ཕ་ཡུལ་གྱི་གཙང་བོ་དྲན་ཚུལ།


ཕར་ལ་བཏེགས་པའི་སེམས་པ་དེ
།།

རླུང་དང་སེར་བུས་བཅོམ་ནས་ཐལ །།

ལག་པས་སྐྱོར་བའི་སེམས་པ་འདི །།

ག་པར་འཇོག་དགོས་འཕྱང་མོ་ཉུག

 

རླུང་བུའི་ངོ་གདོང་བཙན་པོ་འདིས །།

ཤ་རུས་སྒྲོམ་བུ་གཏོར་ནས་ཐལ །།

སློག་པ་མཐུག་པོའི་ཡོལ་བ་ལ

སེམས་པ་བརླན་ནས་གང་དུ་འགྲོ

 

དུས་རླུང་བསེར་བུ་ལྡང་ཙ་ན །།

རྒོད་པོའི་གཤོག་པ་བཏེགས་ནས་ཐལ །།

ནམ་མཁའ་སྔོན་པོའི་ལྡང་ཁང་དུ །།

ཚེ་སྲོག་དམར་བོ་འབེན་དུ་བཙུགས །།

 

ཁེར་རྐྱང་བུ་ཡི་མཐའ་འཁོར་ན །། 

སྦྲང་མའི་ཚོགས་ཀྱིས་བསྐོར་ཞིང་འཁོར །།

ལྷིང་འཇགས་དཀྲོགས་པའི་སུན་སྣང་ཞིག

སེམས་པ་དམར་བོའི་གསེབ་ཏུ་ཟུག

 

ཀི་རིང་བཏབ་པའི་རྗེས་ཤུལ་དུ །།

དམར་བོ་ཁྲག་གིས་མཆོད་པ་ཞིག

གསང་བའི་ངང་ལས་རྒོལ་བ་ན །།

ཕ་ཡུལ་ཕྱོགས་ཀྱི་སེམས་པ་བོར །།

 

ཆུང་མའི་གདོང་གི་དཀར་ནག་ལས །། 

འཇིག་རྟེན་སྣང་བར་ཞེན་པ་ལོག

བརྩེ་བའི་མདུད་རྒྱ་གྲོལ་བའི་གཉེན །། 

སེམས་ཀྱི་རྨུ་ཐག་གཅིག་པོར་སྦྲེལ །།

 

རྨ་རྒྱལ་སྤོམ་རིའི་སྲོག་གི་གཉེན །།

རྒྱུས་མེད་ས་མཐའ་འགྲིམས་ནས་ཐལ །།

ཁེར་རྐྱང་ལོ་ཟླའི་གསེབ་ཅིག་ན །།

 

མགྲིན་པའི་གད་རྒྱངས་རི་ལ་བཞག

རླུང་གི་རེག་བྱ་ཚོར་བའི་ཉིན །།

 ལུས་ཀྱིས་འདར་སིག་ཐེངས་འགར་མྱོང་ །།

བདེ་མོའི་ཐང་གི་རྨི་ལམ་དེ །།  

འཇའ་བཞིན་གར་སོང་འཕྱང་མོ་ཉུག

 

ཆུང་མའི་རུམ་ཁ་དྲོན་པོ་ན །།  

བརྩེ་བའི་མདུད་རྒྱ་དམ་གྱིས་འཁྱིལ །།
གཉིས་སྦྱོར་ལས་ཀྱི་མྱོང་བྱང་ཞིག  

བརྗེད་མེད་སེམས་ཀྱི་གཤིས་སུ་བསྐྲུན །།

     ༢༠༠༧ ༨ཉིན་རྨ་ཆུ་རུ་བྲིས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་གཙང་བོ་དྲན་ཚུལ།

2010-01-17 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།


ཕར་ལ་བཏེགས་པའི་སེམས་པ་དེ
།།

རླུང་དང་སེར་བུས་བཅོམ་ནས་ཐལ །།

ལག་པས་སྐྱོར་བའི་སེམས་པ་འདི །།

ག་པར་འཇོག་དགོས་འཕྱང་མོ་ཉུག

 

རླུང་བུའི་ངོ་གདོང་བཙན་པོ་འདིས །།

ཤ་རུས་སྒྲོམ་བུ་གཏོར་ནས་ཐལ །།

སློག་པ་མཐུག་པོའི་ཡོལ་བ་ལ

སེམས་པ་བརླན་ནས་གང་དུ་འགྲོ

 

དུས་རླུང་བསེར་བུ་ལྡང་ཙ་ན །།

རྒོད་པོའི་གཤོག་པ་བཏེགས་ནས་ཐལ །།

ནམ་མཁའ་སྔོན་པོའི་ལྡང་ཁང་དུ །།

ཚེ་སྲོག་དམར་བོ་འབེན་དུ་བཙུགས །།

 

ཁེར་རྐྱང་བུ་ཡི་མཐའ་འཁོར་ན །། 

སྦྲང་མའི་ཚོགས་ཀྱིས་བསྐོར་ཞིང་འཁོར །།

ལྷིང་འཇགས་དཀྲོགས་པའི་སུན་སྣང་ཞིག

སེམས་པ་དམར་བོའི་གསེབ་ཏུ་ཟུག

 

ཀི་རིང་བཏབ་པའི་རྗེས་ཤུལ་དུ །།

དམར་བོ་ཁྲག་གིས་མཆོད་པ་ཞིག

གསང་བའི་ངང་ལས་རྒོལ་བ་ན །།

ཕ་ཡུལ་ཕྱོགས་ཀྱི་སེམས་པ་བོར །།

 

ཆུང་མའི་གདོང་གི་དཀར་ནག་ལས །། 

འཇིག་རྟེན་སྣང་བར་ཞེན་པ་ལོག

བརྩེ་བའི་མདུད་རྒྱ་གྲོལ་བའི་གཉེན །། 

སེམས་ཀྱི་རྨུ་ཐག་གཅིག་པོར་སྦྲེལ །།

 

རྨ་རྒྱལ་སྤོམ་རིའི་སྲོག་གི་གཉེན །།

རྒྱུས་མེད་ས་མཐའ་འགྲིམས་ནས་ཐལ །།

ཁེར་རྐྱང་ལོ་ཟླའི་གསེབ་ཅིག་ན །།

 

མགྲིན་པའི་གད་རྒྱངས་རི་ལ་བཞག

རླུང་གི་རེག་བྱ་ཚོར་བའི་ཉིན །།

 ལུས་ཀྱིས་འདར་སིག་ཐེངས་འགར་མྱོང་ །།

བདེ་མོའི་ཐང་གི་རྨི་ལམ་དེ །།  

འཇའ་བཞིན་གར་སོང་འཕྱང་མོ་ཉུག

 

ཆུང་མའི་རུམ་ཁ་དྲོན་པོ་ན །།  

བརྩེ་བའི་མདུད་རྒྱ་དམ་གྱིས་འཁྱིལ །།
གཉིས་སྦྱོར་ལས་ཀྱི་མྱོང་བྱང་ཞིག  

བརྗེད་མེད་སེམས་ཀྱི་གཤིས་སུ་བསྐྲུན །།

     ༢༠༠༧ ༨ཉིན་རྨ་ཆུ་རུ་བྲིས

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།