ང་ཁྱོད་ལ་དགའ་དོན།(ཞར་བཀོད་གསུམ་ཡོད)

ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱི་སྐྲ་ལོ་ལྟར་རིང་བའི་ངང་རྒྱུད་དེ་བློར་བབས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱི་རྒྱབ་གཟུགས་ལས་སྐྱེས་པ་གཞན་གྱིས་མ་མཐོང་བའི་མཛེས་པ་ཞིག་མཐོང་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱི་གོམས་སྟབས་ཡང་མོའི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་རླུང་འཚུབ་ལ་མ་སྐྲག་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་དྲང་པོ་དྲང་རྐྱང་ཞིག་བྱེད་སྙམ་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་རྨི་ལམ་འཚོལ་བསམ་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་མི་ཚེ་ལ་དོན་སྙིང་ཞིག་ལེན་ཕྱིར་ཡིན
ང་ཁྱོད་ལ་དགའ་དོན་ནི་སྙན་ངག་གི་བསླུ་བྲིད་ཡིན་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཉིས་སྟོང་བདུན་ལོའི་ཟླ་བཞི་བའི་ཚེས་ལྔའི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ཉི་འོད་ལ་གྲིབ་མ་ཡོད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་དོན་དུ་ང་རང་ཉིད་ལ་ཀྱི་ཆེད་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ལྗོན་ཤིང་གི་ལོ་མའི་སྟེང་ནས་མིག་ཆུ་རྡོག་པོ་འགའ་སར་འགྲིལ་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱིས་ང་ལ་ཅི་ཡང་མ་སྦྱིན་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་རྒན་གྱའི་སྐར་མ་དང་སྨན་འཚོང་ཚེ་སྐྱིད་ཀྱི་བརྩེ་དུང་གི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་མདང་དགོང་ངས་རྨི་ལམ་ཞིག་རྨིས་ཤིང༌།རྨི་ལམ་དུ་ཁྱོད་ཀྱིས་ང་ལ་འཛུམ་ཙམ་བྱས་པས་ངའི་ཡིད་
སེམས་དྲངས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་བར་ཐག་མེད་པའི་བར་ཐག་ལ་ཚད་ཅིག་འཇལ་བསམ་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་སྟོང་སྐོར་དུ་ཁ་བ་བབས་ཤིང༌།དཀར་བོང་བོང་གི་ཁ་བས་ཁྱོད་ལ་མགོ་འཐོམ་དུ་འཇུག་སྲིད་སྙམ་
པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱི་རྣ་ཏོག་ལས་འོད་ཟེར་འཕྲོ་ཞིང༌།འོད་ཟེར་དེས་ང་ལ་ཚོར་བ་ཡ་མེད་ཅིག་བྱིན་སོང་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ངའི་བྲང་ཁོག་ཏུ་ལྷོག་ལྷོག་གིས་འཕྱུར་བའི་དགའ་བ་ཞིག་འཁྱིལ་ཡོད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་མུན་ནག་ལ་དགའ་བས་ཡིན མུན་ནག་ཏུ་སྒྲོན་པའི་ཤི་མ་གསོན་གྱི་མེ་ལ་དེར་དགའ་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་མི་ཁའི་བར་སྣང་ནས་རང་ཉིད་ཁོ་ནར་དབང་བའི་སྟོང་བསམ་གྱི་བཟོ་བཀོད་ཅིག་བསྐྲུན་འདོད་
པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱི་མིང་དག་གི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱིས་ང་ལ་ཚིག་ལབ་ཐེངས་གཅིག་ཀྱང་བྱས་མ་མྱོང་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ངས་ཁྱོད་ཀྱི་ལང་ཚོ་བསམ་པ་མིན་པར་སྙིང་གཏམ་ཤར་མར་བཤད་པར་ཡི་རངས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ལྷིང་འཇགས་ངང་སྡོད་དུས་ཁྱོད་རང་ཡང་ཡང་དྲན་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཆུ་འགྲམ་དུ་མེ་ཏོག་ཅིག་རྙེད་ཅིང༌།མེ་ཏོག་དེས་ང་ལ་འདབ་མ་གནང་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་གཟའ་ཉི་མའི་འཆམ་འཆམ་གྱི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ས་ཁི་སིའི་རོལ་དབྱངས་ཐེངས་དང་པོར་མཇལ་དུས་ཁྱོད་རང་ངའི་གམ་དུ་ཡོད་ན་སྙམ་པའི་འདོད་པ་
