ཁ་བས་བདག་གི་སྙན་ངག་ཁུར་ནས་བབས་བྱུང་།

སློབ་གྲོགས་ཤེར་ཁོས
མེ་ཤེལ་ཏུའུ་གྲངས་བརྒྱ་ཕྲག་ཅན་སྒམ་ཚུགས་འོག
ཚ་བ་གློག་གི་རྒྱུ་བ་དང་བསྟུན་ནས་བརྙན་འཕྲིན་ཀློག་གི་ཡོད
སྒྱུ་རྩལ་གདོང་ལ་གྱོན་པའི་མི་སྣ་དག་ནི
ཁོ་བོའི་ཁེར་རྐྱང་གི་ཉི་མ་འཚོ་རོགས་སྐྱོང་རོགས་ཡིན
 
སློབ་གྲོགས་ཨ་མཁར་གྱིས
ཀ་ཏོར་ནང་གི་ཆུ་འཁྱག་བསིལ་མོ
འདག་རྫས་ཀྱིས་དཀར་ཁྱ་ལེར་བཏངས་རྗེས
སུ་ཞིག་གི་མིག་ཀོང་གསོ་མ་ཐུབ་པའི་འགྲན་རྩོད་ན་ལྟར
ཝུ་བ་སོབ་སོབ་ཀྱི་ལག་པས
ཁ་སྣའི་བར་དུ་སྐྱེས་པའི་ཐར་ཐོར་གྱི་སྨྲ་ར་ལྟ་བུའི་ངོ་གདོང་དེ
བྲད་ཞོར་ཕུར་ཞོར       རང་གི་སྙིང་ཆུང་ལོས་ཡིན་སྙམ་པའི་བུ་མོ་ཞིག་གི་རྒྱབ་ལྗོངས་གླེང་གི་ཡོད   

སློབ་གྲོགས་དཔལ་བེའུ
སྐབས་འདིར   ཁྱེད་རང་བདག་གི་གམ་ལོག་ན་མེད་པ་འགྲིག་སོང་ནའང
ཁྱེད་ཀྱིས་གང་ཞིག་ནས་སྟོང་སང་སང་གི་བར་སྣང་ལ་ཡང་ཡང་བལྟས་ཏེ 
སྐྱ་ལོང་ལོང་གི་སྤྲིན་རིམ་བར་ནས་འབབ་ཀྱིན་པའི་ཁ་བ་བཞིན་སེམས་ལ་ལྷུང་བའི
ཁམས་པའི་རྡོ་རྗེ་དཔལ་མོའི་སྙིང་རྗེ་ས་དག  
དྲན་གྱིན་ཡོད་ངེས   

འོ         འདི་དག་གིས
བདག་གི་སྙན་ངག་ཁུར་བའི་འདབ་དྲུག་ཁ་བ་ཁྱོད་ཀྱང
ང་དང་དོགས་སྣང་གིས་རྗེས་ནས་རྗེས་སུ་བཀྱེད་དེ
ཟིང་ཟང་ལང་ལོང་གི་ངང་ནས་བབ་ཀྱིན་བབ་ཀྱིན
ས་གསེང་རྡོ་གསེང་དུ་ཆུ་རུ་བསྙིལ 
དངོས་གནས
སློབ་གྲོགས་བསམ་གཏན་གྱིས་བྱང་ཆ་དང་བཅས་མནན་པའི
འཕྲིན་པ་ཕར་སྐུར་ཚུར་ཡོང་གི་ཙིར་སྒྲ་ཟར་ཟིར་དེས་ཀྱང
སེམས་ལྗོངས་འདིའི་ཁ་བ་དང་གནམ་གཤིས་ཀྱི་རྟེན་འབྱུང་དཀྲུགས་མེད་པའི་ངེས་པ་ག་ལ་ཡོད
དེ་བས                 དེ་བས
ཁ་བས་བདག་གི་སྙན་ངག་ཁུར་ནས་འབབ་ཚུལ་དེ་རབ་རིབ་རབ་རིབ་ཀྱིས་གཟིམ་མི་འགྲོ་ག་ལ་སྲིད

དགུན་ལྗོངས་ཡཱ
ཁྱེད་ཀྱི་ཡང་བཅུད་དུ་འཁྲུངས་པའི་ཁ་བ་དཀར་མོས
ནམ་ཞིག་ལ
བདག་གི་བྲོ་བཅུད་འཛོམས་པའི་སྙན་ངག་ཁུར་ནས
ཡང་བསྐྱར་ཐེངས་ཤིག་ལ
སྤྲིན་པ་ལང་ལོང་གི་གསེབ་ནས་གར་སྟབས་ཀྱིས་འབབ་པར
མིག་ཟུང་རིག་རིག་གིས་བལྟས་ཡོད་ཨང 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བས་བདག་གི་སྙན་ངག་ཁུར་ནས་བབས་བྱུང་།

