ང་དོ་དགོང་འགྲོ་འགྲོ་ནུབ་ལ་འགྲོ

ཤོག་ཐུམ་ནང་གི་ཕུག་རོན
ཤ་སོ་མ་ཞིག་ཡིན་རབས་བཤད
སྤུ་ཉུང་ཉུང་ཞིག་ལས་མེད་རབས་བཤད
ང་རྒྱག་གི་མ་རེད རྒྱག་གི་མ་རེད

ཁྱེད་ཚང་གི་སྦྲ་སྒོ
ཁྱེད་ཚང་གི་ལྷས་ར
སྟོང་བ་སྟོང་བ་ཞིག་ཡིན་རུང
ང་ཡོང་གི་ཡོད ཞག་སྡོད་ལ་ཡོང་གི་ཡོད

སྤྲིན་པའི་བམ་ཁ་ལ་བལྟས་ན
ཉི་མའི་མིག་ཆུ་ལ་བལྟས་ན
དོ་དགུང་ཁ་བ་འབབ་ངེས
བུ་མོ་ཆུང་ཆུང་དེ་འཁྱག་གི་མ་འཇུག ལྟོགས་ཀི་མ་འཇུག
ང་མྱུར་མོར་ཡོང་གི་ཡོད རྫོང་མཁར་ནས་ལྕགས་རྟ་ཞོན་ནས་ཡོང་གི་ཡོད
ཏཱ་ལེན་ཁུར་ནས་ཡོང་གི་ཡོད ཀ་ར་ཁྱེར་ནས་ཡོང་གི་ཡོད 
                              ༢༠༠༧ ༡༡ ༢༣ཉིན་ལན་གྲུ་རུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དོ་དགོང་འགྲོ་འགྲོ་ནུབ་ལ་འགྲོ

2009-02-23 དགེ་ཆོས། ཀློག་གྲངས། མཆན ཡོད།

ཤོག་ཐུམ་ནང་གི་ཕུག་རོན
ཤ་སོ་མ་ཞིག་ཡིན་རབས་བཤད
སྤུ་ཉུང་ཉུང་ཞིག་ལས་མེད་རབས་བཤད
ང་རྒྱག་གི་མ་རེད རྒྱག་གི་མ་རེད

ཁྱེད་ཚང་གི་སྦྲ་སྒོ
ཁྱེད་ཚང་གི་ལྷས་ར
སྟོང་བ་སྟོང་བ་ཞིག་ཡིན་རུང
ང་ཡོང་གི་ཡོད ཞག་སྡོད་ལ་ཡོང་གི་ཡོད

སྤྲིན་པའི་བམ་ཁ་ལ་བལྟས་ན
ཉི་མའི་མིག་ཆུ་ལ་བལྟས་ན
དོ་དགུང་ཁ་བ་འབབ་ངེས
བུ་མོ་ཆུང་ཆུང་དེ་འཁྱག་གི་མ་འཇུག ལྟོགས་ཀི་མ་འཇུག
ང་མྱུར་མོར་ཡོང་གི་ཡོད རྫོང་མཁར་ནས་ལྕགས་རྟ་ཞོན་ནས་ཡོང་གི་ཡོད
ཏཱ་ལེན་ཁུར་ནས་ཡོང་གི་ཡོད ཀ་ར་ཁྱེར་ནས་ཡོང་གི་ཡོད 
                              ༢༠༠༧ ༡༡ ༢༣ཉིན་ལན་གྲུ་རུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།