བུ་མོ་ཞིག་དང་འཕྲད་ཚུལ།

ས་སྲོད་ཅིག     ཡང་ན་རླུང་བུ་བསིལ་བསིལ་ལྡིང་གིན་པའི་མཚན་མོ་ཞིག
སྤྱི་གླིང་ནས་ནང་མ་ཞིག་ཏུ་སོང་བའི་བར་ཐག་ནི་ང་ཚོ་རྒྱུས་ཡོད་དུ་གྱུར་བའི་བརྒྱུད་རིམ་ཐུང་ངུ་ཡིན་འདོད
མཚན་མོ་དེར    སྤྱིར་བཏང་གི་ནང་མ་ཞིག་ལས་ཁྱོད་དང་རྒྱུས་ཡོད་དུ་གྱུར་ཚུལ་ཡིན
 
མིང་ལ་འཇོ་ཡེར་འབོད་པའི་བུ་མོ་ཁྱོད་ཀྱི་སེར་ཞིང་སྣུམ་པའི་སྐྲ་ལོ་འདི
ངའི་ཕ་ཡུལ་རྩྭ་ཐང་ལ་འཕྲོས་པའི་ཉི་འོད་ཡིན་ན
ད་ལོའི་ཁ་བ་དེའང་བདེ་བླག་གིས་ཞུ་ཞིང་ཕྱུགས་ཟོག་གི་གྱོང་གུད་དེའང་ཆེན་པོར་འགྱུར་མི་སྲིད
ལམ་འགྲོ་བས་ལམ་འགྲོ་བ་ལ་ཐེ་གཏོག་མེད་པ་ཇི་བཞིན
མིག་ཟུང་ལྷོད་སྟངས་ཤིག་དང་འཛུམ་མདངས་སྟབས་བདེ་ཤིག་ལས་ཅི་ཡང་ཡོད་པ་མིན་མོད
སྦུ་རག་ལ་འབྱར་ཡོང་བའི་སེམས་པ་དང་འཛུམ་མདངས་འདི་ལས་ཁ་ཐག་ཇེ་ཉེར་སོང་བ་བདག་གིས་ཀྱང་ཤེས་པས
པུ་ཙེ་འདི    དོ་ནུབ་ཁྱོད་ཀྱི་མིག་མདངས་དང་ལྷན་ནས་འགྱོགས་དགོས་བྱུང
བདག་གིས་སྐད་ཆ་འདི་ཁྱོད་ཀྱི་སྐད་ཆ་ནང་བཞིན་བཤད་དགོས་བྱུང
བཤད་མི་སྤོབས་པའི་སྐད་ཆ་མཐའ་དག་ལ་གསོན་ཤུགས་མེད་པ་བཞིན
ང་ཡི་སྨྲ་ལྕེ་ལས་འཁྲོལ་དཀའ་ནའང་ཁྱོད་ཀྱིས་ཉན་གྱིན་ཡོད
 
རོལ་དབྱངས་སྙན་ཚུལ་དང་སྦུ་རག་འདི་ཞིམ་ཚུལ་ཁྱོད་ཀྱིས་བཤད་ནའང
རོལ་དབྱངས་ཀྱི་ཀློང་ནས་མཐོང་བའི་ཁྱོད་ཀྱི་འཇམ་མཉེན་གྱི་མཆུ་སྒྲོས་དེ
ངའི་སྙིང་ཉེ་བའི་འབྲོག་མོ་ཞིག་གི་བཞིན་རས་ལས་བརྒལ་མི་འདུག
མིང་ལ་སྒྲོལ་མ་ཟེར་བའི་བུ་མོ་ཞིག་གི་ཤ་མདངས་དང་ཁྱད་མེད་ཀི
ཁྱོད་ཀྱིས་རང་ཉིད་མཐོ་སྒང་འདིར་དུངས་ཚུལ་གླེང་ཡོང་ནའང  
ཁ་བའི་རི་དང་དྭངས་པའི་མཚོ་ལ་སྨོན་སེམས་བཤད་ཡོང་ནའང    
སྔོ་ལ་དྭངས་པའི་ཁྱོད་ཀྱི་མིག་ཟུང་འདི་ངའི་ཕ་ཡུལ་གྱི་ཆུ་མིག་གཉིས་ཡིན་ན
ང་ཡང་ཁྱོད་ལ་དུངས་སྣང་གི་རྔན་པ་ཤོར་འགྲོ
 
ཁྱོད་ཀྱི་མིག་ཟུང    ཁྱོད་ཀྱི་སྐྲ་ལོ    སྐྱེ་པ་ཞིག་གིས་ཐེག་དཀའ་བའི་ཐ་སྙད་ཀྱི་ཁ་དོག
དུས་ད་ལྟ་ཡིན་རུང་སེམས་ལ་བཟུང་ཡོད
དུས་ནམ་ཞིག་ལ   ང་དང་ཁྱོད་སླར་ཡང་ནང་མ་ཞིག་ནས་འཕྲད་སྲིད་དམ
 
ཡང་ན    ཁ་པར་ལ་བརྡ་རྟགས་མེད་པའི་འབྲོག་ཐང་ཞིག་ནས་འཕྲད་སྲིད་དམ
                                                               2005/08/17ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་ཞིག་དང་འཕྲད་ཚུལ།

2009-02-24 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།