དེའི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ལས་གཞན་བུད་མེད་གཅིག་གིས་ཀྱང་ང་ལ་མི་ལྟ་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་སྤྲིན་ནག་གློ་བུར་དུ་འཁྲུགས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ངའི་གྲོགས་མོ་ཞིག་གིས་མོའི་དགའ་རོགས་ལ་འཐོར་བའི་མྱ་ངན་གྱི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་མེ་ལོང་ལ་དགའ་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་སྤྲེའུ་ཕྲུག་འགས་རྩེ་ཐང་དུ་མ་རྨོས་པའི་ལོ་ཏོག་འདེབས་འཛུགས་བྱས་པའི་སྒྲ་དབྱངས་དེའི་དོན་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ལ་སྡང་ཤིང་དུངས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་དགུན་གཞུང་གི་ནམ་གུང་གི་མཚན་མོ་ཞིག་ལ་གཏན་ནས་གཉིད་མ་ཁུགས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱི་ཞི་འཇམ་གྱིས་ངའི་བླ་སྲོག་རྟ་རྔ་འདྲ་བོ་འཁྱེར་སོང་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ང་ལ་རང་ཚུགས་མེད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ངའི་ཕ་མ་གཉིས་ད་དུང་མགོ་ལོག་ཏུ་ཡོད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ད་ལྟ་འོ་ཆུ་གཉིས་འདྲེས་སོང་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ངས་ཁྱོད་ཀྱི་གསང་བ་གཞན་ལ་མ་ཤོར་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་སྡུག་བསྔལ་མིན་པའི་སྡུག་བསྔལ་གྱི་འཁོར་བ་འདི་ཁྱོད་དང་ལྷན་དུ་རོལ་སྙམ་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ལྕང་མ་བྱེའུ་སེམས་ཤོར།བྱེའུ་ལྕང་མ་སེམས་ཤོར།སེམས་ཤོར་མཐུན་པ་བྱུང་ན།
བྱ་ཁྲ་ཧོར་བས་མི་ཐུབ་པའི་ལེགས་བཤད་དེའི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ལ་སྒྱུ་འཕྲུལ་གྱི་མིག་ཟུང་གཉིས་ལྡན་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཙོང་ཆུའི་འགྲམ་གྱི་ས་སྟོང་ཞིག་ཏུ་རང་གཅིག་པུས་དངངས་སྐྲག་ངང་མཚན་ནམ་སྐྱེལ་བས་ཡིན།
ང་ཁྱོད་ལ་དགའ་དོན་ནི་ངས་དུ་བ་རྔམ་འཐེན་བྱེད་ཐེངས་རེར་ཚོར་བ་གསར་བ་རེ་སྟེར་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ང་ལ་ཅི་ཡང་མེད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ང་མི་ཁར་རྒྱུགས་རྒྱུ་དགའ་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ད་ལོའི་ཆར་ཆུ་དེའི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཁོ་ན་ངའི་ཚེ་གང་གི་རྒྱུ་ནོར་དུ་བསམ་མྱོང་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་ངའི་སྲོག་སྤུན་དུར་ཐང་གིས་ང་ལ་བརྩེ་དུང་གི་དམར་ཁྲིད་བྱས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་འཇག་རྩྭ་ལྟ་བུའི་མི་དག་ལ་བརྟན་ཚིགས་མེད་པ་མཐོང་བས་ཡིན
ང་ཁྱོད་ལ་དགའ་དོན་ནི་རི་རབ་ཀྱི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཚེགས་ཀྱི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ང་ལ་ཕོ་བཙོག་ཅིག་ཡོད་ཀྱང་སྙིང་གསོན་པོའི་འཕར་ལྡིང་དེ་རྒྱུན་མ་ཆད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་བརྩེ་དུང་དེ་རྟག་པ་ཨེ་ཡིན་སྙམ་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་སྟོན་མཇུག་གི་སྡོང་ལོའི་ཤུ་སྒྲ་ཞིག་གིས་ང་ལ་སྐུལ་མ་བྱས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ཀྱི་རྐང་རྗེས་ལ་གསལ་ཆ་ཡོད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ལས་སུ་ཞིག་གིས་ཀྱང་ང་རྟོགས་མི་ཐུབ་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ངས་ཁྱོད་ལ་རྫུན་གཏམ་ཐེངས་གཅིག་བྱས་པ་དེར་འགྱོད་བཤགས་བྱེད་འདོད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་སང་ཉིན་ཡང་སང་ཉིན་ཡིན་པའི་ངེས་ཤེས་འདྲོངས་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་སྨུག་པར་འཁྱུད་པའི་དམར་རྗེན་གྱི་མི་ལུས་ཀྱི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ངའི་ཉེ་འཁོར་གྱི་བྱ་དངོས་གང་ཡང་བོར་མི་འདོད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་གཉིད་མ་སད་ཀྱི་འཚོ་བ་དེའི་ཕྱིར་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་རང་ང་ལ་མི་དགའ་བའི་ཆེད་དུ་ཡིན
ང་ཁྱོད་ལ་དགའ་དོན་ནི་ང་ཉིན་མཚན་མེད་པར་ཁོམ་བསྡད་ཡོད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ནེ་ཙོ་ལྟ་བུའི་མི་ཚོར་ཡི་ཆད་པས་ཡིན
ང་ཁྱོད་ལ་དགའ་དོན་ནི་ཁྱོད་ལ་དགའ་བས་ཡིན 
                                                  07。16--17བར་སྟོང་སྐོར་དུ་སྦྱར།

