འབྲལ་དཀའ་བའི་གྲིབ་གཟུགས།


བདེ་ལ་སྲེད་པའི་འཇིག་རྟེན་གནས་མལ་ནས།།
གཉེན་དང་བཤེས་ཀྱི་མཛའ་བ་མཐའ་མེད་ཀྱང་།།
ཁྱོད་ཞལ་ཟླ་བའི་འཛུམ་ཀོང་མཐོང་བ་ལ།།
འདག་ཡིད་དུང་བས་གདུང་བ་རབ་ཏུ་ཉེན།།
 
རྙོག་བྲལ་ཡིད་ཀྱི་མེ་ལོང་དྭངས་མོ་རུ།།
ཟིམ་ཟིམ་དགོད་པའི་ལང་ཚོའི་འོད་སྣང་འཕོས།།
མ་བསྒྲིགས་མཐུན་པའི་ཞེ་འདང་ཟབ་མོ་དེ།།
བསམ་གཞིགས་བརྩེགས་མའི་ཀློང་ནས་བསྙེལ་བ་མེད།།
 
འཆི་བདག་གཤིན་རྗེའི་གཤེད་ཀྱི་ལྕགས་ཀྱུ་ཡི།།
རེག་བྱ་རྩུབ་མོའི་ནད་ཀྱིས་མ་ཐེབས་པར།།
ཁྱོད་ལ་དུང་བའི་ཞེ་འདང་ཟབ་མོ་དེར།།
ཁྲེལ་དང་རྒོད་ཀྱི་མཆི་ཞགས་གཏོང་མི་སྤོབས།།
 
རེ་བའི་མིག་ཟུང་ཕྱི་ལ་འཁྲེང་བ་ཡི།།
ལོ་ཟླའི་བརྩེགས་རིམ་བསྟར་བའི་ཁུགས་སོ་ན།།
ཁྱོད་དང་རྩེན་པའི་ལྷས་ར་གྲུ་བཞི་དེ།།
ཡང་ཡང་བསམ་པའི་མྱོང་གོམས་ཟད་དུ་མེད།།
                                    ༢༠༠༩.༤.༢༧ ལ་བྲིས།
                 
 


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲལ་དཀའ་བའི་གྲིབ་གཟུགས།

2009-05-13 ལྷེ་བྱམས་པ། ཀློག་གྲངས། མཆན ཡོད།

བདེ་ལ་སྲེད་པའི་འཇིག་རྟེན་གནས་མལ་ནས།།
གཉེན་དང་བཤེས་ཀྱི་མཛའ་བ་མཐའ་མེད་ཀྱང་།།
ཁྱོད་ཞལ་ཟླ་བའི་འཛུམ་ཀོང་མཐོང་བ་ལ།།
འདག་ཡིད་དུང་བས་གདུང་བ་རབ་ཏུ་ཉེན།།
 
རྙོག་བྲལ་ཡིད་ཀྱི་མེ་ལོང་དྭངས་མོ་རུ།།
ཟིམ་ཟིམ་དགོད་པའི་ལང་ཚོའི་འོད་སྣང་འཕོས།།
མ་བསྒྲིགས་མཐུན་པའི་ཞེ་འདང་ཟབ་མོ་དེ།།
བསམ་གཞིགས་བརྩེགས་མའི་ཀློང་ནས་བསྙེལ་བ་མེད།།
 
འཆི་བདག་གཤིན་རྗེའི་གཤེད་ཀྱི་ལྕགས་ཀྱུ་ཡི།།
རེག་བྱ་རྩུབ་མོའི་ནད་ཀྱིས་མ་ཐེབས་པར།།
ཁྱོད་ལ་དུང་བའི་ཞེ་འདང་ཟབ་མོ་དེར།།
ཁྲེལ་དང་རྒོད་ཀྱི་མཆི་ཞགས་གཏོང་མི་སྤོབས།།
 
རེ་བའི་མིག་ཟུང་ཕྱི་ལ་འཁྲེང་བ་ཡི།།
ལོ་ཟླའི་བརྩེགས་རིམ་བསྟར་བའི་ཁུགས་སོ་ན།།
ཁྱོད་དང་རྩེན་པའི་ལྷས་ར་གྲུ་བཞི་དེ།།
ཡང་ཡང་བསམ་པའི་མྱོང་གོམས་ཟད་དུ་མེད།།
                                    ༢༠༠༩.༤.༢༧ ལ་བྲིས།
                 
 


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།