ཁེངས་རློམ་མི་འདོར་བའི་མི་དེ།

དུས་ཚོད་ཀྱི་ཐག་སྒྲ་ཐོས་པ་ཙམ་གྱིས་དུས་ཚོད་ཀྱི་རིན་ཐང་རྟོགས་སོང་བ་ཡིན་ནམ།
རྡོག་ལམ་མཐོང་མཁན་ཡོད་ཚད་བསམ་བློ་བ་རེད་ཟེར་ན་སུའི་རྣར་འགྲོ།
རང་སྣང་ལས་འདས་པའི་སྟོང་བསམ་ལ་གོམ་པ་འདེགས་དུས།
ཁྱོད་ཀྱི་རྐང་འོག་ན་ས་ཆེན་མེད་ལ་མགོ་ཐོག་གི་གནམ་སྔོན་པོར་ཡང་བུ་ག་ཡོད་ཚོད་རེད།
ང་རྒྱལ་དང་རློམ་སེམས་ནི་གཞན་དབང་གི་སེམས་བྱུང་ཙམ་དུ་ཟད་ཀྱང༌།
སེམས་བྱུང་དེའི་དབྱིངས་ལ་ཞུགས་པའི་སྨྲ་ཤེས་ཀྱི་སྲོག་ལྡན་ཁྱོད།
ངའི་འཇིག་རྟེན་ན་བག་ཡངས་ཀྱིས་འཚོ་བའི་སེང་གེ་ཡིན་མི་སྲིད།

མཚམས་ལན་ལེར་སྟོབས་ལྡན་དུ་རློམ་པ་དག་ཉམ་ཆུང་ལས་ཕམ་པར་གཞིག་ན།
ཁྱོད་ཀྱང་དེའི་གྲས་ཀྱི་གཅིག་མིན་པའི་གདེང་དྲོད་སུ་ལ་ཡོད།
རྟོག་པ་ཟ་ཟིའི་སྨུག་པས་ཁྱོད་ཀྱི་ཤེས་རྒྱུད་ཀྱི་རི་ལུང་གཡོགས་དུས།
ཁྱོད་ཀྱི་ཁ་ལས་མཆེད་པ་མེ་དང་མིག་ལས་འཚེར་བ་མེ་སྟག་ཡིན་དུ་ཆུགས་ཀྱང༌།
ཁྱོད་རང་ནམ་རྒྱུན་གཉིད་ལབ་རྒྱག་མཁན་ཞིག་ཡིན་པར་བདག་གིས་ཁས་མི་ལེན།

དུས་རབས་གཅིག་ལ་གྲགས་ཆེ་བའི་རྩྭ་ཐང་གི་མི་ཕོ་དེས།
འབྲོང་གཡག་དར་མའི་རྭ་རྩལ་ལ་སྙིང་སྟོབས་བཅོལ་མྱོང་ཟེར་ན།
ཁྱོད་ཀྱི་ཁྲག་རྩར་རྒྱུ་བའི་བརླན་གཤེར་དེ་ཤུགས་ཀྱིས་འཕྱོ་བར་ཁག་མེད།
དོན་དམ་པར་ཁེངས་རློམ་དེར་སྲ་བརྟན་གྱི་རྨང་གཞི་ཡོད་ན་འགྲིག་གི
རྩམ་པས་འགྲངས་རྗེས་ཀྱི་ཁེངས་རློམ་ནི་རང་ཉིད་བཅོམ་བྱེད་ཀྱི་ཐོ་བའོ།།

རྩྭ་ཐང་ལ་བདག་པོ་རྒྱག་མཁན་ང་ཚོ་ཡིན་མིན་རི་སྐྱེས་ཚོགས་ལ་དྲིས་དང༌།
འབྲོག་གཡག་དང་སྤྱང་སྟག་སོགས་ནི་སྒལ་ཚུགས་ཅན་དུ་ཁྱོད་ཀྱིས་ཀྱང་འདོད་པ་མིན་ནམ།
ཕྱིར་རྟོག་མེད་པའི་མདུན་སྐྱོད་ཀྱི་ནག་ཉེས་སམ་གང་ལྟར་ཀྱང༌།
ཁ་སང་དེ་རིང་ང་ཚོའི་བདེན་དཔང་དུ་རྩྭ་གཟན་དང་གཅན་གཟན་ལས་གང་ཡང་མེད།
བདེན་པ་ལས་བརྒལ་བའི་བདེན་པ་ཞིག་ལ་ཧབ་ཐོབ་རྒྱག་བསམ་ན།
ང་ཚོའི་རྩྭ་ཐང་དུ་རྒོད་པོ་འཁོར་མྱོང་བ་དྲན་པར་གྱིས་ཤིག་དང༌།
ཕྱིར་རྟོག་ཅན་གྱི་ཁེངས་རློམ་ནི་ངེས་དོན་གྱི་ཁེངས་རློམ་རང་ཡིན།

