ཀ་ཁའི་གཏམ།

ཀ་དག་གཏམ་ཞིག་འཆད་རྒྱུ་ཁྱོད་ལ་མེད་ན།།

ཁ་བ་ཅན་གྱི་མི་རུ་གཏོགས་རབས་མི་འདུག།

ག་དུས་ཤིག་ལ་རང་ངོས་ཟིན་པ་བྱུང་ན།།

ང་ཡི་གམ་དུ་ཡོང་བའི་ཆོག་མཆན་བཀོད་ཆོག།

 

ཅ་ཅོ་མང་བའི་ཕོ་བྲང་དམར་པོའི་གམ་ན།།

ཆ་ལུགས་མི་གཅིག་མི་ཚོགས་བརྒྱ་མ་སྟོང་ཡོད།།

ཇ་ཆང་མཉམ་དུ་འཐུང་བའི་གྲོགས་ཤིག་མེད་ན།།

ཉྭ་ཤ་འདར་བཞིན་འགྲོ་དགོས་ཐེངས་མང་བྱུང་མྱོང༌།།

 

ཏ་ཐ་ག་ཏའི་གླེགས་བམ་དོ་ལ་བརྩེགས་ནས།།

ཐ་མ་མི་ཡི་མཛད་པ་སྐྱོང་དགོས་ཟེར་ན།།

ད་ལྟའི་ང་ལ་དོ་ཟླ་ཁྱོད་འདྲ་ཡོང་ན།།

ན་གཞོན་ངས་ཀྱང་དགོངས་དག་ཞུ་དགོས་མི་འདུག།

 

པ་མགོ་ལབ་ཀྱང་སྤོབས་པ་ཉམས་རྒྱུ་མི་འདུག།

ཕ་རོལ་མི་དེས་སྐད་ངན་ང་ལ་བཞག་ན།།

བ་གླང་མཛད་པ་སྐྱོང་ནས་འདུག་འདོད་མི་འདུག།

མ་གུས་གཏམ་གྱིས་འབོད་པ་ཁྱོད་ལ་གཏོང་ཆོག།

 

ཙ་རི་སྐོར་ནས་གཞན་ཡུལ་འགྲིམས་པའི་དུས་སུ།།

ཚ་སྡུག་མྱངས་པའི་གཏམ་དེ་ཁྱོད་ལ་བཤད་ན།།

ཛ་དྲག་ལམ་གྱི་ཁུར་བའི་ངལ་བ་འདི་དག།

ཝ་མོ་ཁྱོད་ཀྱིས་ཐོས་ན་དྲན་པ་འཆོར་སྲིད།།

 

ཞ་ར་མེད་པོ་མང་བའི་རྒྱ་གར་ཕྱོགས་ནས།།

ཟ་རྒྱུ་འཐུང་རྒྱུ་མེད་ཀྱང་ལོ་གསུམ་བསྡད་ནས།།

འ་ཅག་མི་རབས་འདི་ལ་ལྟོ་ཆས་བསྒྲིགས་ཏེ།།

ཡ་མེད་གཅིག་པུར་རང་ཡུལ་ཕྱོགས་སུ་ཐོན་ཡོད།།

 

ར་ལུག་སྐད་བརྡ་བསྒྱུར་པའི་ཁ་བ་ཅན་ནས།།

ལ་ལུང་མི་ཡིས་ང་ལ་སྡིགས་དམོད་བྱེད་ཀི།

ཤ་དང་ཁྲག་ལ་རྔན་པའི་ཡུལ་མི་འདི་དག།

ས་ཕྱོགས་འདི་ལ་གཏོགས་མིན་ཐེ་ཚོམ་སྐྱེས་ཡོང༌།།

 

