མཁའ་འགྲོའི་བརྩེ་གླུ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-26

སྣང་བ་བདེ་ཆེན་གྱིས་བྲོ་གར་འཁྲབ་ས།
རྩོད་མེད་རིག་འཛིན་ཚོས་སྤྱན་མིག་སྐོར་ས།།
མཁའ་འགྲོའི་མྱོས་བུམ་གྱི་ཟེའུ་འབྲུ་སྣུམ་པོ།།
ཟབ་ཞི་སྤྲོས་བྲལ་གྱི་ཀློང་དུ་མ་ཁུག།
མིག་ལ་མིག་སྨན་གྱི་རྩི་ཞིག་མ་བསྒོས།།
ལུས་ལ་དྲི་ཞིམ་གྱི་ཆང་ཡང་མ་བྱུགས།།
སྣང་སྟོང་གཉིས་མེད་ཀྱི་ལྷ་མོ་ཁྱོད་རང༌།།
རྟེན་འབྲེལ་ཟུར་མིག་གིས་མགྲོན་ལ་བསུས་བྱུང༌།།
ཕྱི་གསལ་ནང་གསལ་གྱི་བརྩེ་བའི་སྡོམ་ཐག།
དྲན་ཤེས་སྤར་མོ་ཡིས་ཤོར་དུ་མ་བཅུག།
ཁྲེལ་དང་ཕྱི་ཐག་གི་གསེར་རིའི་སྤོ་ལ།།
སྐྱོ་བ་དར་དཀར་གྱི་ལབ་ཙེ་བརྩིགས་ཡོད།།
ལོ་ཟླ་ཆུ་མོ་ཡི་གཤོང་ལ་ལྷུང་བའི།།
མི་ཚེ་མེ་ཏོག་གི་འདབ་ལོ་གཉོམ་པོ།།
རེས་སྐྱིད་རེས་སྡུག་གི་རླབས་ཀྱིས་སྐྱོད་བཞིན།།
འདས་པའི་འཚོ་བ་ལ་ཞེ་ནས་འཁྲེང་འདུག།
གཡོ་མེད་ཏིང་འཛིན་གྱི་ཞལ་ཁེབ་བཀྱགས་དུས།།
སེམས་ཀྱི་ལྷ་མོ་དེ་སྒྲོལ་མར་འཁྲུལ་འོང༌།།
འདི་ཕྱིའི་སྐྱབས་གནས་ལ་སྙིང་ནས་རེ་འང༌།།
གསོལ་འདེབས་ཚིག་གཅིག་ཀྱང་འབྲི་ལོང་མ་བྱུང༌།།
རྣལ་འབྱོར་ཚངས་དབྱངས་པའི་མགུར་གླུ་ཞིག་གིས།།
བརྩེ་བའི་རྒྱལ་ཁམས་དེ་མཚོན་པར་བྱས་ཤིང༌།།
སྙན་ངག་མེ་ཏོག་གི་མཆོད་པའི་ཕུང་པོ།།
ཟག་མེད་སྒྱུ་འཕྲུལ་གྱི་རོལ་བར་བསྐུར་ཡོད།།
སྔོན་བསགས་ལས་འཕྲོ་ཡི་ཤིང་རྟ་འདེད་མཁན།།
སུ་ཡིན་འདི་ཡིན་ལ་གསལ་ཁ་མེད་རུང༌།།
དུངས་པ་གསེར་དངུལ་གྱི་ལེགས་སྐྱེས་འདི་ཀོ།
སྙིང་གི་དཀྱིལ་འཁོར་ནས་འབུལ་མཁན་ང་ཡིན།།
ཕན་ཚུན་ལྷན་འཛོམས་ཀྱི་དགའ་བའི་འཁོར་ལོ།།
གཡས་སྐོར་གཡོན་སྐོར་ལ་བྲེལ་བའི་མི་ཚེ།།
གཞི་མེད་རྩ་བྲལ་གྱི་སྒོམ་ལ་ཞུགས་དུས།།
སྲིད་ཞི་མཉམ་ཉིད་ཀྱི་བདེ་བ་རེག་འོང༌།།
ཀུན་རྫོབ་པྲ་མཁན་གྱི་ཐག་པའི་སྣེ་ན།།
ལྷ་མོའི་ཞལ་རས་དེ་གཡུ་ཆུང་དྲུག་དཀར།།
སྐྱེ་བ་ཐེངས་གཅིག་ལ་རྙེད་འདོད་ཆེ་འང༌།།