ཕ་མ་སྤུན་མཆེད་ཀྱི་དྲུང་དུ་ཡང་མགོ་བོ་འདེགས་མི་ཕོད་པ།
སེམས་གཤིས་སུ་གྱུར་བའི་བག་ཆཊ་ཡིན་ནམ་དགྲ་བོས་བྱིན་པའི་གནོན་ཤུགས་ཡིན།
ཉག་ཕྲ་བའི་མཛེས་སྡུག་ཙམ་པོ་བའི་ཕྱིར་དུ་རླབས་ཆེན་གྱི་ཚེ་སྲོག་གཏོང་བ།
རྒྱལ་ཁ་ཞིག་གི་སྔོན་འགྲོ་ཡིན་ནམ་འཆི་ཁ་མའི་དབུགས་དབྱུང་ཡིན།
གཞན་རྟེན་ནི་མི་དང་ཁྱིས་མི་ཁོག་པའི་ནང་རྐུན་ཁྲེལ་མེད་ཅིག་ཡིན་ཚེ།
ང་ཚོར་རྐུན་མ་སྒོར་ཕྱུང་ཞིང་སྒོ་འཕར་རྡོ་ཡིས་གཅོད་པའི་དུས་ཤིག་ཨེ་ཡོད།
ཉིན་སྣེར་མཚན་མཐུད་དེ་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ནི།
གཉིད་ལ་ཡུར་བའི་བྱིས་པ་དང་འདུ་འཛིར་མི་དགའ་བའི་ལོ་ལོན་ཚོར་ཕན་པར་འདོད་ཀྱང༌།
ད་སོ་མར་མི་སྐད་བསླབ་འདོད་ཀྱི་ཚོགས་ཁག་ལ་དེ་ལས་གནོད་པ་གང་ན་ཡོད།
ཁྱོད་ཀྱིས་རྣ་བ་གཏོད་ལ་གསལ་རིག་གི་སེམས་པས་ཞིབ་ཏུ་སོམས་དང༌།
ཁོར་ཡུག་འདིའི་མང་བོ་ཞིག་གིས་ང་ཚོར་མུ་ནས་མུ་རུ་དྲི་བ་འདོན་བཞིན་འདུག
ཚུལ་དེ་ནི་ལྷ་སྒྲུང་ནང་གི་སྙིང་ཉེ་བའི་དྲི་གཞི་དག་དང་གཏན་ནས་མི་འདྲ།

རྩྭ་ཐང་ནི་ཁྱོད་ཀྱིས་བཤད་པ་ལྟར་ཡངས་ཤིང་རྒྱ་ཆེ་ཞིག་ཡིན་ནམ།
རྩྭ་ཐང་ནི་ཁྱོད་ཀྱིས་བཤད་པ་ལྟར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་ནམ།
རྨི་ལམ་དང་རྨི་ལམ་ལྟ་བུའི་མལ་ས་དྲོན་མོ་དེ་ནས་མགོ་བོ་དགྱེ་དུས།
ངས་རྩྭ་ཐང་ན་རང་ཉིད་ཀྱི་ཕ་ལོ་ཤོང་བའི་གནས་ཚང་མེད་པ་རྟོགས་ཤིང༌།
རྩྭ་ཐང་ལ་ཡང་བྱང་ཐང་ལྟ་བུའི་འགྲེལ་རྒྱག་ཚུལ་ཁྱད་པར་བ་ཞིག་ཡོད་པ་ཚོར།
གཞན་དུ་ན་རྩྭ་ཐང་ལ་རྩད་པ་གཏོར་མཁན་གྱི་སྲོག་ཆགས་ཤིག་སླེབས་པ་ཡིན་ནམ།
དེ་ནས་བཟུང་ངའི་རྩྭ་ཐང་དུ་རང་སྟོབས་ཀྱིས་འགྲེང་བའི་སྡོང་བོ་ཞིག་སྐྱེས་མ་སོང༌།