2009-12-02 རྣོ་མིག ཀློག་གྲངས། མཆན ཡོད།
སློབ་གྲོགས་ཤེར་ཁོས
མེ་ཤེལ་ཏུའུ་གྲངས་བརྒྱ་ཕྲག་ཅན་སྒམ་ཚུགས་འོག
ཚ་བ་གློག་གི་རྒྱུ་བ་དང་བསྟུན་ནས་བརྙན་འཕྲིན་ཀློག་གི་ཡོད
སྒྱུ་རྩལ་གདོང་ལ་གྱོན་པའི་མི་སྣ་དག་ནི
ཁོ་བོའི་ཁེར་རྐྱང་གི་ཉི་མ་འཚོ་རོགས་སྐྱོང་རོགས་ཡིན
 
སློབ་གྲོགས་ཨ་མཁར་གྱིས
ཀ་ཏོར་ནང་གི་ཆུ་འཁྱག་བསིལ་མོ
འདག་རྫས་ཀྱིས་དཀར་ཁྱ་ལེར་བཏངས་རྗེས
སུ་ཞིག་གི་མིག་ཀོང་གསོ་མ་ཐུབ་པའི་འགྲན་རྩོད་ན་ལྟར
ཝུ་བ་སོབ་སོབ་ཀྱི་ལག་པས
ཁ་སྣའི་བར་དུ་སྐྱེས་པའི་ཐར་ཐོར་གྱི་སྨྲ་ར་ལྟ་བུའི་ངོ་གདོང་དེ
བྲད་ཞོར་ཕུར་ཞོར       རང་གི་སྙིང་ཆུང་ལོས་ཡིན་སྙམ་པའི་བུ་མོ་ཞིག་གི་རྒྱབ་ལྗོངས་གླེང་གི་ཡོད   

སློབ་གྲོགས་དཔལ་བེའུ
སྐབས་འདིར   ཁྱེད་རང་བདག་གི་གམ་ལོག་ན་མེད་པ་འགྲིག་སོང་ནའང
ཁྱེད་ཀྱིས་གང་ཞིག་ནས་སྟོང་སང་སང་གི་བར་སྣང་ལ་ཡང་ཡང་བལྟས་ཏེ 
སྐྱ་ལོང་ལོང་གི་སྤྲིན་རིམ་བར་ནས་འབབ་ཀྱིན་པའི་ཁ་བ་བཞིན་སེམས་ལ་ལྷུང་བའི
ཁམས་པའི་རྡོ་རྗེ་དཔལ་མོའི་སྙིང་རྗེ་ས་དག  
དྲན་གྱིན་ཡོད་ངེས   

འོ         འདི་དག་གིས
བདག་གི་སྙན་ངག་ཁུར་བའི་འདབ་དྲུག་ཁ་བ་ཁྱོད་ཀྱང
ང་དང་དོགས་སྣང་གིས་རྗེས་ནས་རྗེས་སུ་བཀྱེད་དེ
ཟིང་ཟང་ལང་ལོང་གི་ངང་ནས་བབ་ཀྱིན་བབ་ཀྱིན
ས་གསེང་རྡོ་གསེང་དུ་ཆུ་རུ་བསྙིལ 
དངོས་གནས
སློབ་གྲོགས་བསམ་གཏན་གྱིས་བྱང་ཆ་དང་བཅས་མནན་པའི
འཕྲིན་པ་ཕར་སྐུར་ཚུར་ཡོང་གི་ཙིར་སྒྲ་ཟར་ཟིར་དེས་ཀྱང
སེམས་ལྗོངས་འདིའི་ཁ་བ་དང་གནམ་གཤིས་ཀྱི་རྟེན་འབྱུང་དཀྲུགས་མེད་པའི་ངེས་པ་ག་ལ་ཡོད
དེ་བས                 དེ་བས
ཁ་བས་བདག་གི་སྙན་ངག་ཁུར་ནས་འབབ་ཚུལ་དེ་རབ་རིབ་རབ་རིབ་ཀྱིས་གཟིམ་མི་འགྲོ་ག་ལ་སྲིད

དགུན་ལྗོངས་ཡཱ
ཁྱེད་ཀྱི་ཡང་བཅུད་དུ་འཁྲུངས་པའི་ཁ་བ་དཀར་མོས
ནམ་ཞིག་ལ
བདག་གི་བྲོ་བཅུད་འཛོམས་པའི་སྙན་ངག་ཁུར་ནས
ཡང་བསྐྱར་ཐེངས་ཤིག་ལ
སྤྲིན་པ་ལང་ལོང་གི་གསེབ་ནས་གར་སྟབས་ཀྱིས་འབབ་པར
མིག་ཟུང་རིག་རིག་གིས་བལྟས་ཡོད་ཨང 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།