གློག་ཀླད་མདུན་གྱི་རྣམ་ཤེས།

ཁེར་རྐྱང་གི་དུས་དག
ཁྱོད་གཅིག་པུས་ཁྱེར་སོང་
རང་ཉིད་ཀྱི་ཕུགས་བསམ་འདོམ་གང་བོ
ཁྱོད་ཀྱིས་བཙན་ཚུགས་ཀྱིས་འཕྲོག་སོང་
བདག་ལ་ལྷག་པའི་དངན་པ་རེ་རེ
སུ་ཞིག་གིས་བྱིན་པར་དོགས་སྣང་སྐྱེས་འོང་

ཉིན་གང་གི་ངལ་དུབ་ཀྱི་རྗེས་སུ
བདག་གིས་ཅི་ཞིག་རྙེད་ཡོད
ཚིག་འབྲུ་གཅིག་གི་གོ་དོན
ཡང་ན་དྲ་བའི་གསང་ཚིག་སྒུལ་སྟངས་རེ
ཅི་ཡང་མེད་པར་ལུས་པའི་རང་ཉིད
ཁུ་སིམ་སིམ་ངང་ གཅིག་པུར་བསྡད་ཡོད
ཁྱོད་ཀྱི་བསླུ་བྲིད་ཁྲི་ཕྲག་ཁྲོད

སྒམ་ཚུགས་ངང་ཡུན་རིང་བསྡད
མིག་ཅེར་ཅེར་དུ་ཅི་ཞིག་མཐོང་འོང་
རྨི་ལམ་ལྟ་བུའི་འཇིག་རྟེན་ཞིག
དེའི་ཁྲོད་ཀྱི་འཇའ་ཚོན་རེ་རེས
ང་རང་སྔ་མོ་ནས་བསླུས་འདུག 
     ༢༠༠༧  ༦  ༡༡ཉིན་མལ་ཁང་དུ་སྦྱར །

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་ཀླད་མདུན་གྱི་རྣམ་ཤེས།

2009-02-18 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

ཁེར་རྐྱང་གི་དུས་དག
ཁྱོད་གཅིག་པུས་ཁྱེར་སོང་
རང་ཉིད་ཀྱི་ཕུགས་བསམ་འདོམ་གང་བོ
ཁྱོད་ཀྱིས་བཙན་ཚུགས་ཀྱིས་འཕྲོག་སོང་
བདག་ལ་ལྷག་པའི་དངན་པ་རེ་རེ
སུ་ཞིག་གིས་བྱིན་པར་དོགས་སྣང་སྐྱེས་འོང་

ཉིན་གང་གི་ངལ་དུབ་ཀྱི་རྗེས་སུ
བདག་གིས་ཅི་ཞིག་རྙེད་ཡོད
ཚིག་འབྲུ་གཅིག་གི་གོ་དོན
ཡང་ན་དྲ་བའི་གསང་ཚིག་སྒུལ་སྟངས་རེ
ཅི་ཡང་མེད་པར་ལུས་པའི་རང་ཉིད
ཁུ་སིམ་སིམ་ངང་ གཅིག་པུར་བསྡད་ཡོད
ཁྱོད་ཀྱི་བསླུ་བྲིད་ཁྲི་ཕྲག་ཁྲོད

སྒམ་ཚུགས་ངང་ཡུན་རིང་བསྡད
མིག་ཅེར་ཅེར་དུ་ཅི་ཞིག་མཐོང་འོང་
རྨི་ལམ་ལྟ་བུའི་འཇིག་རྟེན་ཞིག
དེའི་ཁྲོད་ཀྱི་འཇའ་ཚོན་རེ་རེས
ང་རང་སྔ་མོ་ནས་བསླུས་འདུག 
     ༢༠༠༧  ༦  ༡༡ཉིན་མལ་ཁང་དུ་སྦྱར །

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།