རྭ་རྩེ་ལ་སྦྲང་ནག་འཁོར་དུ་མི་འཇུག་པ་སྦྱོང་བརྡར་གྱིས་དྲངས་པའི་ཁེངས་རློམ་ཡིན་མོད།
ཁྱོད་ཀྱིས་ཚོད་ཚོད་ལ་སྐེ་གཅུ་རྒྱག་པ་ནི་རང་ཉིད་ལ་བསླངས་པའི་ན་ཟུག་རེད།
ཁྱོད་ཀྱི་ལྷམ་ཐོག་ལ་བབས་པའི་ས་རྡུལ་དེ་ང་ལ་འབྲེལ་བ་སྤུ་ཙམ་མེད་ཀྱང༌།
ཁྱོད་ཀྱིས་དེ་ལས་ང་ལ་ཁྱོད་ཀྱི་ངོ་གདོང་གཞན་ཞིག་བསྟན་སོང་སྟེ།
ཚུལ་དེ་ཁྱོད་ཀྱི་ཁ་གཉེར་སྣ་བརྫེས་ཀྱི་བྱེད་སྟངས་ཁོ་ནས་བསྟན་པའང་མིན་ནོ།།

ངས་རྩྭ་ཐང་གི་ཆེས་མཇུག་མཐའི་རྒྱལ་མོ་དེ་སུ་ཡིན་མི་ཤེས་ཀྱང༌།
ཁོ་མོའི་བེར་ནག་གིས་བྱིལ་བྱིལ་གནང་མྱོང་བའི་རྟ་ཕོའི་འཚེར་སྐད་ད་དུང་ཐོས་ཡོང༌།
རྩྭ་ཐང་ནི་གནམ་ས་གཉིས་ཀྱི་འདྲེས་མཚམས་ཡིན་པར་ཆུང་དུས་བསམས་ལ།
གནམ་ས་གཉིས་ཀྱི་མཐུན་སྦྱོར་དེ་རྩྭ་ཐང་གི་རི་གླུ་ལ་འབྲེལ་བ་ཡོད་པར་དེ་རིང་བསམས།
རེད་དེ། རྒྱལ་མོ་དེའི་མཁས་མཛངས་ཀྱི་སེམས་གཤིས་ལས་བརྩེ་བ་འཁྲུངས་ཤིང༌།
བརྩེ་བའི་མེ་ཕུང་དེའི་སྐོར་བྲོར་རོལ་མྱོང་མཁན་རྩྭ་ཐང་ན་ག་ཚོད་ཡོད་དམ།

ཁྱོད་རང་རང་ཉིད་ཀྱི་སྡོད་ས་ནས་ཧར་གྱིས་འགྲེང་སྟེ་ཀི་རིང་ཞིག་བཏབ་པ་ནི༌།
ཁྱོད་ལ་རུས་རྐང་དང་སྐད་ངག་ཡོད་པ་བདེན་དཔང་བྱས་པ་ཙམ་རེད།
གལ་ཏེ་ཁྱོད་ཀྱིས་རྟོགས་སད་ཀྱི་བསམ་བློ་ནི་ཚ་བ་མེ་དང་འདྲ་བ་ཞིག་ཡིན་པ་རྟོགས་ཚེ།
རང་ཉིད་ཀྱི་བྲང་གཞུང་རྡོ་ལྟར་འཁྱག་པའི་འབྱུང་རྩ་ལ་བསམ་བློ་གཏོང་ངེས།
ད་དུང་ཁྱོད་ཀྱིས་ཅིས་ཀྱང་ཆེས་ཐོག་མར་ཤེས་རྒྱུ་ཞིག་ལ།
ཁྱོད་ཀྱི་རྐང་འོག་གི་སྲ་མཁྲེགས་ཅན་དེ་ས་གཞི་ཆེན་པོ་ལས་ཀོ་གདན་མ་རེད།

