དེ་དུས།

རྒན་གྱའི་ཤ་བོ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-23

དེ་དུས ཁྱོད་ཀྱི་གནག་སྣུམ་སྐྲ་ལོའི་རིང་ཐུང་ཙམ
འུ་གཉིས་ཀྱི་བར་ཐག་ཡིན
དེ་དུས ཁྱོད་ཀྱི་སྟོད་ལྭ་དམར་ཁྲའི་ཕྱི་ནང་ཙམ
འུ་གཉིས་ཀྱི་བར་ཐག་ཡིན
དེ་དུས ཁྱོད་ཀྱི་མགྲིན་སྒོའི་དབུགས་ཀྱི་འབྱིན་རྔུབ་ཙམ
འུ་གཉིས་ཀྱི་བར་ཐག་ཡིན

འོན་ཀྱང ད་ལྟ འུ་གཉིས་ཀྱི་ཁ་ཐག
རྨ་འབྲུ་གཙང་བོའི་བཞུར་རྒྱུན་ལས་རིང་ཞིང
མཛེས་པའི་རི་ལུང་སྟོང་ཕྲག་གིས
འུ་གཉིས་ཀྱི་བར་ལ་འཚང་ཁ་རྒྱག་དུས

ཁྱོད་ཀྱིས་འདི་ལྟར
གཡར་མིང་རྫུན་མའི་ཐོག་ནས
སེམས་གཏམ་ངོ་མ་བཤད་ན
ང་ཡིས་འདི་ནས
སྤྲོ་སྣང་བཅོས་མའི་སྟེང་ནས
མིག་ཆུ་ངོ་མ་ཐོར་འགྲོ
  རྩོམ་ཐུང་འདི་ནི་ཉིས་སྟོང་ལྔ་ལོར་ལྷོ་ཕྱོགས་གྲོང་ཁྱེར་ཆེན་པོ་ཏུང་ཀོན་ནས་དྲ་ཐོག་ལ་བཏབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་དུས།

2009-02-23 རྒན་གྱའི་ཤ་བོ་ཚེ་རིང་། ཀློག་གྲངས། མཆན ཡོད།

དེ་དུས ཁྱོད་ཀྱི་གནག་སྣུམ་སྐྲ་ལོའི་རིང་ཐུང་ཙམ
འུ་གཉིས་ཀྱི་བར་ཐག་ཡིན
དེ་དུས ཁྱོད་ཀྱི་སྟོད་ལྭ་དམར་ཁྲའི་ཕྱི་ནང་ཙམ
འུ་གཉིས་ཀྱི་བར་ཐག་ཡིན
དེ་དུས ཁྱོད་ཀྱི་མགྲིན་སྒོའི་དབུགས་ཀྱི་འབྱིན་རྔུབ་ཙམ
འུ་གཉིས་ཀྱི་བར་ཐག་ཡིན

འོན་ཀྱང ད་ལྟ འུ་གཉིས་ཀྱི་ཁ་ཐག
རྨ་འབྲུ་གཙང་བོའི་བཞུར་རྒྱུན་ལས་རིང་ཞིང
མཛེས་པའི་རི་ལུང་སྟོང་ཕྲག་གིས
འུ་གཉིས་ཀྱི་བར་ལ་འཚང་ཁ་རྒྱག་དུས

ཁྱོད་ཀྱིས་འདི་ལྟར
གཡར་མིང་རྫུན་མའི་ཐོག་ནས
སེམས་གཏམ་ངོ་མ་བཤད་ན
ང་ཡིས་འདི་ནས
སྤྲོ་སྣང་བཅོས་མའི་སྟེང་ནས
མིག་ཆུ་ངོ་མ་ཐོར་འགྲོ
  རྩོམ་ཐུང་འདི་ནི་ཉིས་སྟོང་ལྔ་ལོར་ལྷོ་ཕྱོགས་གྲོང་ཁྱེར་ཆེན་པོ་ཏུང་ཀོན་ནས་དྲ་ཐོག་ལ་བཏབ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།