟངས་ནི
གཡོ་ཟོལ་དང་གདུག་རྩུབ་མེད་པའི་མེ་ཏོག་དཀར་པོ་ཞིག
 
དེ་རིང་ཙོང་ཆུ་སྔོན་མོའི་ཁུག་པ་ན་ཉལ་བའི་ཟི་ལིང་གི་བོད་མི
ལུས་ངག་ཡིད་གསུམ་གྱི་ཟྭ་སྒོ་འབྱེད་པའི་ལྡེ་མིག་ཅིག
ཕྱི་གཙང་ནང་གཙང་ཡིན་པའི་ཤེལ་གྱི་ཕོར་བ་ཞིག
ཁང་བརྩེགས་དང་འུར་ཟིང་གིས་མ་སྦགས་པར་གློ་རྡེག་ལ
ཟི་ལིང་གི་གྲུ་ག་ཞིག་ནས་རྙེད་ཅིང  གློ་རྡེག་ལ
ཟི་ལིང་གི་གྲུ་ག་ཞིག་ནས་བྲལ་ཡང  དུས་རྟག་པར
དངུལ་གྱི་སྒྲོམ་ཆུང་ན་བསྐྱིལ་བའི་མར་མེ་རྐོང་བུ་གང
 
ཟི་ལིང་ལ་ནམ་རྒྱུན་འོང་ཡང་ དེ་རིང་གི་ཟི་ལིང་ནི
རྟོག་པ་འོག་མའི་ཀློང་ན་འབར་བཞིན་པའི་མེ་ལྕེ་སྔོན་པོ་ཞིག
མེ་ལྕེ་དེའི་རྩེ་མོ་ན  ཁྲི་ཤོར་རྒྱལ་མོའི་མིག་ཆུ་རྡོག་པོ་གཅིག
སེམས་དང་བསམ་པ་འདྲེས་པའི་གཡང་ལ་ལྕེབས
 


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟི་ལིང་གི་དཔྱིད་ཀ

2009-02-26 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།
ཀླུང་ལ་ཤོར་བའི་མུ་ཏིག་གི་ལྡོག་འོད་འཕྲོ་ས
ཟི་ལིང་ཡིན་པའི་དབང་དུ་བཏང་ན
དེ་རིང་ཟི་ལིང་ན  རྒྱ་མཚོའི་ནང་གི་ཉ་ཕྱིས་དང་བྱུ་རུ
གླང་རྫི་བུ་མོ་ཞིག་གི་མགོ་དཀྲིས་དམར་པོ་དང་བཅས་པ
ཟླ་བ་ཁ་གང་མའི་མཛེས་སྡུག་གིས་འགྲུབ་གྱིན་ཡོད
 
རྐང་འཇབ་ལག་འཇབ་ཀྱི་དཔྱིད་ཀ་དེས
དེ་རིང་ཟི་ལིང་ལ་ནམ་ཟླ་གཞན་ཞིག་ཁྲིད་འོང་བས
ཟི་ལིང་གི་བར་སྣང་ན  ཁ་བའི་འདབ་མ་དང་གཏམ་རྒྱུད
པོ་ཏྰ་ལའི་འོད་དང་འོད་ཟེར་གྱི་ཤམ་བུ་དག
བཞུར་གྱིན་འདུག་ལ  ད་དུང
སྤྲིན་པ་དེའི་འཕྱོ་སྟངས་དང་རླུང་བུ་དེའི་རྒྱུ་སྟངས་ནི
གཡོ་ཟོལ་དང་གདུག་རྩུབ་མེད་པའི་མེ་ཏོག་དཀར་པོ་ཞིག
 
དེ་རིང་ཙོང་ཆུ་སྔོན་མོའི་ཁུག་པ་ན་ཉལ་བའི་ཟི་ལིང་གི་བོད་མི
ལུས་ངག་ཡིད་གསུམ་གྱི་ཟྭ་སྒོ་འབྱེད་པའི་ལྡེ་མིག་ཅིག
ཕྱི་གཙང་ནང་གཙང་ཡིན་པའི་ཤེལ་གྱི་ཕོར་བ་ཞིག
ཁང་བརྩེགས་དང་འུར་ཟིང་གིས་མ་སྦགས་པར་གློ་རྡེག་ལ
ཟི་ལིང་གི་གྲུ་ག་ཞིག་ནས་རྙེད་ཅིང  གློ་རྡེག་ལ
ཟི་ལིང་གི་གྲུ་ག་ཞིག་ནས་བྲལ་ཡང  དུས་རྟག་པར
དངུལ་གྱི་སྒྲོམ་ཆུང་ན་བསྐྱིལ་བའི་མར་མེ་རྐོང་བུ་གང
 
ཟི་ལིང་ལ་ནམ་རྒྱུན་འོང་ཡང་ དེ་རིང་གི་ཟི་ལིང་ནི
རྟོག་པ་འོག་མའི་ཀློང་ན་འབར་བཞིན་པའི་མེ་ལྕེ་སྔོན་པོ་ཞིག
མེ་ལྕེ་དེའི་རྩེ་མོ་ན  ཁྲི་ཤོར་རྒྱལ་མོའི་མིག་ཆུ་རྡོག་པོ་གཅིག
སེམས་དང་བསམ་པ་འདྲེས་པའི་གཡང་ལ་ལྕེབས
 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།