ཁ་བ་རྟ་ཞོན་ཞིག


བོང་བུའི་རྣ་བར་འཛེར་བའི་མེ་ཏོག
གླུ་སྣེར་མཐུད་པའི་རོལ་ཆས་ཀྱི་རྒྱུད་སྐུད་ཁ་ཤས
ག་ལེར་དཀྲོལ་པའི་དབྱངས་མཁན་གྱི་མིག་འོད
ཁ་བ་རྟ་ཞོན་གྱི་ཡོབ་སྣེར་བཏགས


བུ་མོའི་མེ་ཏོག་གི་ཟེའུ་འབྲུ
འུར་ཆིལ་ལེར་གཏོང་བའི་འགྱིག་བཟོས་ཤིང་ལིང
མེ་ཏོག་གི་ཡུ་བར་འཁྲིལ་བའི་ཐག་འཁྱུད
ཉི་ཟླའི་བར་གསེང་ནས་ལྷོད་ཀྱིས་འགུལ


ཁ་བ་རྟ་ཞོན་དེའི་ལག་གི་འུར་ཆ
སུ་ལ་འཕོག་མིན་མི་གསལ་བའི་རྡེའུ་ནར་མོ
མཚོ་ནང་དུ་གཡུག་ཆོག་པའི་གཏོར་མ་ཆུང་ཆུང
དུད་ཞགས་འཁྱིལ་པའི་སྔོན་འགྲོའི་དང་ཁར་འཁྱུད


གངས་ཏི་ཙེའི་བང་རིམ་གྱི་ཤིག་སྲོ
རྐང་ལག་རེངས་པའི་རྗེས་ཤུལ་རབ་རིབ
མ་པང་གི་འགྲམ་ངོགས་སུ་ངུ་བཤུམ་མཛད

               ༢༠༠༩ ༥ ༡༦ཉིན་ལན་གྲུ་གྲོང་ཁྱེར་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་རྟ་ཞོན་ཞིག

2009-07-12 དགེ་ཆོས། ཀློག་གྲངས། མཆན ཡོད།


བོང་བུའི་རྣ་བར་འཛེར་བའི་མེ་ཏོག
གླུ་སྣེར་མཐུད་པའི་རོལ་ཆས་ཀྱི་རྒྱུད་སྐུད་ཁ་ཤས
ག་ལེར་དཀྲོལ་པའི་དབྱངས་མཁན་གྱི་མིག་འོད
ཁ་བ་རྟ་ཞོན་གྱི་ཡོབ་སྣེར་བཏགས


བུ་མོའི་མེ་ཏོག་གི་ཟེའུ་འབྲུ
འུར་ཆིལ་ལེར་གཏོང་བའི་འགྱིག་བཟོས་ཤིང་ལིང
མེ་ཏོག་གི་ཡུ་བར་འཁྲིལ་བའི་ཐག་འཁྱུད
ཉི་ཟླའི་བར་གསེང་ནས་ལྷོད་ཀྱིས་འགུལ


ཁ་བ་རྟ་ཞོན་དེའི་ལག་གི་འུར་ཆ
སུ་ལ་འཕོག་མིན་མི་གསལ་བའི་རྡེའུ་ནར་མོ
མཚོ་ནང་དུ་གཡུག་ཆོག་པའི་གཏོར་མ་ཆུང་ཆུང
དུད་ཞགས་འཁྱིལ་པའི་སྔོན་འགྲོའི་དང་ཁར་འཁྱུད


གངས་ཏི་ཙེའི་བང་རིམ་གྱི་ཤིག་སྲོ
རྐང་ལག་རེངས་པའི་རྗེས་ཤུལ་རབ་རིབ
མ་པང་གི་འགྲམ་ངོགས་སུ་ངུ་བཤུམ་མཛད

               ༢༠༠༩ ༥ ༡༦ཉིན་ལན་གྲུ་གྲོང་ཁྱེར་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།