༡༡༥

བྱ་གཞུང་སྦྲ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-24

དོ་ནུབ བོད་ཟླ་དང་པོའི་ཚེས་ཆེན་བཅོ་ལྔ་རེད
ཟླ་འོད་ཀྱི་གཟི་མདངས་དེས་སྐར་ཚོགས་ཀྱང་ཟིལ་གྱིས་མནན་འདུག
རྒྱང་རིང་ངམ་ཐག་ཉེ་གང་རུང་ནས་སྦར་ཀྱིན་པའི་བསང་འོད
ང་རང་ལྷིང་འཇགས་ཀྱི་རོལ་དབྱངས་ལ་ཁེན་པའི་གདོང་ཐུག་དུ་འགྲེང

ཕ་རྒན་ཉི་མར་ལྡེ་སའི་དེའུ་འབུར་དེ
དོ་ནུབ ང་ཆང་གིས་བཟི་རྗེས་ཀྱི་གནས་ཚང་དྲོན་པོ
ཕྱིར་དྲན་གྱིས་བདས་པའི་ལོ་ཟླ་འདིའི་གས་སྲུབས་ནས
ངའི་རང་གི་མེས་པོ་གོང་མའི་དཔའ་གླུ་ཐོས་བྱུང

ཟླ་འོད་སྒོར་སྒོར་གྱི་འོད་ཟེར་གྱིས་འཐུང་ཀྱིན་པ་ངའི་ཕྲག་སྟེང་གི་སྐྲ་ལོ་རེད
རྒྱལ་ཁ་དང་གདོང་ཐུག་མེད་པའི་མཚན་ལམ་རིང་མོ་ཞིག
འདི་ལྟར་ཆང་ཕོར་གྱི་ལྟེམས་ཁ་ནས་རྫོགས་སོང་བར་བསམ་ན
མུན་པ་འདིའི་ཕྱི་རོལ་དུ་རྨི་ལམ་ཞིམ་པོ་ཞིག་ཡོད་སྲིད་དམ

ཟློས་གར་བཞིན་གྱི་བསྐྱར་བཟློས་ཀྱི་འབྲོག་ཐང་འདིར
འཇའ་ཚོན་གྱི་ལང་ཚོར་འགྲན་པའི་མི་ལོ་བཅོ་བརྒྱད
སྒོ་ཁྱིའི་ཟུག་སྐད་ལ་འདྲེས་པའི་གླུ་སྐད་རིང་མོ
དོ་ནུབ་ཡང་སུ་ཞིག་གི་རུམ་ཁར་འཐེན་ཡོད
སྐར་ཚོགས་ཀྱི་སྒྲིབ་ཡོལ་འཐེན་པའི་གར་སྟེགས་སུ
བདག་ལ་སེམས་གཏམ་བརྗོད་མཁན་ཆང་རག་རེད
བདག་ལ་རོལ་དབྱངས་དཀྲོལ་མཁན་ཟླ་འོད་རེད
ཅི་འདྲའི་ལྷིང་འཇགས་ཀྱི་མཚན་མོ་ཞིག 
             ༢༠༠༧ ༢ ༢༥མཚན་མོར་ཕ་ཡུལ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༡༡༥

2009-02-24 བྱ་གཞུང་སྦྲ་སྲས། ཀློག་གྲངས། མཆན ཡོད།

དོ་ནུབ བོད་ཟླ་དང་པོའི་ཚེས་ཆེན་བཅོ་ལྔ་རེད
ཟླ་འོད་ཀྱི་གཟི་མདངས་དེས་སྐར་ཚོགས་ཀྱང་ཟིལ་གྱིས་མནན་འདུག
རྒྱང་རིང་ངམ་ཐག་ཉེ་གང་རུང་ནས་སྦར་ཀྱིན་པའི་བསང་འོད
ང་རང་ལྷིང་འཇགས་ཀྱི་རོལ་དབྱངས་ལ་ཁེན་པའི་གདོང་ཐུག་དུ་འགྲེང

ཕ་རྒན་ཉི་མར་ལྡེ་སའི་དེའུ་འབུར་དེ
དོ་ནུབ ང་ཆང་གིས་བཟི་རྗེས་ཀྱི་གནས་ཚང་དྲོན་པོ
ཕྱིར་དྲན་གྱིས་བདས་པའི་ལོ་ཟླ་འདིའི་གས་སྲུབས་ནས
ངའི་རང་གི་མེས་པོ་གོང་མའི་དཔའ་གླུ་ཐོས་བྱུང

ཟླ་འོད་སྒོར་སྒོར་གྱི་འོད་ཟེར་གྱིས་འཐུང་ཀྱིན་པ་ངའི་ཕྲག་སྟེང་གི་སྐྲ་ལོ་རེད
རྒྱལ་ཁ་དང་གདོང་ཐུག་མེད་པའི་མཚན་ལམ་རིང་མོ་ཞིག
འདི་ལྟར་ཆང་ཕོར་གྱི་ལྟེམས་ཁ་ནས་རྫོགས་སོང་བར་བསམ་ན
མུན་པ་འདིའི་ཕྱི་རོལ་དུ་རྨི་ལམ་ཞིམ་པོ་ཞིག་ཡོད་སྲིད་དམ

ཟློས་གར་བཞིན་གྱི་བསྐྱར་བཟློས་ཀྱི་འབྲོག་ཐང་འདིར
འཇའ་ཚོན་གྱི་ལང་ཚོར་འགྲན་པའི་མི་ལོ་བཅོ་བརྒྱད
སྒོ་ཁྱིའི་ཟུག་སྐད་ལ་འདྲེས་པའི་གླུ་སྐད་རིང་མོ
དོ་ནུབ་ཡང་སུ་ཞིག་གི་རུམ་ཁར་འཐེན་ཡོད
སྐར་ཚོགས་ཀྱི་སྒྲིབ་ཡོལ་འཐེན་པའི་གར་སྟེགས་སུ
བདག་ལ་སེམས་གཏམ་བརྗོད་མཁན་ཆང་རག་རེད
བདག་ལ་རོལ་དབྱངས་དཀྲོལ་མཁན་ཟླ་འོད་རེད
ཅི་འདྲའི་ལྷིང་འཇགས་ཀྱི་མཚན་མོ་ཞིག 
             ༢༠༠༧ ༢ ༢༥མཚན་མོར་ཕ་ཡུལ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།