                         གན་དེ་དྲན། ཧིན་རྡུ་བ་དེ་ཚོ་དྲན།
གན་དེ་དྲན མགོ་ལོག་ཏུ
ངས་རྣོ་ལྕགས་ལྟ་བུའི་གན་དེ་དྲན
ཧིན་རྡུ་དེ་ཚོ་དྲན མགོ་ལོག་ཏུ
ངས་མཚོ་རླབས་ལྟ་བུའི་ཧིན་རྡུ་བ་དེ་ཚོ་དྲན

ས་མགོ་ལོག གནམ་མགོ་ལོག
ད་ལྟ་ཁ་དོག་གཞན་ཞིག་གིས་བརྫིས་ཤིང
སྙིགས་རོ་ལྟར་ངའི་ལག་མཐིལ་དུ་ལྷུང་དུས
ངས་གན་དེ་དྲན ཧིན་རྡུ་བ་དེ་ཚོ་དྲན

རི་རབ་ལྟ་བུའི་སྐྱེས་ཆེན་ཚོ་ནུབ་ཤུལ་དུ
ལས་དབང་དང་སློག་པ་རུམ་པའི་མི་སེར་ཚོ
ལྷིང་འཇགས་ཀྱིས་འཚོ་ཞིང བག་ཡངས་ཀྱིས་སྡོད་དུས
ངས་གན་དེ་དྲན ཧིན་རྡུ་བ་དེ་ཚོ་དྲན

ལུག་ཁྱུ་དང་སྦྲ་ནག་གི་གསང་བ་སྒུམ་པའི
ལང་ཚོ་དང་བསམ་བློ་ཉམས་པའི་མི་རབས་ཤིག
ཧ་ཅང་ཉམ་ཐག་གིས་ཡལ་བཞིན་འདུག་སྙམ་དུས
ངས་གན་དེ་དྲན ཧིན་རྡུ་བ་དེ་ཚོ་དྲན
                                                         07.6
                            
                                  མཚོ་སྔོན་པོ།མཚོ་སྔོན་པོ།
ལྷ་སྒྲུང་རིམ་པ་ཞིག་གི་ས་རྡོ་རླུང་གིས་འཁུར་རྗེས
ཤུལ་དུ་ལུས་པ་ནི་རྨི་ལམ་ལ་གས་ཆག་ཤོར་བའི་གཏམ་རྒྱུད་དེ
ལོ་ཟླའི་ཕྲེང་ལམ་དུ་རྒས་གཉེར་གྱིས་ནུར་བ་གཅིག་པུ་མ་ཡིན་ནམ

མཐའ་ཡས་པའི་རྩྭ་ཐང་ལུག་ཁྱུས་རྨས་སོང
རབ་རིབ་ཀྱི་བསམ་གཞིག་དག་ཀྱང་རི་བོའི་སྨུག་སྤྲིན་དུ་འཐིམས
རེ་གཞག་ཁྲི་སྟོང་གི་ཚྭ་ཆུས་མྱ་ངན་འབྱིན
ཚེ་སྲོག་དམར་པོའི་མེ་ཏོག་གི་འདབ་མ་སེར་གྱིས་བཅོམ

མགར་སྟོང་བཙན་ཨང རུས་རྒྱུད་ཅིག་གི་མཆོད་མེ་བཏེགས་ཏེ
གང་དུ་ཕེབས་སོང་ངམ བླ་རི་ལྟ་བུའི་བདག་གི་རྒྱབ་ལྗོངས་ཡཱ

ཉི་འོད་ལམ་ལམ་དུ་འཕྲོ་མྱོང་བའི་འབྲོག་སྡེ་མང་པོ་ཞིག
ད་ལྟ མ་གཞི་ནས་སྐམ་གྱིན་པའི་ཉ་གོག་ཅིག་གི་ནང་ཁྲོལ་དང་མཚུངས
                                               07.10.2ཉིན་རྐང་ཚ་རུ།

                          བདག་ཡོ་བར་མི་བྱེད་དོ།
མཚམས་སྤྲིན་ཡང་མི་བྱ
རླུང་བུ་ཡང་མི་བྱ

ཁྱོད་ཀྱིས་ཡིད་ཆེས་བྱེད་རོགས
བདག་ནི་སྲ་བརྟན་གྱི་ས་གཞི་སྟེ

ཚེ་སྲོག་གི་སྒྲ་དབྱངས་གཉོར་མཁན་གཅིག་པུ་དེ་བྱ་སྙམ
                                              07.11.12ཉིན།རྐང་ཚ་རུ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཁྱོད་ལ་དགའ་དོན།(ཞར་བཀོད་གསུམ་ཡོད)

2009-02-18 སྐྱ་མི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།