བུད་མེད་ལགས།
བུད་མེད་ལགས རིགས་རྒྱུད་སྤེལ་ཕྱིར
ང་རང་ཁྱོད་ཀྱི་རུམ་ལ་འཛུལ་བ་ཡིན
ས་མཐའ་སྨག་རུམ་གྱིས་བསྐོར་འདུག
ངས་མེས་པོའི་མཛད་རྗེས་དྲན་བྱུང་
སྐར་མ་རེ་འགའ་ནམ་མཁས་བཙོན་ལ་བཅུག
རླུང་གི་ཕྱགས་མས་ཐལ་རྡུལ་གཙུབ་ཞིང་འོང་
ཁ་བ་རི་བོར་ཁ་བ་མ་བབས་ཚེ
ངའི་རིགས་རྒྱུད་ལ་ཁ་དོག་ཡལ་བ་ཡིན
བུད་མེད་ལགས ཕྱག་རྒྱ་གང་རུང་གིས
ངའི་ལུས་ཀྱི་མེ་ཕུང་དགུང་ལ་མཆེད་དུ་ཆུགས་དང་
དུས་རབས་འདི་ཡི་རྫུན་དང་ཕྲ་མ་རྣམས
སྐྲ་ལོ་ནག་པོའི་རླབས་རྩེ་ནས་དོར་བར་གྱིས
རྩོམ་ཁུངས། ངེད་དྲ་བ།