དམ་ཚིག་ལྕགས་རི་ཞིག་མཐའ་ན་བསྐོར་ཡོད།།
ལས་དང་སྨོན་ལམ་གྱི་མར་མེ་དམར་པོ།།
མཆོག་གསུམ་བདེན་པ་ཡི་མདུན་དུ་བཤམས་ནས།།
འགྱུར་མེད་གཉུག་སེམས་ཀྱི་དཀྱིལ་འཁོར་ངོས་ལ།།
ཚེ་རབས་ལས་འཕྲོ་དེའི་ཕྱག་རྒྱ་འབྲི་དགོས།།
རྟོག་པའི་དྲ་བ་ཡི་ཕ་རོལ་ཞིག་ན།།
བློས་ཐུབ་ཡིད་བཞིན་གྱི་ནོར་བུ་གསོན་པོ།།
ཞི་དུལ་བག་ཡོད་ཀྱི་གླང་བོར་བཅིབས་ནས།།
ཀུན་ཏུ་རྒྱུ་བ་ དེའི་ངང་ཚུལ་དྲན་ནོ།།
མཁའ་འགྲོའི་འཁོར་ཚོགས་ཀྱི་སྐེད་སྐབས་བར་ནས།།
འཇའ་ཚོན་སྣ་ལྔ་ཡི་ལྡ་ལྡི་བྲེས་ཤིང༌།།
སྒེག་པའི་ཉམས་འགྱུར་གྱི་རི་མོ་བྲིས་ཀྱང༌།།
སེམས་ཀྱི་ལྷ་མོ་དེར་འགྲན་དུ་མ་དམིགས།།
རྡོ་རྗེའི་ཤུགས་གླུ་འདིའི་དབྱངས་རྟ་སྙན་མོ།།
སྲིད་གསུམ་ཟིལ་གནོན་གྱི་མགྲོན་པོར་ཆས་ན།།
དགའ་བ་བརྒྱ་ལྡན་གྱི་བརྩེ་བའི་དྭངས་མ།།
ཟུང་འཇུག་བདེ་ཆེན་གྱི་ཐབས་སུ་བསྔོ་འོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་འགྲོའི་བརྩེ་གླུ།

2009-02-26 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

སྣང་བ་བདེ་ཆེན་གྱིས་བྲོ་གར་འཁྲབ་ས།
རྩོད་མེད་རིག་འཛིན་ཚོས་སྤྱན་མིག་སྐོར་ས།།
མཁའ་འགྲོའི་མྱོས་བུམ་གྱི་ཟེའུ་འབྲུ་སྣུམ་པོ།།
ཟབ་ཞི་སྤྲོས་བྲལ་གྱི་ཀློང་དུ་མ་ཁུག།
མིག་ལ་མིག་སྨན་གྱི་རྩི་ཞིག་མ་བསྒོས།།
ལུས་ལ་དྲི་ཞིམ་གྱི་ཆང་ཡང་མ་བྱུགས།།
སྣང་སྟོང་གཉིས་མེད་ཀྱི་ལྷ་མོ་ཁྱོད་རང༌།།
རྟེན་འབྲེལ་ཟུར་མིག་གིས་མགྲོན་ལ་བསུས་བྱུང༌།།
ཕྱི་གསལ་ནང་གསལ་གྱི་བརྩེ་བའི་སྡོམ་ཐག།
དྲན་ཤེས་སྤར་མོ་ཡིས་ཤོར་དུ་མ་བཅུག།
ཁྲེལ་དང་ཕྱི་ཐག་གི་གསེར་རིའི་སྤོ་ལ།།
སྐྱོ་བ་དར་དཀར་གྱི་ལབ་ཙེ་བརྩིགས་ཡོད།།
ལོ་ཟླ་ཆུ་མོ་ཡི་གཤོང་ལ་ལྷུང་བའི།།
མི་ཚེ་མེ་ཏོག་གི་འདབ་ལོ་གཉོམ་པོ།།
རེས་སྐྱིད་རེས་སྡུག་གི་རླབས་ཀྱིས་སྐྱོད་བཞིན།།
འདས་པའི་འཚོ་བ་ལ་ཞེ་ནས་འཁྲེང་འདུག།
གཡོ་མེད་ཏིང་འཛིན་གྱི་ཞལ་ཁེབ་བཀྱགས་དུས།།
