འཇམ་པའི་དབྱངས།

དོ་ནུབ མཁའ་མཐའ་ན་ཅི་ཡང་མི་འདུག
སྒོ་ཁྱི་ཚོས་ཉམ་ཆུང་བའི་ཟུག་སྐད་རེ་འབྱིན་བཞིན
མིག་ཟུང་གི་སོ་བ་རྒྱང་དུ་བཏང
ཐང་སྟོང་ན མིག་ཆུ་དང་འོ་དོད་ཀྱིས་རི་ལུང་བསྒུལ་ཡང
མཚན་མོའི་མུན་པ་ཇེ་བྲུག་ནས་ཇེ་བྲུག
འཇམ་པའི་དབྱངས ང་ཚོས་མེ་སྟག་གི་འོད་སྣང་ལ་ཁེན་ནས་ཅི་ཙམ་འགོར

ད་ལྟ རིགས་དྲུག་གི་ཞིང་ཁམས་རླུང་བུས་སྤུར་བས
མི་ཡུལ་ན རྒྱུ་འབྲས་ཀྱི་ཁྲིམས་ཤིང་ཆག
མི་ཡུལ་ན སྤྲོ་སྐྱིད་ཀྱི་དུས་ཚིགས་ཐུང
སྐྱ་རེངས་ཀྱི་དུང་བརྡ་རིང་དུ་མཆེད་ཀྱང
སྐྱེས་ཆེན་སུ་ཞིག་གི་ལེགས་བཤད་ཤོག་རྐྱང་བཞིན་རླུངགིས་འཁུར
ད་དུང སྟོང་དབྱིངས་ཀྱི་འཇའ་ཚོན་ལ་ལག་སྙོབ་བྱེད་པའི་གཅེས་ཕྲུག་ཚོ
ཇི་འདྲའི་སྙིང་རྗེ་པོ་ཞིག་རེད་ཨང
འཇམ་པའི་དབྱངས ཁ་སང་ཁྱེད་ཉིད་གང་ལ་ཕེབས་སོང
ངས ཕྱོགས་བཞི་མཚམས་བརྒྱད་ལ་ཇི་འདྲ་བོས་རུང
ཁྱེད་ཀྱི་འབྲུག་སྒྲ་ལྟ་བུའི་གསུང་དབྱངས་མ་ཐོས་ལ
ཁྱེད་ཀྱི་ཉི་མ་འདྲ་བའི་སྐུ་གཟུགས་གང་ནས་མཇལ

དེ་ལྟར ཐ་ཤལ་གྱི་ང དབུལ་ཕོངས་ཀྱི་ངས
གཟི་མདངས་ཉམས་པའི་རི་ཐང་ལ་བཅེར་ནས
འབྱོར་ཕྱུག་གི་ཞིང་ཁམས་ཞེས་པ
སུ་ཞིག་གི་བཟི་གཏམ་ཡིན་པར་ངེས་ཤེས་རྙེད
ངོ་མ ལོ་ཟླ་གང་མང་དུས་ཚིགས་ཀྱི་སྨུག་པས་བསླུས་པས
འགྲོ་བ་མཐའ་དག་ཅི་ཞིག་གིས་འགྲངས་ཤིང་བཟི
ཁོ་ཚོས་བཙན་ཤུགས་ཀྱིས་བསྩལ་བའི་གདམས་གསེས་འདིའི་ངོགས་ན
མི་ཡུལ་འདི་ཡང་གོ་རིམ་བྲལ་བའི་རྡོ་ཁང་ཆུང་ཆུང་ཞིག
འཇམ་པའི་དབྱངས གཙུག་གི་ནོར་བུ
ད་ལྟ ཁྱེད་ཀྱིས་རང་ཁྱིམ་འདིར་གཟིགས་དང
ཕུ་ནུ་མིང་སྲིང་ཚོས གཡོ་སྒྱུ་ཁྲམ་གསུམ་དང
རྨི་ལམ་གྱི་ཁ་ཆུ་ལྡག་བཞིན
རང་ཉིད་ཀྱི་ཡོད་ཚད་ཆུ་བོའི་གཞུང་ལ་བསྐུར
ད་དུང ང་དང་ཁྱེད་ཀྱི་སྲིང་ཆུང་མ
ཀུན་གྱིས་སྦྲ་ནག་གི་ལས་དབང་རིང་དུ་བསྐྱུར་འདུག
སྐྱབས་མགོན་ལགས འཇམ་པའི་དབྱངས
ཁྱེད་ཀྱང་རང་ཅག་གི་མགོན་དུ་ཕེབས་དང
ང་ཚོས་ཉི་ཟླའི་ལག་གདངས་དེ་སྦྲེལ་ནས
དུག་སྡོང་གི་བཟི་ཁ་འདི་རྨང་ནས་གཅོད
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇམ་པའི་དབྱངས།

2009-02-23 རྫས་ལུང་ཚེ་དར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།