པོ་ཏ་ལ། ང་ཡང་རྒས་འདུག

པོ་ཏ་ལ གོམ་གང་མདུན་སྤོས
འཛམ་གླིང་གི་མིག་ལམ་ཁྲོད
མཛེས་སྡུག་གིས་སྨིན་ཐག་ཆོད་ཀྱང
ང་ཡི་དུས་གསུམ་གྱི་ལང་ཚོའི་བྲང་གཞུང་དུ
ལོ་ངོ་ག་ཙམ་རིང་འཚོ་སྡོད་ཐུབ་ཨང
ངས པོ་ཏ་ལའི་བསླུ་བྲིད་ཀྱི་མདུན་སར
ང་རྒྱལ་གྱིས་ཆང་རག་བག་མེད་མྱངས་པ
ཅི་འདྲའི་སྒམ་བརླིང་གི་ཚུལ་འཆོས་ཤིག་དང
རླབས་ཆེན་གྱི་ངོ་ཚ་ཞིག་གོ
རེད་ཡ མི་ཡུལ་འདི་ན
ད་དུང་ཁྲེལ་གཞུང་གི་ཚད་ཐིག་བོར་བའི
ཞེན་དུང་གི་བེམ་པོ་ག་ཙམ་གདའ
པོ་ཏ་ལ ཉིས་སྟོང་བདུན་ལོའི
མཐའ་མཇུག་གི་པོ་ཏ་ལ ད་ལྟ
སུ་དང་རྒྱང་ཐག་རིང་བའི
སྒྱུ་འཕྲུལ་གྱི་ཕོ་བྲང་ལགས
ཁྱེད་ཀྱི་དུར་ཁྲོད་སྒང་ནས
སྙན་ངག་པ་འདི་ལྟར་རྒས་ཟིན
ལོ་ངོ་སུམ་ཅུའི་རིང་གི་ལང་ཚོ་རྨས་མ་འདི
ཅི་ཡང་བརྗོད་མི་ནུས་པའི
བེམ་པོ་དང་རྡོ་རིང་ངོ

པོ་ཏ་ལ ལོ་རྒྱུས་ཀྱི་ངོ་གདོང་རྫུན་མ
ཁྱོད་ཀྱི་མཐའ་མཚམས་སྲུང་བའི་རྒྱང་རིང་བོ་ན
དད་པ་ཁོ་ན་ལས་མེད་པའི་མཇལ་བ་ཚོ
རྐང་ཐང་ངང་ཤར་ཤར་གྱིས་བགྲོད་བཞིན་འོངས

པོ་ཏ་ལ དད་པ་སྟོང་ཕྲག་གི་རྩེ་མོ་ན
ཕྱི་གླིང་བ་དང་ཤར་ཕྱོགས་པས་ངལ་གསོ་རྒྱག་ས
སྤྲང་བོ་སྤྲང་མོའི་ཚོགས་ཀྱི་གཟའ་ཉི་མ
མེ་འཁོར་གྱི་འུར་སྒྲས་དཀྲོགས་པའི་ཟིང་ལོང་གི་ཚོང་ར
ཁ་སང་གི་ལོ་རྒྱུས་ལས་ཅི་ཡང་མེད་པའི
དྭ་ཕྲུག་གི་ཚོགས་ཀྱིས
རྒས་གཉེར་གྱི་རི་མོ་མིག་ཆུ་ཡིས་བརླན

ཡོད་ཚད་ལོ་རྒྱུས་ཤིག ལོ་རྒྱུས་རྨི་ལམ་ཞིག
སྟོང་སྟོང་གི་སྣང་བའི་ཁྲོད་ནས་རྨག་མེད་དུ་བཏང
ས་རུབ་ཁའི་ཉི་མའི་དམར་མདངས་ནི
ད་ལྟའི་པོ་ཏ་ལའི་མཛེས་སྡུག་རེད
འཆི་ཁར་བརྩེ་བའི་མིག་མདངས་རེད
ང་ཡི་རྒས་སྡུག་གི་བརྗེད་བྱང་མ་ཡིན་ནམ 
                 ༢༠༠༧ལོའི་ཟླ༨པའི་ཚེས༡ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོ་ཏ་ལ། ང་ཡང་རྒས་འདུག

