རོལ་མོ།

ས་ཆ་འདི་ཆ་ཡོད་ནང་གི་རྒྱུས་མེད་རེད་དམ
བདག་གི་ངོ་གདོང་ན་མིག་ཆུ་དང་དགོད་སྒྲ་མི་འདུག
མི་ཚོགས་ཤིག་ང་དང་ཁ་ཐག་ཉེ་ས་ཉེ་ས་ན
ཡང་ན་ཐག་རིང་བའི་ཡར་ཀློང་ཁོག་ན
ངས་ཀྱང་རང་ཉིད་བཟུང་ནས་སྲང་ལམ་ཉུལ་གྱིན་ཡོད

ད་ལྟ་ངའི་དགའ་རོགས་མ་གནས་གང་དུ་ཡོད
དོ་ནུབ་ཞག་སྡོད་བྱེད་སའི་མགྲོན་ཁང་གི་སྒོ་ཁའི་ཨང་གྲངས་ནི་ཅི་ཞིག
སྐབས་དེར་ཁ་པར་ནང་གི་ཁྱོད་ཚོ་ནི་ང་ཡི་སྙིང་ཉེ
ཡང་ན་ལྷམ་པ་བརྒྱབ་ཡོད་པའི་སློག་རྙིང་གི་དྲོད་ཁོལ
གཞས་ལ་མཁས་པའི་ཁོ་བོ་ཡང
གར་སྟེགས་སྟེང་དུ་འཇིག་རྟེན་ཞིག་གི་མཐུ་འོག་ན་བྲེལ་གྱིན་འདུག

ང་ལ་ད་དུང་པར་ཞིག་ལེན་དུ་ཆུག་དང
རྩྭ་ཐང་གི་མེ་ཏོག་ནི་ད་ལོ་གང་བུའི་ཁྲོད་ན་རྒས་འདུག་ཀྱང
སྦྲང་མ་ཚོ་གཉིད་དུ་ཡུར་ནས་ཞི་མོ་ཞིག་ལ་དགའ་ཚུལ་གླེང་གིན
ཤོག་བུ་དང་སྨྱུ་གུ་མི་དགོས་པའི་གློག་ཀླད་ངོས་སུ་བརྩེ་བ་འབྲི་བ་ནི
ཁྱོད་ཀྱིས་ཀློག་དགོས་པའི་སྙན་ངག་ཅིག་ཡིན་ནམ

ས་སྲོལ་འདི་ནི་ཆུ་འཁྱག་ཧུབ་གང་གི་སྐོམ་པ་སེལ་ཚུལ
ཡང་ན་ནམ་མཁའ་ནས་གཤོག་པ་ཞིག་རྨས་ཚུལ
ཁྱོད་ལ་ངའི་བརྩེ་དུངས་དགོས་པ་ཡིན་ནམ
ང་ལ་ཡོད་པའི་ལོངས་སྤྱོད་ཀྱི་ཁ་མདོག་རབ་རིབ
ཅི་ཁག    ང་ཡང་ཞི་མོ་ཞིག་མིན་པའི་ངེས་པ་མེད་པ་འདྲ

བདག་གིས་ཁ་གདང་ནས་རྨི་ལམ་ཞིག་འཚོལ་འདོད་རུང
ང་ཡི་ལག་པ་རྨས་མཁན་གྱི་ཤོག་ལྷེ་དེ
ཁྱོད་ཀྱི་ཕོ་བྲང་ན་དར་ཆ་ཤིག་ཡིན་ན་ཡང
ངས་ནམ་ཡང་མིག་བཙུམ་ནས་རང་ཉིད་ཁོ་ན་ལ་བལྟས་ཡོད

ལྗོན་ཤིང་སྟེང་གི་ཆུ་ཐིགས་གཅིག་ཀྱང་མར་སྲང་ལམ་དུ་ལྷུང་སོང
                 སྤྱི་ལོ༢༠༠༩ལོའི་ཟླ༥བའི་ཚེས༡༣ཉིན་གཙོས་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོལ་མོ།

2009-07-21 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།