སེམས་ཀྱི་ལྷ་མོ་དེ་སྒྲོལ་མར་འཁྲུལ་འོང༌།།
འདི་ཕྱིའི་སྐྱབས་གནས་ལ་སྙིང་ནས་རེ་འང༌།།
གསོལ་འདེབས་ཚིག་གཅིག་ཀྱང་འབྲི་ལོང་མ་བྱུང༌།།
རྣལ་འབྱོར་ཚངས་དབྱངས་པའི་མགུར་གླུ་ཞིག་གིས།།
བརྩེ་བའི་རྒྱལ་ཁམས་དེ་མཚོན་པར་བྱས་ཤིང༌།།
སྙན་ངག་མེ་ཏོག་གི་མཆོད་པའི་ཕུང་པོ།།
ཟག་མེད་སྒྱུ་འཕྲུལ་གྱི་རོལ་བར་བསྐུར་ཡོད།།
སྔོན་བསགས་ལས་འཕྲོ་ཡི་ཤིང་རྟ་འདེད་མཁན།།
སུ་ཡིན་འདི་ཡིན་ལ་གསལ་ཁ་མེད་རུང༌།།
དུངས་པ་གསེར་དངུལ་གྱི་ལེགས་སྐྱེས་འདི་ཀོ།
སྙིང་གི་དཀྱིལ་འཁོར་ནས་འབུལ་མཁན་ང་ཡིན།།
ཕན་ཚུན་ལྷན་འཛོམས་ཀྱི་དགའ་བའི་འཁོར་ལོ།།
གཡས་སྐོར་གཡོན་སྐོར་ལ་བྲེལ་བའི་མི་ཚེ།།
གཞི་མེད་རྩ་བྲལ་གྱི་སྒོམ་ལ་ཞུགས་དུས།།
སྲིད་ཞི་མཉམ་ཉིད་ཀྱི་བདེ་བ་རེག་འོང༌།།
ཀུན་རྫོབ་པྲ་མཁན་གྱི་ཐག་པའི་སྣེ་ན།།
ལྷ་མོའི་ཞལ་རས་དེ་གཡུ་ཆུང་དྲུག་དཀར།།
སྐྱེ་བ་ཐེངས་གཅིག་ལ་རྙེད་འདོད་ཆེ་འང༌།།
དམ་ཚིག་ལྕགས་རི་ཞིག་མཐའ་ན་བསྐོར་ཡོད།།
ལས་དང་སྨོན་ལམ་གྱི་མར་མེ་དམར་པོ།།
མཆོག་གསུམ་བདེན་པ་ཡི་མདུན་དུ་བཤམས་ནས།།
འགྱུར་མེད་གཉུག་སེམས་ཀྱི་དཀྱིལ་འཁོར་ངོས་ལ།།
ཚེ་རབས་ལས་འཕྲོ་དེའི་ཕྱག་རྒྱ་འབྲི་དགོས།།
རྟོག་པའི་དྲ་བ་ཡི་ཕ་རོལ་ཞིག་ན།།
བློས་ཐུབ་ཡིད་བཞིན་གྱི་ནོར་བུ་གསོན་པོ།།
ཞི་དུལ་བག་ཡོད་ཀྱི་གླང་བོར་བཅིབས་ནས།།
ཀུན་ཏུ་རྒྱུ་བ་ དེའི་ངང་ཚུལ་དྲན་ནོ།།
མཁའ་འགྲོའི་འཁོར་ཚོགས་ཀྱི་སྐེད་སྐབས་བར་ནས།།
འཇའ་ཚོན་སྣ་ལྔ་ཡི་ལྡ་ལྡི་བྲེས་ཤིང༌།།
སྒེག་པའི་ཉམས་འགྱུར་གྱི་རི་མོ་བྲིས་ཀྱང༌།།
སེམས་ཀྱི་ལྷ་མོ་དེར་འགྲན་དུ་མ་དམིགས།།
རྡོ་རྗེའི་ཤུགས་གླུ་འདིའི་དབྱངས་རྟ་སྙན་མོ།།
སྲིད་གསུམ་ཟིལ་གནོན་གྱི་མགྲོན་པོར་ཆས་ན།།
དགའ་བ་བརྒྱ་ལྡན་གྱི་བརྩེ་བའི་དྭངས་མ།།
ཟུང་འཇུག་བདེ་ཆེན་གྱི་ཐབས་སུ་བསྔོ་འོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།