ཨ་ཕའི་ལུག་ཁྱུ།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-18

ང་ལ་བསྐྱུར་བའི་སྤྲིན་དཀར་ཕུང་བོ་འདི
ཐང་ལ་བཞག་པའི་ཁ་བའི་གོས་ལྭ་འདི
ངས་མིག་མདུན་ནས་རིག་རིག་ལ་ཡལ་བཞིན་པའི་གཅེས་ནོར་འདི
ཨ་ཕ་ལགས་ཀྱིས་ཡུན་རིང་ལ
སེམས་དང་ལུས་ཀྱིས་སྐྱོང་བའི་ལུག་ཁྱུ་དེ་མ་ཡིན་ནམ

དེ་རིང་ངས་ནམ་མཁའི་སྤྲིན་དཀར་ལ་བལྟས་ནས་ལུག་ཁྱུ་དྲན
དེ་རིང་ངས་ཐང་གི་ཁ་བར་བལྟས་ནས་ལུག་ཁྱུ་དྲན

སྤྲིན་དཀར་ང་དང་རྒྱང་ཐག་རིང
ཁ་བ་ང་དང་རྒྱང་ཐག་རིང
ཨ་ཕ་ལགས་དེ་ལས་ཀྱང་ང་དང་རྒྱང་ཐག་རིང

ལུག་ཁྱུ་མེད སྦྲ་འདབས་རླུང་གིས་བཀྱགས་ནས་འཕུར་ལ་ཉེ
ཨ་ཕ་མེད ང་ཡི་གཤོག་པ་ཡ་གཅིག་མེད
ལུག་མཐའ་ནས་ཀྲོང་ངེར་འགྱིང་བའི་
ཨ་ཕའི་གཟུགས་བརྙན་དེ་ཁོ་ན་ངའི་ཡིད་ལ་ཡང་ཡང་འཆར
༢༠༠༨.༡.༢༤ཞོགས་པར 
     དེ་རིང་ཞོགས་པར་ཐང་ལ་བཞག་པའི་ཁ་བ་ཡིས་རང་ལོ་བཅུ་བའི་སྟེང་གཤེགས་པའི་ཨ་ཕ་ལགས་དྲན་པའི་ཚོར་བ་ཞིག་སྦྱིན་བྱུང༌།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕའི་ལུག་ཁྱུ།

2009-02-18 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

ང་ལ་བསྐྱུར་བའི་སྤྲིན་དཀར་ཕུང་བོ་འདི
ཐང་ལ་བཞག་པའི་ཁ་བའི་གོས་ལྭ་འདི
ངས་མིག་མདུན་ནས་རིག་རིག་ལ་ཡལ་བཞིན་པའི་གཅེས་ནོར་འདི
ཨ་ཕ་ལགས་ཀྱིས་ཡུན་རིང་ལ
སེམས་དང་ལུས་ཀྱིས་སྐྱོང་བའི་ལུག་ཁྱུ་དེ་མ་ཡིན་ནམ

དེ་རིང་ངས་ནམ་མཁའི་སྤྲིན་དཀར་ལ་བལྟས་ནས་ལུག་ཁྱུ་དྲན
དེ་རིང་ངས་ཐང་གི་ཁ་བར་བལྟས་ནས་ལུག་ཁྱུ་དྲན

སྤྲིན་དཀར་ང་དང་རྒྱང་ཐག་རིང
ཁ་བ་ང་དང་རྒྱང་ཐག་རིང
ཨ་ཕ་ལགས་དེ་ལས་ཀྱང་ང་དང་རྒྱང་ཐག་རིང

ལུག་ཁྱུ་མེད སྦྲ་འདབས་རླུང་གིས་བཀྱགས་ནས་འཕུར་ལ་ཉེ
ཨ་ཕ་མེད ང་ཡི་གཤོག་པ་ཡ་གཅིག་མེད
ལུག་མཐའ་ནས་ཀྲོང་ངེར་འགྱིང་བའི་
ཨ་ཕའི་གཟུགས་བརྙན་དེ་ཁོ་ན་ངའི་ཡིད་ལ་ཡང་ཡང་འཆར
༢༠༠༨.༡.༢༤ཞོགས་པར 
     དེ་རིང་ཞོགས་པར་ཐང་ལ་བཞག་པའི་ཁ་བ་ཡིས་རང་ལོ་བཅུ་བའི་སྟེང་གཤེགས་པའི་ཨ་ཕ་ལགས་དྲན་པའི་ཚོར་བ་ཞིག་སྦྱིན་བྱུང༌།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།