ཧ་ལས་ཧང་སང་དགོས་པའི་དོན་ཞིག་མེད་ན།།

ཨ་ཇོ་འགྲོ་བའི་ཕྱོགས་སུ་མྱི་ཁ་མ་གཏོང༌།།

༢༠༠༧ ༡༢ ༡༣དགོང་མོ་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་ཁའི་གཏམ།

2010-01-10 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

ཀ་དག་གཏམ་ཞིག་འཆད་རྒྱུ་ཁྱོད་ལ་མེད་ན།།

ཁ་བ་ཅན་གྱི་མི་རུ་གཏོགས་རབས་མི་འདུག།

ག་དུས་ཤིག་ལ་རང་ངོས་ཟིན་པ་བྱུང་ན།།

ང་ཡི་གམ་དུ་ཡོང་བའི་ཆོག་མཆན་བཀོད་ཆོག།

 

ཅ་ཅོ་མང་བའི་ཕོ་བྲང་དམར་པོའི་གམ་ན།།

ཆ་ལུགས་མི་གཅིག་མི་ཚོགས་བརྒྱ་མ་སྟོང་ཡོད།།

ཇ་ཆང་མཉམ་དུ་འཐུང་བའི་གྲོགས་ཤིག་མེད་ན།།

ཉྭ་ཤ་འདར་བཞིན་འགྲོ་དགོས་ཐེངས་མང་བྱུང་མྱོང༌།།

 

ཏ་ཐ་ག་ཏའི་གླེགས་བམ་དོ་ལ་བརྩེགས་ནས།།

ཐ་མ་མི་ཡི་མཛད་པ་སྐྱོང་དགོས་ཟེར་ན།།

ད་ལྟའི་ང་ལ་དོ་ཟླ་ཁྱོད་འདྲ་ཡོང་ན།།

ན་གཞོན་ངས་ཀྱང་དགོངས་དག་ཞུ་དགོས་མི་འདུག།

 

པ་མགོ་ལབ་ཀྱང་སྤོབས་པ་ཉམས་རྒྱུ་མི་འདུག།

ཕ་རོལ་མི་དེས་སྐད་ངན་ང་ལ་བཞག་ན།།

བ་གླང་མཛད་པ་སྐྱོང་ནས་འདུག་འདོད་མི་འདུག།

མ་གུས་གཏམ་གྱིས་འབོད་པ་ཁྱོད་ལ་གཏོང་ཆོག།

 

ཙ་རི་སྐོར་ནས་གཞན་ཡུལ་འགྲིམས་པའི་དུས་སུ།།

ཚ་སྡུག་མྱངས་པའི་གཏམ་དེ་ཁྱོད་ལ་བཤད་ན།།

ཛ་དྲག་ལམ་གྱི་ཁུར་བའི་ངལ་བ་འདི་དག།

ཝ་མོ་ཁྱོད་ཀྱིས་ཐོས་ན་དྲན་པ་འཆོར་སྲིད།།

 

ཞ་ར་མེད་པོ་མང་བའི་རྒྱ་གར་ཕྱོགས་ནས།།

ཟ་རྒྱུ་འཐུང་རྒྱུ་མེད་ཀྱང་ལོ་གསུམ་བསྡད་ནས།།

འ་ཅག་མི་རབས་འདི་ལ་ལྟོ་ཆས་བསྒྲིགས་ཏེ།།

ཡ་མེད་གཅིག་པུར་རང་ཡུལ་ཕྱོགས་སུ་ཐོན་ཡོད།།

 

ར་ལུག་སྐད་བརྡ་བསྒྱུར་པའི་ཁ་བ་ཅན་ནས།།

ལ་ལུང་མི་ཡིས་ང་ལ་སྡིགས་དམོད་བྱེད་ཀི།

ཤ་དང་ཁྲག་ལ་རྔན་པའི་ཡུལ་མི་འདི་དག།

ས་ཕྱོགས་འདི་ལ་གཏོགས་མིན་ཐེ་ཚོམ་སྐྱེས་ཡོང༌།།

 

ཧ་ལས་ཧང་སང་དགོས་པའི་དོན་ཞིག་མེད་ན།།

ཨ་ཇོ་འགྲོ་བའི་ཕྱོགས་སུ་མྱི་ཁ་མ་གཏོང༌།།

༢༠༠༧ ༡༢ ༡༣དགོང་མོ་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།