ཅི་ཡང་ཚོར་ན་མི་འདོད་པའི་མི་རབས་འདི།

གྲུ་ག་དང་གྲུ་ག་རེ་རེ་ན་འཚང་བའི་གོམ་སྟབས་དེ་མཐོང་དུས
མ་གཞི་ནས་མི་ནི་རང་གི་ལམ་བུ་དེའི་ཆེད་དུ་མནར་གཅོད་མྱོང་མཁན་ཞིག
ཚུལ་འཆོས་ཀྱིས་ཡོངས་སུ་སྦག་པའི་ངོ་གདོང་དང་སྐད་ཆ
འབྲེལ་འདྲིས་དང་བསྟོད་དབྱངས་ཀྱི་འགུལ་རླབས
དེ་དག་ནི་རང་ཉིད་གཅེར་བུར་མངོན་བྱེད་ཀྱི་སྒྱུ་རྩལ་ཐབས་སྡུག་ཞིག་འདུག

སུ་ཞིག་གིས་རང་ཉིད་མེ་ལྕེ་བཞིན་ཆེ་ཆེར་འབར་ན་བསམ་བྱུང
སུ་ཞིག་གིས་རང་ཉིད་མར་ལོ་བཞིན་ཞིམ་པོ་ཞིག་ཡིན་ན་འདོད
འོན་ཀྱང་དེ་དག་ཐམས་ཅད་ལ་འདང་རེ་རྒྱབ་ན
ཡོད་ཚད་རང་གི་བརྩེ་བ་འཚོལ་བའི་གོ་རིམ་ཞིག་ལས་མ་འདས་ཤིང
རྩྭ་ཐང་གི་མེ་ཏོག་མཐོང་བ་ལས་སྤང་ལྗོངས་མི་མཐོང་བའི་དུས་ནས
རང་ཉིད་སྒེར་དོན་གྱིས་ཡོངས་སུ་མནར་བའི་འབུ་དང་སྲོག་ཆགས་གཞན་དུ་འགྱུར་བ་མཐོང
མེ་ལོང་ལས་ལྡོག་འོད་བཞིན་འཕྲོས་པའི་རང་ཉིད་ཟེར་བ་འདི
གཞན་སུ་ཞིག་གི་མདུན་དུ་ཡག་པོ་ཞིག་ཏུ་གྱུར་ན་འདོད་ཆེ་བས
ན་ཟུག་མང་བོ་ཞིག་གི་དུས་ཚོད་འདི་ཡིས་བརླག་གིན་འདུག

ང་ཚོ་རང་དབང་དང་དྭངས་གཙང་ཞིག་གིས་གསོན་ཐུབ་བམ
ང་ཚོ་གཞན་ལ་མི་དབང་བའི་མི་ངོ་མ་ཞིག་ཏུ་འགྱུར་ཐུབ་བམ

ལོ་དང་ནམ་ཟླར་མཐུད་ནས
རང་ཉིད་ཇི་ལྟར་བཟོ་བཅོས་ཀྱིས་བརྒྱན་ནའང
དེ་ཡི་འཇིག་རྟེན་སྔར་བཞིན་འབའ་འབུར་དང་གྱ་གྱུ་ལྡན་པ་ཞིག་ལ
རང་ཉིད་ལ་མངར་ཁ་ཆེ་བའི་གཟུགས་མེད་ཀྱི་འགུལ་བསྐྱོད་དེ་དག
ཆུ་བོ་བཞུར་ཤུལ་གྱི་ཕ་བོང་བཞིན་ལུས
འདི་ལྟར་བསམ་ན་མི་ཚེ་ཞིག་གི་ཁ་ཆར་དང་བུ་ཡུག
རང་ཉིད་ཀྱི་གསོན་ཤུགས་ལ་མ་དབང་བའི་ན་བུན་འདྲ་ལ
ཆགས་སྡང་དང་འདུ་ཤེས་ཀྱི་སིམ་ཚོར་ཡལ་བ་འདིས
སྨྲ་བརྗོད་བྲལ་བའི་རི་བོ་དེ་དག་གི་སེམས་ཀྱི་སྡུག་བསྔལ་མི་དྲན་བྱུང
ཁོར་ཡུག་འདིའི་ཡིད་དུ་མི་འོང་བ་ཁ་ཤས་ཀྱང་འདི་ལྟར་ཁ་རོག་གེར་འཇིག་པར་བཏང

སྣང་བ་མཐོ་ནས་དབུགས་སྒང་བཞིན་འགད་ལ་ཉེ་བའི་མི་རབས་འདི
འཚོ་བ་སྐྱིད་པོ་རོལ་ཞིང་ན་ཟུག་མི་དགོས་པའི་མི་རབས་འདིའི་སྙན་ངག་པ
བདེ་བ་ལ་རོལ་ནས་རིག་གནས་ལ་བརྩོན་པའི་སློབ་ཆེན་པའི་ངལ་དུབ
ད་དུང་ཁ་ལྡང་ཞིང་མིག་ཅེར་ནས་བལྟ་བར་གོམས་པའི་དྲ་ངོས་མདུན་གྱི་འཕྲུལ་སྣང་ཅན་དག
རྩམ་དྲི་དང་འོ་དྲི་ཡལ་ནས་སྐྱག་དྲི་བྲོ་བའི་མ་ནིང་ལྟ་བུའི་མི་རིགས་ཀྱི་ཉེས་པ་ཅན
འདི་དག་གི་རྐྱེན་གྱིས་སླར་ཡང་སྙན་ངག་ཅིག་འབྲི་ན་འདོད་ཅིང
བྲིས་ཀྱིན་བྲིས་ཀྱིན་ཅི་ཞིག་མངོན་སུམ་གྱིས་ཚོར་ན་འདོད 
                                ༢༠༠༨ལོའི་ཟླ་༡པའི་ཚེས་༦ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅི་ཡང་ཚོར་ན་མི་འདོད་པའི་མི་རབས་འདི།

2009-02-24 ལྡོང་འོད་འཁྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།