མཁའ་འགྲོ་འཚོ། ངའི་སེམས་པ་དེ་གང་དུ་འཇོག

རླུང་བུས་སྟོན་འཇུག་གི་གནམ་གཤིས་ཆུ་ལ་དེད
ཆུ་བོས་ངའི་སེམས་པ་ཁུར་ནས་ཕྱོགས་ཤིག་སྙེག
ཆུ་བོའི་རབ་ཁ་རེ་ནས རྟ་ཕོ་ཞོགས་ཐེངས་རེ་རེར
འཇིགས་སྐྲག་ངང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བཞུར་སྣང་སྐྱེས
གང་ལྟར་ཀྱང འཁྲེང་ཞེན་ཕྱིར་ཐོགས་པའི་ཟུར་གསུམ་མ
རྐན་སྒྲ་མེད་པའི་མཆུ་མ་དེས་གཅུད་ནས་འགྲོ་དགོས་ཨང
ཚ་ལམ་ལམ་གྱི་དུས་ཚོད ང་གཏོང་བར་ཞུ
གྲང་ཤུར་ཤུར་གྱི་སེམས་པ ང་གློད་པར་ཞུ
ཨ སུས་ཀྱང་མི་ཐེག་པའི་ཁུར་བོ་དེ་གང་དུ་འཇོག

ས་གཞི་སྲ་འཐས་སུ་གྱུར་བའི་ཁ་སང་དེ་རིང
བཙག་གི་ཧྲག་བར་ན གཟིམ་མི་ཐུབ་པའི་ཚེ་འབར་ཆ་གཅིག
ནམ་ཡང་བསྒྲོན་སོང
གྲུབ་ཟིན་པའི་སེམས་བྱུང་གི་གདུང་པ
ལས་དབང་གིས་བྲིས་པའི་གཟུགས་རིས་ཡིན་ནམ
དུང་བ་དང་རྣམ་སྨིན་ལ་འཐམ་པའི་གཤེད་མ་ཡིན
འཁྱག་སབ་སིབ་ཀྱི་བཙག་ལྡོམ ང་ཤི་རུ་ཆུགས
ནག་རོག་རོག་གི་མུན་ནག ང་སད་དུ་ཆུགས
ཨ སུས་ཀྱང་སློག་མི་འདོད་པའི་སེམས་པ་དེ་གང་དུ་འཇོག

མེ་ལྕེ་སེམས་ཀྱིས་མྱོང་པའི་དུས་ཚོད་སྐྱུར་བོ
མཁའ་ལ་འཕྱུར་བའི་དུད་ཞགས་ཤིག་སྟེ
ཁྱོད་ལ་གཏད་པའི་དགུ་ཚིགས་རིང་མོ་ཡིན
དུས་གཏན་དུ
སྐྱོ་ལྷང་ལྷང་གི་སེམས་པ ང་ལ་ཀུ་ཡང་གནོངས
བརྟན་ལྕུག་ལྕུག་གི་བརྩེ་དུང ང་ལ་བཟོད་སྒོམ་བྱོས
ཨ སུས་ཀྱང་མནར་གཅོད་གཏོང་མི་འདོད་པའི་སེམས་པ་དེ་གང་དུ་འཇོག 
                                2007 11 19གཟའ་ཟླ་བའི་ཉིན་རྒྱ་རོང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་འགྲོ་འཚོ། ངའི་སེམས་པ་དེ་གང་དུ་འཇོག

2009-02-24 རྣོ་ཟུར། ཀློག་གྲངས། མཆན ཡོད།

རླུང་བུས་སྟོན་འཇུག་གི་གནམ་གཤིས་ཆུ་ལ་དེད
ཆུ་བོས་ངའི་སེམས་པ་ཁུར་ནས་ཕྱོགས་ཤིག་སྙེག
ཆུ་བོའི་རབ་ཁ་རེ་ནས རྟ་ཕོ་ཞོགས་ཐེངས་རེ་རེར
འཇིགས་སྐྲག་ངང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བཞུར་སྣང་སྐྱེས
གང་ལྟར་ཀྱང འཁྲེང་ཞེན་ཕྱིར་ཐོགས་པའི་ཟུར་གསུམ་མ
རྐན་སྒྲ་མེད་པའི་མཆུ་མ་དེས་གཅུད་ནས་འགྲོ་དགོས་ཨང
ཚ་ལམ་ལམ་གྱི་དུས་ཚོད ང་གཏོང་བར་ཞུ
གྲང་ཤུར་ཤུར་གྱི་སེམས་པ ང་གློད་པར་ཞུ
ཨ སུས་ཀྱང་མི་ཐེག་པའི་ཁུར་བོ་དེ་གང་དུ་འཇོག

ས་གཞི་སྲ་འཐས་སུ་གྱུར་བའི་ཁ་སང་དེ་རིང
བཙག་གི་ཧྲག་བར་ན གཟིམ་མི་ཐུབ་པའི་ཚེ་འབར་ཆ་གཅིག
ནམ་ཡང་བསྒྲོན་སོང
གྲུབ་ཟིན་པའི་སེམས་བྱུང་གི་གདུང་པ
ལས་དབང་གིས་བྲིས་པའི་གཟུགས་རིས་ཡིན་ནམ
དུང་བ་དང་རྣམ་སྨིན་ལ་འཐམ་པའི་གཤེད་མ་ཡིན
འཁྱག་སབ་སིབ་ཀྱི་བཙག་ལྡོམ ང་ཤི་རུ་ཆུགས
ནག་རོག་རོག་གི་མུན་ནག ང་སད་དུ་ཆུགས
ཨ སུས་ཀྱང་སློག་མི་འདོད་པའི་སེམས་པ་དེ་གང་དུ་འཇོག

མེ་ལྕེ་སེམས་ཀྱིས་མྱོང་པའི་དུས་ཚོད་སྐྱུར་བོ
མཁའ་ལ་འཕྱུར་བའི་དུད་ཞགས་ཤིག་སྟེ
ཁྱོད་ལ་གཏད་པའི་དགུ་ཚིགས་རིང་མོ་ཡིན
དུས་གཏན་དུ
སྐྱོ་ལྷང་ལྷང་གི་སེམས་པ ང་ལ་ཀུ་ཡང་གནོངས
བརྟན་ལྕུག་ལྕུག་གི་བརྩེ་དུང ང་ལ་བཟོད་སྒོམ་བྱོས
ཨ སུས་ཀྱང་མནར་གཅོད་གཏོང་མི་འདོད་པའི་སེམས་པ་དེ་གང་དུ་འཇོག 
                                2007 11 19གཟའ་ཟླ་བའི་ཉིན་རྒྱ་རོང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།