2009-02-18 འབྲུག་ལྗང་། ཀློག་གྲངས། མཆན ཡོད།

པོ་ཏ་ལ གོམ་གང་མདུན་སྤོས
འཛམ་གླིང་གི་མིག་ལམ་ཁྲོད
མཛེས་སྡུག་གིས་སྨིན་ཐག་ཆོད་ཀྱང
ང་ཡི་དུས་གསུམ་གྱི་ལང་ཚོའི་བྲང་གཞུང་དུ
ལོ་ངོ་ག་ཙམ་རིང་འཚོ་སྡོད་ཐུབ་ཨང
ངས པོ་ཏ་ལའི་བསླུ་བྲིད་ཀྱི་མདུན་སར
ང་རྒྱལ་གྱིས་ཆང་རག་བག་མེད་མྱངས་པ
ཅི་འདྲའི་སྒམ་བརླིང་གི་ཚུལ་འཆོས་ཤིག་དང
རླབས་ཆེན་གྱི་ངོ་ཚ་ཞིག་གོ
རེད་ཡ མི་ཡུལ་འདི་ན
ད་དུང་ཁྲེལ་གཞུང་གི་ཚད་ཐིག་བོར་བའི
ཞེན་དུང་གི་བེམ་པོ་ག་ཙམ་གདའ
པོ་ཏ་ལ ཉིས་སྟོང་བདུན་ལོའི
མཐའ་མཇུག་གི་པོ་ཏ་ལ ད་ལྟ
སུ་དང་རྒྱང་ཐག་རིང་བའི
སྒྱུ་འཕྲུལ་གྱི་ཕོ་བྲང་ལགས
ཁྱེད་ཀྱི་དུར་ཁྲོད་སྒང་ནས
སྙན་ངག་པ་འདི་ལྟར་རྒས་ཟིན
ལོ་ངོ་སུམ་ཅུའི་རིང་གི་ལང་ཚོ་རྨས་མ་འདི
ཅི་ཡང་བརྗོད་མི་ནུས་པའི
བེམ་པོ་དང་རྡོ་རིང་ངོ

པོ་ཏ་ལ ལོ་རྒྱུས་ཀྱི་ངོ་གདོང་རྫུན་མ
ཁྱོད་ཀྱི་མཐའ་མཚམས་སྲུང་བའི་རྒྱང་རིང་བོ་ན
དད་པ་ཁོ་ན་ལས་མེད་པའི་མཇལ་བ་ཚོ
རྐང་ཐང་ངང་ཤར་ཤར་གྱིས་བགྲོད་བཞིན་འོངས

པོ་ཏ་ལ དད་པ་སྟོང་ཕྲག་གི་རྩེ་མོ་ན
ཕྱི་གླིང་བ་དང་ཤར་ཕྱོགས་པས་ངལ་གསོ་རྒྱག་ས
སྤྲང་བོ་སྤྲང་མོའི་ཚོགས་ཀྱི་གཟའ་ཉི་མ
མེ་འཁོར་གྱི་འུར་སྒྲས་དཀྲོགས་པའི་ཟིང་ལོང་གི་ཚོང་ར
ཁ་སང་གི་ལོ་རྒྱུས་ལས་ཅི་ཡང་མེད་པའི
དྭ་ཕྲུག་གི་ཚོགས་ཀྱིས
རྒས་གཉེར་གྱི་རི་མོ་མིག་ཆུ་ཡིས་བརླན

ཡོད་ཚད་ལོ་རྒྱུས་ཤིག ལོ་རྒྱུས་རྨི་ལམ་ཞིག
སྟོང་སྟོང་གི་སྣང་བའི་ཁྲོད་ནས་རྨག་མེད་དུ་བཏང
ས་རུབ་ཁའི་ཉི་མའི་དམར་མདངས་ནི
ད་ལྟའི་པོ་ཏ་ལའི་མཛེས་སྡུག་རེད
འཆི་ཁར་བརྩེ་བའི་མིག་མདངས་རེད
ང་ཡི་རྒས་སྡུག་གི་བརྗེད་བྱང་མ་ཡིན་ནམ 
                 ༢༠༠༧ལོའི་ཟླ༨པའི་ཚེས༡ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།