ཆར་བ་ཞིག་གློ་བུར་བབས་ཤིང་འཇའ་ཚོན་ཞིག་བསླུ་བྲིད་ཀྱིས་ཤར་བ་དེས།
ཁྱོད་ལ་བློ་ཡུལ་འདས་པའི་ཐོབ་བྱ་ཅི་ཡང་མ་ཐོབ་སྟེ།
སྔོན་ཆད་ཀྱང་དཔྱིད་ཆར་མ་ཡིན་པའི་ཆར་བའི་འབབ་སྟངས་ཤིག་ང་ཚོས་མཐོང་བ་མིན་ནམ།
གློག་འཁྱུག་ཅིང་འབྲུག་སྒྲ་ལྡིར་བ་ནི་རང་བྱུང་གི་སྣང་ཚུལ་ཙམ་ལས།
ཁྱོད་ཀྱིས་ཡིན་མདོག་གིས་སེམས་གཏམ་དང་བསྔགས་བརྗོད་གཏོར་ས་གཞར་ཡང་མིན་ལ།
སྐབས་སྐབས་སུ་རང་བྱུང་གི་བར་ཆད་ཁ་ཤས་ཀྱིས་ང་ཚོ་སྡུག་ལ་སྦྱོར།

ཁྱོད་ཀྱིས་རོལ་མོར་དུང་མཁན་ཁྱོད་ཁོ་ནར་བསམ་གྱིན་ཡོད་ནའང༌།
ལྕེབས་ཐག་གིས་དཔྱངས་པའི་ཅོང་རྙིང་རུལ་བ་དེ་ལས་གནའ་མིའི་དགའ་ཕྱོགས་ཚོར་ཡོང༌།
མ་གཞིར་མིའི་རིགས་ནི་རང་ཉིད་ཀྱི་ཆེད་དུ་རྣོ་ལྕགས་་མཁན་ཞིག་ཡིན་པས།
ཕུག་རོན་གྱི་གཤོག་སྒྲོ་ལྟ་བུའི་དངོས་ཆས་དེས་ཁྱོད་ཀྱི་མིག་ཆུ་འབྱིད་མི་ཐུབ།
ཁྱོད་ཀྱི་མིད་པར་བདེན་ལུགས་ཀྱི་ལུད་པ་བརྫངས་པ་བདེན་ཀྱང༌།
ཁ་མི་གྲགས་པར་མིག་ཆུ་ཁྲོམ་ཁྲོམ་བྱེད་དོན་གང་ཡིན།

མི་ལོ་མང་བོར་མི་ཁ་དང་དམོད་ཚིག་གི་བར་ནས་ཟོ་ཆུན་བཞིན་འཁོར་བའི་ཁྱོད་ལ།
མགོ་རུས་སྐམ་པོ་དེའི་གསེང་ན་ད་དུང་མིག་ཆུ་ཞིག་འཛུམ་རྒྱུ་ཡོད་པ་ངོ་མཚར་ཆེ་ཨང༌།

ཁྱོད་རང་ནམ་འཕང་གཅོད་པའི་བྱ་རྒོད་ཅིག་ཡིན་པ་གཞིར་བྱས།
མཁའ་དབྱངས་སུ་ལྡིང་སྐོར་རྒྱག་དུས།
ཡང་ནས་ཡང་དུ་མིག་ལམ་དུ་ཐོགས་འགྲོ་བ་ནི་སྙན་ངག་སྟེ་རྩྭ་ཐང་ཡིན་ཞིང༌།
མི་དེས་བྲིན་པ་འདོར་དུས་ཀྱང་ཁེངས་རློམ་མི་འདོར་བའི་གནད་འགག་དེ་ལ་ཐུག་ཡོད།
གོམ་པ་རེ་རེ་ཤུགས་ཀྱིས་སྤོ་བའི་སྙིང་སྟོབས་དེའི་ས་བོན་ལ།
རང་ཉིད་གཅིག་པུ་ད་བཟོད་བདག་པོར་རློམ་པའི་འཕྲུལ་སྣང་དེ་འཇོག་མི་སྲིད་ཀྱང༌།
སུ་ཞིག་གིས་རྐང་མར་གྱི་སྒྲོན་མེ་བཏེགས་ནས་རླབས་ཆེན་གྱི་གདམ་ཀ་བྱེད་དམ། 
                                                                     2008.04.24.ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེངས་རློམ་མི་འདོར་བའི་མི་དེ།

2009-02-24 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།