ཕྱེ་མ་ལེབ་ཁྲ་ཁྲ།


དབྱར་གཞུང་དེའི་མེ་ཏོག་ཁྲོད་
སྤྲིན་དཀར་གྱིས་ཁྱོད་ཀྱི་བརླ་སྒོ་མཐོང་སོང་
བསེར་བུ་ཡིས་ཁྱོད་ཀྱི་འཁུན་སྒྲ་ཁྱེར་སོང་
ཁྱོད་ཀྱི་རྒྱབ་གཞུང་དུ་འགོས་པའི་
མེ་ཏོག་གི་ཚོན་རྩི་དྲན་པའི་མོད་
མཐོང་བྱེད་ཀྱི་ངོས་ཤིག་ཏུ་
ཕྱེ་མ་ལེབ་ཁྲ་ཁྲ་ཞིག་འཕུར་ཡོང་
དབྱར་གཞུང་གི་ཉི་འོད་འཇམ་ས་རུ་
དབྱར་གཞུང་དང་ཉི་འོད་ཡིན་པའི་   གཤོག་པ་རྡེབ་ཀྱིན་
ཕྱེ་ལེབ་ཁྲ་ཁྲ་དེ་ཁྱོད་ཀྱི་
ཕྲག་པའི་བ་སྤུའི་གསེབ་ཏུ་བབས་
ངས་དེ་རང་འཛིན་འདོད་ཀྱི་ལག་པ་ཕར་བརྐྱངས་པ་ན་
ཕྱེ་མ་ལེབ་དེ་ཕར་འཕུར་སོང་ལ་
གཤོག་རྡེབ་རེ་རེས་   
དབྱར་གཞུང་རྗེས་སུ་བསྐྱུར་ནས་
དལ་བ་དལ་བུར་
སྟོན་གྱི་གསེར་མདོག་གི་གསེབ་ཏུ་འཛུལ་སོང་

བསྟན་འཛིན་ལྷ་སྐྱིད་
དགུན་ཟླ་འགོ་མར་
ངས་ཕྱེ་མ་ལེབ་དེའི་གཤོག་པའི་སྟེང་གི་
ངེད་གཉིས་ཀྱི་གཏམ་རྒྱུད་དྲན་བྱུང་
      ༢༠༠༤ལོའི་ཟླ་༡༠ཚེས་༢༨ཉིན།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱེ་མ་ལེབ་ཁྲ་ཁྲ།

2009-06-13 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།


དབྱར་གཞུང་དེའི་མེ་ཏོག་ཁྲོད་
སྤྲིན་དཀར་གྱིས་ཁྱོད་ཀྱི་བརླ་སྒོ་མཐོང་སོང་
བསེར་བུ་ཡིས་ཁྱོད་ཀྱི་འཁུན་སྒྲ་ཁྱེར་སོང་
ཁྱོད་ཀྱི་རྒྱབ་གཞུང་དུ་འགོས་པའི་
མེ་ཏོག་གི་ཚོན་རྩི་དྲན་པའི་མོད་
མཐོང་བྱེད་ཀྱི་ངོས་ཤིག་ཏུ་
ཕྱེ་མ་ལེབ་ཁྲ་ཁྲ་ཞིག་འཕུར་ཡོང་
དབྱར་གཞུང་གི་ཉི་འོད་འཇམ་ས་རུ་
དབྱར་གཞུང་དང་ཉི་འོད་ཡིན་པའི་   གཤོག་པ་རྡེབ་ཀྱིན་
ཕྱེ་ལེབ་ཁྲ་ཁྲ་དེ་ཁྱོད་ཀྱི་
ཕྲག་པའི་བ་སྤུའི་གསེབ་ཏུ་བབས་
ངས་དེ་རང་འཛིན་འདོད་ཀྱི་ལག་པ་ཕར་བརྐྱངས་པ་ན་
ཕྱེ་མ་ལེབ་དེ་ཕར་འཕུར་སོང་ལ་
གཤོག་རྡེབ་རེ་རེས་   
དབྱར་གཞུང་རྗེས་སུ་བསྐྱུར་ནས་
དལ་བ་དལ་བུར་
སྟོན་གྱི་གསེར་མདོག་གི་གསེབ་ཏུ་འཛུལ་སོང་

བསྟན་འཛིན་ལྷ་སྐྱིད་
དགུན་ཟླ་འགོ་མར་
ངས་ཕྱེ་མ་ལེབ་དེའི་གཤོག་པའི་སྟེང་གི་
ངེད་གཉིས་ཀྱི་གཏམ་རྒྱུད་དྲན་བྱུང་
      ༢༠༠༤ལོའི་ཟླ་༡༠ཚེས་༢༨ཉིན།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།