ལྗིང་ཕ་ཕི་གཉིས་བ།(ཞར་བཀོད་གཉིས་ཡོད)
ཉི་མ་སྐྱ་བོར་བྱ་རྒོད་ཀྱི་སྤོབས་པའི་ཆ་ཙམ་ཡང་མི་འདུག
ཉི་མོ་སྐྱ་བོ ཡོ་རོབ་པའི་བརྩེ་དུང་དང་ཁོ་ཚོའི་དྲི་མ་ལྟར
རླངས་འཁོར་གི་གློག་སྒྲོན་ལྟར བདག་གི་སྙིང་ལྟར
རྒྱལ་ཁབ་མང་བོར་གནས་སྐོར་ལ་འགྲོ་མྱོང་བའི ལྗིང་ཕ་ཕི
ཁ་སང་ཡོ་རོབ་པའི་གསོལ་འདེབས་ཁྲོད་ཚེ་ལས་འདས་སོང
2ལག་དམར་ཞིག་གིས ལྐོག་གསོད་བྱེད་མྱོང་བའི་ཁོ
ཡང་ན ལྷས་བཀའ་བབས་པའི་ལག་དམར་དེ
3 KFC ནས་སྙན་ངག་འབྲི་བའི་ང
དབྱིན་ཡིག་གི འགུལ་མེད་ཀྱི་ཐ་སྙད་དེ་ཚོ
སྙན་ངག་རེ་རེ ཅི་ཞིག་གི་ཚབ་ཏུ་བྲིས་བ་བདག་གིས་ཀྱང་ཤེས་ཐབས་མི་འདུག
1 བ་ཐི་ཁན(Vatican) ་དུ་བཞུགས་པའི་གནམ་བདག་ཆོས་ལུགས་ཀྱི་ཆེས་མཐོ་བའི་བླ་མ་ཡིན་ལ། ཁོ་ནི་རོ་མའི་ཆོས་ལུགས་ཀྱི་རྒྱལ་བོར་འབོད་པ་དེ་ཡིན།
2 ཁོ་རང་ཐེངས་ཁ་ཤས་ལ་ལྐོག་གསོད་པའི་མེ་མདའ་ཕོག་ཀྱང་མ་ཤི་བས། ཁ་ཤས་ཀྱིས་ལྷ་དབང་གིས་ལག་དམར་དེ་ལ་དེ་ལྟར་བྱེད་དགོས་་བའི་བཀའ་བབས་པར་འདོད།
3 KFC ཁན་ཚ་ཁེ་ཡི་བྱ་ཤ་སྲེག་མ་ཞེས་བའི་དོན་ཡིན་ལ་འཛམ་གླིང་གི་གྲོང་ཁྱེར་སོ་སོ་ལ་ཁྱབ་པའི་ཨ་རུའི་མགྱོགས་ཟ་ཁང་ལ་གོ་དགོས།
1ཧམ་པིར་རྒར།
གྲོང་ཁྱེར་གྱི་བུ་མོ་ཆུང་ཆུང་དེའི་མིག་ཟུང་གིས
ཁྱོ་ཤུག་གཉིས་ཀྱི་སེམས་པ་གཞི་ནས་ཇེ་ཆེར་བུད་སོང
རྒྱུ་མཚན་བུ་མོ་དེ་ཧམ་པིར་རྒར་ཟ་རྒྱུར་དགའ་བས་རེད
ལྷའི་སྐོར་གྱི་གླུ་དབྱངས 2ཨ་ཧྥེ་རུ་ཁའི་ཨ་རུ་བ་ལྟར
3བྱ་ཤ་སྲེག་མཁན་གྱི་རྒན་པོ་སྨྲ་ར་ཅན
བརྩེ་དུང་བཞིན་གཞོན་ཤ་ཡོད་པའི་འཇིག་རྟེན
ནུབ་གླིང་གི་མེས་བོ་ཚོས་བཞག་པའི་ཧམ་པིར་རྒར
ང་ཚོ་སུས་བཞག་པའི་ལྩི་བའི་སྟེང་གི་མེ་ཏོག་ཆུང་ཆུང་དེ་དག་ཡིན
1ཧམ་པིང་རྒར་ནི་ནུབ་ཕྱོགས་ནས་དར་བའི་གོ་རེ་ཁ་བུབ་བར་དུ་ཤ་དང༌། སྣུམ། ཚོད་མ་བཅུག་པ་ཞིག་སྟེ། འཇར་མན་གྱི་གྲོང་ཁྱེར་ཧམ་པིར་རྒར་ནས་དར་བས་དེ་ལྟར་གྲགས།
2 ཨ་地敌་མི་ནག་ལ་ཁོ་ཚོས་དེ་ལྟར་འབོད།
3 ཐོག་མར་ཁན་ཚ་ཁེ་ཡི་བྱ་ཤ་སྲེག་སྟངས་གསར་དུ་རྙེད་མཁན་གྱི་རྒན་པོ་དེ་ལ་གོ་ཟེར།
ཉི་མའི་རྒྱབ་ཀྱི་དཔྱིད་ཀ
ཁ་བས་ཞུ་རྗེས མེ་ཏོག་ཁ་ཤས་བཞད་སྔ་སོང
དེའི་ཕྱིར་ཁོ་ཚོས་རང་ཉིད་མེ་ཏོག་ཡིན་པའང་ཤེས་མ་སོང
དྲི་ཞིམ་དང་སྦྲང་མ་དེ་བས་ཀྱང་ཡིད་ལ་འཁོར་མ་མྱོང
ཉི་མས་ཀྱང་ཤུགས་རྐྱེན་ཐེབས་དཀའ་བའི་རླངས་འཁོར་གྱི་ཆུ་བོའི་རྒྱུན
མི་དང་ཅ་ལག་ཡར་ཐུར་སྐྱེལ་བའི་ཁ་ལོ་བ
ཁང་བརྩེགས་ཀྱི་ངོས་ཤིག་ལ་དཔྱིད་ཀ་ཤར་དུས
རྩྭ་ཐང་ཟེར་བའི་དཔྱིད་ཀ་གཞན་ཞིག་ང་ཚོས་གང་ནས་བསྐྱུར་སོང༌།
རྩོམ་ཁུངས། ངེད་དྲ་བ།