ཚུ་རོལ་གྱི་ཕ་རོལ་ན།

ཆང་གིས་བཟི་ཐེངས་རེ་ལ
མིག་བཟུང་བཙུམ་སྟེ་འདང་ཡིད་ཚིམ་པ་ཞིག་བརྒྱབ་ན་འདོད་ཀི
ལ་གཞས་ཀྱི་དབྱངས་རྟ་བོར་བའི་རྒྱང་རིང་གི་ས་སྲོད་དེ་དག་དྲན་གི

དོ་ནུབ་གདང་ལ་རི་བོ་ན་ཁ་བ་དྲག་ཏུ་འབབ་ཀྱིན་ཡོད་ལས་ཆེ
ཡང་ན་ཕ་ཡུལ་ན་ཨ་ཕས་སྔུར་བ་ལྷོག་ལྷོག་འདྲེན་གྱིན་ཡོད་ཀྱང་སྲིད

གློག་འོད་ཁྲ་ཆིལ་གྱི་ངོགས་ན
མིག་ཟུང་རབ་རིབ་དང་དྲན་རིག་གསལ་གསལ་དུ་གྱུར་བའི་རང་ཉིད
མཐའ་མེད་པའི་བྱེ་ཐང་བརྒལ་ཏེ་གཙང་བོ་དང་གྲུ་གཟིངས་འཚོལ་མཁན་ཞིག
སུ་ཞིག་གི་མིག་ལམ་ན་བཟི་བོར་གྱུར་བའི་སྐྱོ་གར་གྱི་བརྩམས་སྒྲུང་རིང་མོ་ཞིག 
                                                           2007.12.19མཚན་གུང་ལ་ལན་གྲུ་རུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚུ་རོལ་གྱི་ཕ་རོལ་ན།

2009-02-23 རྣོ་སྦྲེང་། ཀློག་གྲངས། མཆན ཡོད།

ཆང་གིས་བཟི་ཐེངས་རེ་ལ
མིག་བཟུང་བཙུམ་སྟེ་འདང་ཡིད་ཚིམ་པ་ཞིག་བརྒྱབ་ན་འདོད་ཀི
ལ་གཞས་ཀྱི་དབྱངས་རྟ་བོར་བའི་རྒྱང་རིང་གི་ས་སྲོད་དེ་དག་དྲན་གི

དོ་ནུབ་གདང་ལ་རི་བོ་ན་ཁ་བ་དྲག་ཏུ་འབབ་ཀྱིན་ཡོད་ལས་ཆེ
ཡང་ན་ཕ་ཡུལ་ན་ཨ་ཕས་སྔུར་བ་ལྷོག་ལྷོག་འདྲེན་གྱིན་ཡོད་ཀྱང་སྲིད

གློག་འོད་ཁྲ་ཆིལ་གྱི་ངོགས་ན
མིག་ཟུང་རབ་རིབ་དང་དྲན་རིག་གསལ་གསལ་དུ་གྱུར་བའི་རང་ཉིད
མཐའ་མེད་པའི་བྱེ་ཐང་བརྒལ་ཏེ་གཙང་བོ་དང་གྲུ་གཟིངས་འཚོལ་མཁན་ཞིག
སུ་ཞིག་གི་མིག་ལམ་ན་བཟི་བོར་གྱུར་བའི་སྐྱོ་གར་གྱི་བརྩམས་སྒྲུང་རིང་མོ་ཞིག 
                                                           2007.12.19མཚན་གུང་ལ་ལན་གྲུ་རུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།