ལག་འཁྱེར་ཁ་པར་ནང་གི་འཕྲིན་ཡིག

སྨྲེང་བུ་དང་གཅན་མེ་སྟག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-06

·སྨྲེང་བུ།

བདག་གི་ཁེར་རྐྱང་གི་སྙན་ངག་པ་ལགས

ཚོར་བ་ལྷ་སར་ལོངས

མཆི་མ་ལྷ་སར་བཞུར

སྨོན་ལམ་ལྷ་སར་ཐོབས

དོ་ནུབ་གནའ་མཁར་ཟི་ལིང་ན་ཡོད་པའི་སྨྲེང་བུས་ཁྱོད་ལ་མཆོད་ཆང་འདྲེན།

·གཅན་མེ་སྟག

འཇིག་རྟེན་གྱི་ཁམས་འདི

ལྷ་སའི་གླིང་འདི

སྤྱིར་ཡིན་ན་ལག་པས་མཚན་མོ་འདི་རེག་ཆོག་ཨང

བདག་གིས་ནི་ལྷ་ལྡན་གཙུག་ལག་ཁང་ངོགས་སུ

ལག་ཟུང་མཐོན་པོར་བསྒྲེངས་ནས

མུན་ནག་གི་མཚན་གཞུང་བོར་བའི་ལོང་པ་ཞིག་དང་འདྲ་བར

སྨྲེ་ངག་གང་སར་སྒྲོག་གིན་ཡོད

·སྨྲེང་བུ།

སྙན་ངག་པར་ལེ་བར་སྟོང་ཕྲག་གིས་ཆོད་ཀྱང

ནམ་ཡང་བར་ཐག་མེད་པ་སེམས་པ་དམར་པོ་ཡིན

དོ་ནུབ     བར་སྐོར་ན་འཁྱམ་གྱིན་པའི་ཁྱོད་ལགས

དུས་ཚོད་ཀྱིས་བདེན་དཔང་ཐུབ་པ་ནི

༢༠༠༩ལོའི་ཟླ༢པའི་ཚེས༡༤ཉིན་གྱི་ས་སྲོད་ཆུ་ཚོད༨པར

ཨ་མདོའི་གཅན་མེ་སྟག་ཟེར་བ

ལྷ་སའི་གླིང་ན་ཁེར་ལྷང་ངེར

གསལ་ལྷང་ངེར་འཁྱམ་གྱིན་པ་དེའོ

·གཅན་མེ་སྟག

བདག་ནི་ལྷ་སའི་གླིང་ན

ཁེར་ལྷང་ངེར་འཁྱམ་གྱིན་ཡོད

རྡོ་མཁར་གྱི་ཕར་སྣེ་ན

ལྷ་ཚོགས་ཀྱིས་སྤྱན་ཆབ་གསིལ

འདིའི་དབང་གིས་མཚན་མོ་གཉིད་སངས་པ་ཡིན་ནམ

·སྨྲེང་བུ།

བདག་གིས་སང་ཉིན་ཨ་མདོ་བསྐྱུར་ནས

ཁ་ལོ་ཆོས་ལྡན་གྱི་ཞིང་ལ་བསྒྱུར་རྩིས་ཡོད

བསྐྱུར་ཆོག་པ་ཉག་གཅིག་ནི་དྲན་ཤིང་གི་ཐག་པ་ཡིན

འཁྱེར་ཆོག་པ་ཉག་གཅིག་ནི་ཁེར་རྐྱང་གི་བཟོད་སེམས་ཡིན

མདུན་ཐད་ཀྱི་དེ་ནི་རྨི་ལྗོངས་ཡིན་ནམ

བགྲོད་ལམ་ཡིན

2009-2-14བསྐུར།

2009-2-23བསྒྱུར།

མཆན་འགྲེལ།

སྙན་ངག་པ་གཅན་མེ་སྟག་གིས་ལྷ་ས་ན་སྨྲེང་བུ་ཡོད་ཟེར་ནས་ཁ་པར་ཨང་གྲངས་བརྩད་ཆོད་དེ་འབྲེལ་བ་བྱས་རྗེས།སྐབས་དེ་དུས་སྨྲེང་བུ་ཟི་ལིང་ན་བསྡད་ཡོད་པ་གོ དེའི་འཕྲོར་ཁོ་གཉིས་ཀྱིས་ལག་འཁྱེར་ཁ་པར་གྱི་ལམ་ནས་རྒྱ་ཡིག་གི་འཕྲིན་ཡིག་ཐོལ་བྱུང་དེ་ཚོ་བསྐུར་རེས་བྱས།ཉིན་འགའི་རྗེས་སུ་ཁོ་གཉིས་ཀ་ལྷ་སར་འཕྲད་ཅིང་ཡུན་རིང་མ་མཇལ་བའི་གདུང་བ་དང་འགྱུར་བ།སྙན་ངག་གི་བགྲོ་བ་སོགས་མདོ་ཙམ་གླེང་མཚམས་ས་རུབ་སོང་བ་དང་གྱེས་བརྡ་ཡང་བཏང་ངོ༌།།

(སྨྲེང་བུས་རྒྱ་ཡིག་ལས་བསྒྱུར།)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལག་འཁྱེར་ཁ་པར་ནང་གི་འཕྲིན་ཡིག

2010-01-06 སྨྲེང་བུ་དང་གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།