མེ་ལོང་འགྲམ་གྱི་བུད་མེད།


མེ་ལོང་འགྲམ་དུ་ལངས་ནས་
གསེར་མདོག་གི་སྐྲ་ལོ་ཤད་དུས་
སྔར་སོང་གི་དྲན་པ་མང་བོ་
དྲ་མ་ལས་ནང་དུ་ཕོག་པའི་ཉི་ཟེར་དང་མཚུངས་པར་
སླར་ཡང་ལོ་འདབ་དང་བཅས་འཐོར་

ཡུན་རིང་བའི་ཉིན་གང་བོར་
ཁོ་མོས་   རྒྱང་རིང་བའི་མེ་ལོང་ནང་དུ་བལྟ་དུས་
མེ་ལོང་ངོས་ཀྱི་གཟུགས་བརྙན་
སྨུག་པའི་གསེབ་ཏུ་འཐེན་པའི་ལམ་ཕྲན་ཞིག་དང་འདྲ་བར་
ག་ས་ག་རུ་མགོ་བོ་འཁོར་

གཙང་བོ་དེའི་རིང་ཚད་དུ་མེད་པའི་ཁྱོད་ནི་
དུས་ཚོད་ཀྱི་སྟེང་དུ་ཐོག་པའི་
རྨ་ཁ་ཟམ་མོ་ཞིག་དང་འདྲ་བར་
ངའི་རྨི་ལམ་གྱི་མཁའ་དབྱིངས་ཡོད་ཚད་ན་ཟུག་གིས་བཀང་

ཁོའི་མོའི་ཡིད་ལ་དེ་ལྟར་ཤར་བཞིན་
གསེར་མདོག་གི་སྐྲ་ལོ་དལ་མོར་ཤད་དུས་
ཉི་འོད་ཀྱི་ཟེགས་མ་རེ་རེ་དང་
མིག་ཆུ་ཡི་ཐིགས་པ་རེ་རེ་
དྲ་མའི་ཕྱི་རོལ་གྱི་རི་ལུང་དུ་འཐོར་བའི་སྟོན་གྱི་གསེར་མདོག་བཞིན་
གཅིག་རེ་གཉིས་རེས་མར་མར་བབས་

ཁེར་རྐྱང་དང་སྡུག་བསྔལ་གྱིས་གཟིར་སྐབས་
མི་རྣམས་ཅིའི་ཕྱིར་གླག་རྒོད་ལ་དགའ་བ་ཤེས་སོང་

ཁོ་མོས་གསེར་མདོག་གི་སྐྲ་ལོ་ཤད་ཀྱིན་
མེ་ལོང་ཁྲོད་ཀྱི་རྒྱང་རིང་རྒྱང་རིང་གི་
ན་ཆུང་ཞིང་ལང་ཚོ་རྫོགས་པའི་རང་ཉིད་ལ་ཡང་ཡང་ལྟ་ཞོར་
སྐྲ་ལོ་དལ་མོར་ཤད་
      ༢༠༠༤ལོའི་ཟླ་༣ཚེས་༢༣ཉིན་རྨེའུ་སྐོར་དུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་འགྲམ་གྱི་བུད་མེད།

2009-06-13 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།


མེ་ལོང་འགྲམ་དུ་ལངས་ནས་
གསེར་མདོག་གི་སྐྲ་ལོ་ཤད་དུས་
སྔར་སོང་གི་དྲན་པ་མང་བོ་
དྲ་མ་ལས་ནང་དུ་ཕོག་པའི་ཉི་ཟེར་དང་མཚུངས་པར་
སླར་ཡང་ལོ་འདབ་དང་བཅས་འཐོར་

ཡུན་རིང་བའི་ཉིན་གང་བོར་
ཁོ་མོས་   རྒྱང་རིང་བའི་མེ་ལོང་ནང་དུ་བལྟ་དུས་
མེ་ལོང་ངོས་ཀྱི་གཟུགས་བརྙན་
སྨུག་པའི་གསེབ་ཏུ་འཐེན་པའི་ལམ་ཕྲན་ཞིག་དང་འདྲ་བར་
ག་ས་ག་རུ་མགོ་བོ་འཁོར་

གཙང་བོ་དེའི་རིང་ཚད་དུ་མེད་པའི་ཁྱོད་ནི་
དུས་ཚོད་ཀྱི་སྟེང་དུ་ཐོག་པའི་
རྨ་ཁ་ཟམ་མོ་ཞིག་དང་འདྲ་བར་
ངའི་རྨི་ལམ་གྱི་མཁའ་དབྱིངས་ཡོད་ཚད་ན་ཟུག་གིས་བཀང་

ཁོའི་མོའི་ཡིད་ལ་དེ་ལྟར་ཤར་བཞིན་
གསེར་མདོག་གི་སྐྲ་ལོ་དལ་མོར་ཤད་དུས་
ཉི་འོད་ཀྱི་ཟེགས་མ་རེ་རེ་དང་
མིག་ཆུ་ཡི་ཐིགས་པ་རེ་རེ་
དྲ་མའི་ཕྱི་རོལ་གྱི་རི་ལུང་དུ་འཐོར་བའི་སྟོན་གྱི་གསེར་མདོག་བཞིན་
གཅིག་རེ་གཉིས་རེས་མར་མར་བབས་

ཁེར་རྐྱང་དང་སྡུག་བསྔལ་གྱིས་གཟིར་སྐབས་
མི་རྣམས་ཅིའི་ཕྱིར་གླག་རྒོད་ལ་དགའ་བ་ཤེས་སོང་

ཁོ་མོས་གསེར་མདོག་གི་སྐྲ་ལོ་ཤད་ཀྱིན་
མེ་ལོང་ཁྲོད་ཀྱི་རྒྱང་རིང་རྒྱང་རིང་གི་
ན་ཆུང་ཞིང་ལང་ཚོ་རྫོགས་པའི་རང་ཉིད་ལ་ཡང་ཡང་ལྟ་ཞོར་
སྐྲ་ལོ་དལ་མོར་ཤད་
      ༢༠༠༤ལོའི་ཟླ་༣ཚེས་༢༣ཉིན་རྨེའུ་སྐོར་དུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།