གསལ་སྒྲིབ།

གྲོགས་པོ་ཞིག་གི་འདས་རྐྱེན་ལ་བྲིས།

ཁོ་བོར་བརྩེ་བ་མེད་པའི་རི་བོ་དག   འགྱེལ་བར་ཆུགས

ཁོ་བོར་སུན་སྣང་མོད་པའི་ཉིན་མཚན་དག    བཞུད་དུ་ཆུགས

འོན་ཀྱང    ཁོ་བོར་དུངས་པ་ཟབ་པའི་རྣམ་ཤེས་དེ་ཕྱིར་འཁྲིད་ཤོག

ང་ཡི་ལྷ་ཆེན     ང་ཡི་གཤིན་རྗེ་ཨང

 

བར་ཆད་འདི    སྒྱུ་འཕྲུལ་གྱི་རོལ་རྩེད་ཅིག་ཡིན་ཡང་སྲིད་ལ

ཚེ་སྲོག་གི་སྒོ་ཡོལ་ནག་པོ་གཏན་དུ་བརྒྱབ་ཀྱང་སྲིད

 

གང་ལྟར   ད་ནི་ལོ་མ་ཆུང་ཆུང་ཞིག་ཆུ་ཁར་གཡེང་བའི་ཀོ་གྲུ་བཞིན

གཙང་བོའི་ཕ་རོལ་ལ་བདེ་བླག་ངང་བགྲོད་ཐུབ་པར་ཤོག

གཙང་འགྲམ་གྱི་རྩྭ་ཕྲན་དང་བྱ་ཁྱུ་དག

ཁྱེད་ཀྱི་ཚེ་སྲོག་གི་འགྲུལ་བཞུད་ལ་འཁྲེང་ནས

སྨྲ་བ་མེད་པར   སུས་ཀྱང་མཐོང་རེག་མེད་པའི་རྒྱང་རིང་རྒྱང་རིང་ནས

ཁྱེད་རང    ཡང་བསྐྱར

རྒྱ་མཚོའི་མཐའ་ཡི་ཉི་གཞོན་བཞིན་འཆར་བར་སྨོན་པའི་ས་བོན་སྟོར

 

ང་ཡི་ཀོ་གྲུ    ང་ཡི་ཉི་གཞོན་དང་གཙང་བོ་ཨང

2010213ཉིན།  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསལ་སྒྲིབ།

2010-04-29 ས་དཀྱིལ་ཚེ་བཀྲ། ཀློག་གྲངས། མཆན ཡོད།

གྲོགས་པོ་ཞིག་གི་འདས་རྐྱེན་ལ་བྲིས།

ཁོ་བོར་བརྩེ་བ་མེད་པའི་རི་བོ་དག   འགྱེལ་བར་ཆུགས

ཁོ་བོར་སུན་སྣང་མོད་པའི་ཉིན་མཚན་དག    བཞུད་དུ་ཆུགས

འོན་ཀྱང    ཁོ་བོར་དུངས་པ་ཟབ་པའི་རྣམ་ཤེས་དེ་ཕྱིར་འཁྲིད་ཤོག

ང་ཡི་ལྷ་ཆེན     ང་ཡི་གཤིན་རྗེ་ཨང

 

བར་ཆད་འདི    སྒྱུ་འཕྲུལ་གྱི་རོལ་རྩེད་ཅིག་ཡིན་ཡང་སྲིད་ལ

ཚེ་སྲོག་གི་སྒོ་ཡོལ་ནག་པོ་གཏན་དུ་བརྒྱབ་ཀྱང་སྲིད

 

གང་ལྟར   ད་ནི་ལོ་མ་ཆུང་ཆུང་ཞིག་ཆུ་ཁར་གཡེང་བའི་ཀོ་གྲུ་བཞིན

གཙང་བོའི་ཕ་རོལ་ལ་བདེ་བླག་ངང་བགྲོད་ཐུབ་པར་ཤོག

གཙང་འགྲམ་གྱི་རྩྭ་ཕྲན་དང་བྱ་ཁྱུ་དག

ཁྱེད་ཀྱི་ཚེ་སྲོག་གི་འགྲུལ་བཞུད་ལ་འཁྲེང་ནས

སྨྲ་བ་མེད་པར   སུས་ཀྱང་མཐོང་རེག་མེད་པའི་རྒྱང་རིང་རྒྱང་རིང་ནས

ཁྱེད་རང    ཡང་བསྐྱར

རྒྱ་མཚོའི་མཐའ་ཡི་ཉི་གཞོན་བཞིན་འཆར་བར་སྨོན་པའི་ས་བོན་སྟོར

 

ང་ཡི་ཀོ་གྲུ    ང་ཡི་ཉི་གཞོན་དང་གཙང་བོ་ཨང

2010213ཉིན།  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།